རྩོམ་བྲིས་བློ་ཁ་ལ་བཀག་འགོག་མ་བྱེད།

  སྤྱིར་དྲ་ཐོག་རིག་གནས་ནི་མི་བུ་དག་ལ་དཔེ་ཀློག་དང་རྩོམ་བྲི་ཐད་སོ་ལ་སྟབས་བདེ་བཟོ་པ་ཡིན་རབ་ཀྱི་བཤད་ཚུལ་དང་འབྲི་ཚུལ།བསྒྲགས་ཚུལ་མང་པོ་ལུང་བ་གང་འདྲ་རེ་ཡོད་མོད། དེ་རིང་ཁ་སང་གི་དྲ་ལམ་དག་ནི་དེ་འདྲ་ཞིག་མ་ཡིན་པར། ཁ་ར་ཁ་ཐག་གི་གཅོད་མཚམས་ཆེན་པོ་ཞིག་ལ་གྱུར་གྱིན་འདུག་པའི་ཚབས་ཆེན་རིང་ལུགས་འདི་བསམ་ན། བོད་ཀྱི་དྲ་ཚུགས་གང་མང་མང་ཞིག་དྲ་བདག་ཁོ་བ་རང་ཉིད་ཀྱི་ཁྱིམ་ཚང་ཞིག་ལ་ལོབ་ཀི་འདུག་པ་འདྲ། རྒྱུ་མཚན་ཁོང་ཅག་གིས་གང་བསམ་གང་འདོད་ཀི་གདམ་བཀོད་དག་སྒྲིག་གི་རྒྱབ་ལྗོངས་ལས་གསལ་བར་འཆར་བའི་བློ་ཡི་རྟོག་པ་ནི་འགོག་ཐབས་བྲལ་བ་ཞིག་ཡིན་པས། སྐད་ཆར་སྣེ་དང་ཚིག་ལ་རྩེ་མེད་རུང་། ཁྱེད་ཅག་གི་དབང་ཆ་རས་རྐྱང་འདྲ་མོ་ཕྱི་ཕུག་ནང་ཕུག་བྱེད་པའི་ཕོ་ཚོད་ཐེ་ཚོམ་མེད་པ་ཞིག་ཡོད་དོ།
  དེ་བས། དེང་རབས་རྒྱུག་ཆེ་བའི་སྐད་ཆ་༼གཅིག་ལ་གཅིག་མཐུན༽གྱི་སྒྲ་གདངས་ཀློང་ནས་དྲ་གནས་རྩོམ་སྒྲིག་པས་རྩོམ་པ་བོའི་དགའ་ཞེནཆགས་སྡང་གི་ཐ་སྙད་དག་ལ་ཅུང་གུ་ཡང་རེ་བཏང་ན། བོད་ཀྱི་རྩོམ་རིག་གླེང་སྟེགས་འདི་ལ་སྒེར་ཚུགས་ཀྱི་གྲུབ་མཐའ་ལེགས་ཤོས་རེ་ཟུང་མི་འབུད་པའི་ངེས་པ་ནི་ཁྱོན་ནས་ཡོད་པ་མ་རེད་ལ། ཡང་གཅིག་བཤད་ན་༼མིའི་བློ་རིག་གིས་བྱ་བ་གང་ལའང་ཧ་ལས་དགོས་པའི་གསར་གཏོད་བྱ་ཐུབ་པའི་ཆ༽ནས། ནང་སེམས་ཀྱི་འདུ་ཤེས་ནས་ཕྱི་ལུས་ཀྱི་མྱོང་སྟོབས་བར་དུ། གུ་ཡང་རིང་ལུགས་ཀྱི་ཞིང་ས་རུ་འཆར་ཡན་གྱི་སྨོན་པ་གཏོང་བའི་ཤེས་རབ་ཀྱི་ཚོར་ཤུགས་ཤུན་ཏུ་ནས་མཆོག་ལ་བརྩི་དགོས་པ་རེད།
གཞན་ད་རུང་ནང་སེམས་ན་ན་ཟུག་རྟ་རྒོད་རྒྱུག་རྒྱུག་འདྲ་བྱེད་ཀྱི་ཡོད་པ་དེ་ནི། གཙོ་བོ་རྩོམ་བྲི་བ་བོ་དག་ལ་སྐུལ་འདེད་ཀྱི་ཚིག་དང་སེམས་གཏམ་གྱི་སྒོ་མོ་ཡོངས་སུ་ཕྱེ་ཐུབ་རྒྱུ་ནི་ཁྱེད་ཅག་གི་བཟོད་སྒོམ་ཐེངས་གཅིག་ཡིན་ལ།  ཁྱེད་ཅག་གི་རྒྱལ་ཁ་ཐེངས་གཅིག་ཀྱང་ཅི་ལ་མིན་རྒྱུ།  མ་ཟད་རྩོམ་རིག་རིག་གནས་ཀྱི་མཁའ་དབུག་ལ་གཙང་སྤྲས་ཡག་ཤོས་ཤིག་བྱས་པ་དེའང་མིན་ནམ། འདི་དག་ངོ་མ་༼སངས་རྒྱས་ལ་ཀ་ཁ་༽རེད་མོད། མི་བུ་རང་གི་དུངས་ཞེན་གྱི་ལན་པས། བསྐྱར་དུ་བཤད་ཁུལ་འདྲ་བྱས་པ་མ་ཡིན་ནམ། 
  ལར་ཁོ་བོ་རང་སྒེར་གྱི་བསམ་ཕྱོགས་ལ་བབས་ནས་བཤད་རུང་། འཚོ་བའི་ངོ་གདོང་གི་མདངས་དང་དབྱིབས་ནི་ཚོར་བས་ཕྲིས་ཤིང་། ཚོར་བའི་སྟོབས་ཞན་གྱིས་ད་གཟོད་བདེན་པ་ལྕགས་ལ་བརྡར་ཐུབ་ཅིང་། གནས་ལུགས་བྲག་ལ་གཏད་ཐུབ་པ་ཞིག་མ་རེད་པས། དེ་དང་གན་ལ་སྦྲེལ་བའི་བློ་ཁོག་སྐམ་པོའི་ཡིག་ཕྲེང་གི་དྭངས་གཤིས་དེ་ཡང་མ་གསེང་མ་སྦས་པར་བྲིས་པ་ལ་བསམ་བློ་རེ་གཏོང་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་རེད་དོ།
                                                                            སྤྱི་ལོ་༢༠༡༣ལོའི་ཟླ་བ་༣་པའི་ཚེས་༩ཉིན་ནུབ་བྱང་མི་རིགས་སློབ་གླིང་གི་མིག་ནང་ནས་བྲིས་སོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་བྲིས་བློ་ཁ་ལ་བཀག་འགོག་མ་བྱེད།

2013-03-30 རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།