ལྷ་ཁོ་སྒྲོལ་མར་སྤྲིངས་པའི་འཕྲིན།

  སེམས་སོང་ལགས། ངའི་སེམས་ཀྱི་ཟབ་ས་ནས་ཁྱེད་རང་མི་འདོད་བཞིན་གནས་ལ་བརྫངས་བའི་ཉིན་མོ་ནས།ངའི་ཡ་ཆུང་སྙིང་གི་ཁུག་སོ་ན་ཧ་ཅང་ལྗིད་དྲག་པའི་ནད་གཞི་ཞིག་གིས་མནར་སོང་ལ།དེ་ནས་བཟུང་རྒྱ་མཚོའི་གླིང་ཕྲན་སྟེང་གཅིག་པུར་ལུས་པའི་མི་བུ་དེ་ལས་ཀྱང་སྐྱོ་བའི་ང་།
  ངའི་ཡོད་ཚད་ཤོར་བའི་སེམས་པ་དེ་ཇི་འདྲའི་སྐྱོ་ཨང་།འཚམས་རེ་རེས་རང་གིས་རང་ལ་ལེ་བདའ་བྱེད་བཞིན།ཁྱེད་རང་གིས་ཅིའི་ཕྱིར་ཁོ་མོ་ཁྲིད་ནས་ས་ཆ་གཞན་ཞིག་ལ་མི་འབྲོ་འམ་ཞེས་པའི་དྲི་ཚིགས་བཀོད་མྱོང་ལ།
མཚམས་རེ་རང་ཉིད་ཀྱི་ཆུང་མ་ཡང་མི་དབང་བའི་སྐྱེས་བུ་ཐབས་ཆག་དེ་རེད་བསམ་ན།རང་གིས་སྙིང་ལ་རང་གིས་སྤར་ཤད་ཀྱང་བྱེད་དགོས་བྱུང་།།
  མཚམས་ལན་རེར་ཁྱེད་ཀྱི་ཕ་མས་བཙལ་བའི་ཆོ་ག་དེ་དང་མཉམ་ཁྱོད་ཤི་ང་གསོན་གྱི་འཛིང་རེས་ཅིག་བྱེད་དགོས་བསམ་མྱོང་།
  ད་དུང་མཚམས་རེར་གསོན་པ་ལས་ཤི་ན་དགའ་བསམ་བློ་ཡང་སྐྱེ་མྱོང་།ཡིན་ཡང་ངའི་བསམ་གཞིགས་དེ་དག་གདོང་གིས་བསུ་ནས་དེ་དག་གཅིག་ཀྱང་དང་ལེན་བྱས་མེད།
  སྡུག་བསྔལ་ཡོད་ཚད་ཁོང་དུ་སྦས་ནས།རྨ་ཁའི་མིག་ཆུ་རུམ་དུ་ཉར་ནས་ཁྱེད་མེད་པའི་སྡེ་ཆེན་འདི་ནས་འདུག་འདོད་མེད་པར་མི་ཡུལ་གྱི་ས་མཐའི་གནས་ཡུལ་འགྲིམས་རྒྱུ་ཐག་གིས་བཅད་པ་ཡིན་སེམས་སོང་ལགས། མ་ཐུག་པའི་ལོ་ཟླ་འདི་དག་ལ་མི་ཡུལ་ས་མཐའི་ཁ་ཐག་རིང་ཡང་ངའི་ཁྱེད་ཀྱི་མི་ཚེའི་ལམ་བུ་ལ་རྣ་བའི་ཉན།མིག་གིས་འཚོས་ནས་བསྡད་ཡོད། སེམས་སོང་ལགས།གལ་སྲིད་ངའི་དེ་དག་ཁྲོད་ཀྱི་གཅིག་གི་ལམ་ཁ་ལ་ཕྱིན་ཚར་ན་གཅིག་བྱས་ན་ད་ལྟ་ང་འཇིག་རྟེན་འདིར་མེད་སྲིད་ལ།  དེ་རིང་འདི་ལྟར་ངའི་སྙིང་གཏམ་ཚིག་གསུམ་གྱི་ཤོག་ལྷེ་འདི་ཡང་ཁྱེད་ཀྱི་ཀློག་ག་ལ་ཐུབ།ངའི་སྔ་གཞུག་ཀུན་ལ་འདང་ཞིབ་བརྒྱབ་ནས། མི་ཡུལ་འདིར་མཉམ་ཏུ་འདུག་པའི་སྐལ་བས་དབེན་ཀྱང་།འཇིག་རྟེན་གསོན་ངོགས་འདིར་བསྡད་ན་ཕན་ཚུན་ཐུག་པའི་སྐལ་བ་རེ་ཨེ་ཡོད་བསམ་པའི་སེམས་ཀྱི་ཚོར་བ་ཟབ་མོས་ང་བར་དུ་འདི་ལྟར་བཅིངས་ངའི་སེམས་སོང་ལགས། ངའི་གོ་ཐོས་ལྟར་ན་ད་ནི་ཕ་མའི་ཕྱིན་པའི་ཁྱོད་ཀྱི་ཆོ་ག་དེ་ཡང་དེ་འདྲའི་མི་གཤིས་ངན་པ་ཞིག་མིན་པ་ངའི་གོ་སོང་ལ།  ཁོང་གིས་ཀྱང་ཁྱེད་ལ་གང་དགའ་གང་སྐྱིད་ཀྱིས་བརྩེ་བ་གསོན་པོ་ཞིག་སྤྲོད་བཞིན་པ་གོ་དུས།ང་ནི་སྔར་ལས་སེམས་པ་བདེ་སྐྱིད་ཀྱིས་ཁེངས་ཡོད། ངའི་སེམས་སོང་ལགས།།ད་ནི་ཁྱེད་ལ་ངེད་གཉིས་ཀྱི་བྱིས་པས་མ་ཚད་བྱིས་པ་གཞན་གསུམ་གྱི་ཨ་མ་ཡང་ཆགས་འདུག་པ་གོ་དུས། ང་ལ་ཇི་འདྲའི་ཚོར་སྣང་སྐྱིད་པོ་ཞིག་མི་འདུག་གམ།ངས་བསམ་ན་ད་ནི་ཁྱེད་ཀྱི་སྐྱེ་གཟུགས་སྨྱུག་མ་འདྲ་བོ་ཡང་ཅུང་གུག་བཞིན་ཡོད་པའི་སྣང་བ་འདུག་ལ།
  ཁྱེད་ཀྱི་མཛེས་པའི་ཞལ་རས་ཀྱི་མཛེས་ཉམས་ལ་ཡང་གཉེར་མ་རེ་ཟུང་ཡོད་པའི་སྣང་བ་སྟེར།། སེམས་སོང་ལགས།
  མཚམས་འདི་ནས་ངའི་ལོ་རྒྱུས་ཐུང་ཙམ་ཡང་ཁྱེད་ལ་བཤད་འདོད་བྱུང་།ངེད་ཀྱིས་ཀྱང་སྐད་ཡིག་དང་ཤ་མདོག་མི་གཅིག་པའི་རྒྱལ་ཁབ་ཡོ་རོབ་གླིང་གི་བུ་མོ་ཞིག་དང་མཉམ་ཏུ་བཟའ་སྒྲིག་བྱས་ཚར་ཡོད་ལ། ངའི་བཟའ་ཟླ་ཁོ་མོ་ཡང་བོད་ཀྱི་ནང་ཆོས་ཉམས་ལེན་བྱེད་མཁན་ཞིག་་ཡིན་ལ།ཁྱེད་འདྲ་བའི་འབྲོག་མོའི་རང་གཤིས་རྣལ་མ་དེ་མ་མཆིས་ཀྱང་། བོད་མིའི་རང་བཞིན་གྱི་གོམས་གཤིས་གང་འཚམས་ཁོང་གི་རྒྱུད་ལ་འདུག་པས།ངའི་ཁྱིམ་ཚང་ཡང་ཧ་ཅང་གི་དགའ་དགའ་སྤྲོ་སྤྲོ་ངང་གནས་ཡོད།
འདི་ནི་ངའི་ཁྱེད་ལ་ཕུལ་ཆོག་པའི་ངའི་སེམས་གཏིང་གི་ངའི་ལོ་རྒྱུས་ཚིག་གསུམ་ཡིན།སེམས་སོང་ལགས། མི་ཚེའི་རྒྱུད་རིམ་ནི་དགའ་སྐྱོ་འདྲ་མིན་ཡོང་སྲིད་པ་ངའི་གཞི་ནས་ཤེས་ཡོད་ལ།ཁྱེད་དང་ང་ལ་མཚོན་ན་འདི་འདྲའི་གནས་སྟངས་ཀྱི་འོག་ནས་འདི་ལྟར་གྱེས་ཀྱང་། མི་ཡུལ་འདིར་མ་བྲལ་བའི་བར་དུ་ཁྱེད་དང་ངེད་གཉིས་ཀྱི་བརྕེ་དུང་ལ་ནམ་ཡང་བརྗེད་པ་མེད། ངའི་སེམས་སོང་ལགས། དེ་རིང་ང་ཡོད་སའི་ས་ཆ་འདིར་ཁ་བ་ལྷབ་ལྷབ་དུ་འབབས་བཞིན་པས་།ངའི་ངེད་གཉིས་མཉམ་ཏུ་ཡོད་པའི་དགུན་དུས་ཀྱི་མཚན་མོ་ཞིག་དྲན་སོས་སོང་ལགས། ད་དུང་སེམས་ན་བརྗོད་མི་ཚར་བའི་གཏམ་རྒྱུད་གང་མང་མཆིས་ཀྱང་།ད་ནི་ངའི་འདི་ནས་འབྲི་མཚམས་འཇོག་གི་ཡིན་སེམས་སོང་ལགས། ཁ་དྲོ་བཀྲ་ཤིས།།
                                      ༢༠༡༢་༡༢་༣་ཉིན་རང་ཤག་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ཁོ་སྒྲོལ་མར་སྤྲིངས་པའི་འཕྲིན།

2013-01-11 སོག་མདའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།