ཤེས་ཡོན་གྱི་གོ་དོན་གང་ཡིན་ནམ།

  ངའི་ཨ་མས་ང་རང་ཆུང་བྱིས་པའི་དུས་སྐབས་ནས་བཟུང་མ་འོངས་པར་ཤེས་ཡོན་ཅན་ཞིག་བྱེད་དགོས་ཞེས་སྐུལ་མ་ཡང་ཡང་བཏང་བྱུང་། དེར་བརྟེན་ཤེས་ཡོན་ཞེས་པའི་ཐ་སྙད་དེ་ངའི་རྣ་བར་ཡང་ཡང་ཐོས་མྱོང་བ་ཞིག་ཡིན། ཐ་སྙད་དེས་ངའི་བྱིས་དུས་ཀྱི་རང་དབང་མང་པོ་ཞིག་འཕྲོག་མྱོང་བས་ང་རང་ལ་མཚོན་ན་ཐ་སྙད་དེར་དགའ་པོ་དེ་ཙམ་མེད། ཕ་མས་ཤེས་ཡོན་ཅན་ཞིག་ཏུ་འགྱུར་རྒྱུར་སྐུལ་འདེད་བཏང་བའི་དུས་དེ་ནས་བཟུང་ངས་མཁས་པ་མང་པོས་ཤེས་ཡོན་ཅན་ཞིག་ཏུ་འགྱུར་འདོད་པ་རྣམས་ཀྱིས་ངེས་པར་བསླབ་དགོས་པར་ངོས་འཛིན་བྱས་ཏེ་གཏན་ལ་ཕབ་ཟིན་པའི་ཤེས་བྱའི་རྣམ་གྲངས་འགའ་ཞིག་ལ་སློབ་གཉེར་བྱེད་འགོ་བཙུགས་པ་ཡིན། དཔེ་དེབ་ཀྱི་ར་བའི་ནང་དུ་ཡོད་པའི་ཤེས་བྱའི་སློབ་གཉེར་ཁྲོད་མགོ་བོ་འཁོར་ནས་ལོ་དུས་གང་ཙམ་འདས་རྗེས་ངས་རང་ཉིད་ཤེས་ཡོན་ཅན་ཏུ་གྱུར་བའི་སྤྲོ་སྣང་འཕེལ་ཞིང་སྤོབས་པ་ཐོབ་བྱུང་། འོན་ཀྱང་ང་རང་ཤེས་ཡོན་ཅན་དུ་གྱུར་བའི་སྤྲོ་སྣང་དང་སྤོབས་པ་དེ་དུས་ཐུང་ནང་འོ་ཁོལ་ལ་ཆུ་བླུག་པ་བཞིན་ཞི་འཇམ་དུ་གྱུར་སོང་། ངའི་ཤེས་ཡོན་གྱི་སྤོབས་པ་དེ་གློ་བུར་དུ་མེད་པར་གྱུར་དོན་གང་ཡིན་ནམ། དེ་ནི་དེང་སྐབས་ངས་ཤེས་ཡོན་གྱི་གོ་དོན་གང་ཡིན་ནམ་ཞེས་པའི་དྲི་བ་འདིའི་ལན་འཚོལ་བའི་བརྒྱུད་རིམ་ཁྲོད་དུ་བོར་རླག་ཤོར་བ་རེད། ངས་ཤེས་ཡོན་གྱི་གོ་དོན་འཚོལ་བའི་བརྒྱུད་རིམ་ཁྲོད་ནས་རང་ཉིད་ཤེས་ཡོན་ཅན་ཞིག་མིན་པར་ངེས་ཤེས་རྙེད་ཐུབ་པ་བྱུང་།
  སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནས་མི་ཤེས་པ་ནི་སྡུག་བསྔལ་ལོ། ཞེས་སྡོམ་ཚིག་བཀོད་ཡོད། དེས་ན་དོན་དམ་པའི་ཤེས་ཡོན་ཅན་ནི་ཤེས་བྱའི་གནས་མཐའ་དག་ལ་མི་རྨོངས་པ་ཞིག་ལ་ངོས་འཛིན་གནང་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསར་གཏོད་གནང་བའི་ཤེས་ཡོན་གྱི་ལམ་ལུགས་ནི་འགྲོ་བ་མི་རྣམས་ཀྱིས་རང་གི་ཆོས་རབ་ཏུ་འབྱེད་པའི་ཤེས་རབ་ལ་བརྟེན་ནས་རང་རྒྱུད་ཀྱི་མི་ཤེས་རྨོངས་པའི་ཆ་ཡོངས་སུ་བསལ་ཏེ་ཤེས་བྱ་མཐའ་དག་ལ་བློ་གྲོས་རྒྱས་པ་བྱེད་རྒྱུ་དེ་རེད། དེའི་གོ་དོན་ནི་བཅིངས་པ་མཐའ་དག་ལས་གྲོལ་བའི་རང་དབང་ངོ་མ་ཐོབ་པ་བྱ་རྒྱུ་དེ་ཡིན། ཤེས་ཡོན་གྱི་ངོས་འཛིན་འདི་ནི་དུས་རབས་མང་པོའི་རིང་གླིང་ཆེན་ཨེ་ཤ་ཡའི་ནང་གི་ཤེས་ཡོན་ངོས་འཛིན་གྱི་གཞི་རྟེན་དུ་གྱུར་ཡོད་སྙམ། སྟོན་པ་ཡེ་ཤུ་མ་བྱོན་པའི་ལོ་བཞི་བརྒྱ་ལྷག་གི་ཡར་སྔོན་དུ་འཁྲུངས་པ་ནུབ་ཕྱོགས་པའི་རིག་གཞུང་གི་མེས་པོ་པེ་ལེ་ཊོ་(Plato)ཡིས་སློབ་སྦྱོང་གི་དམིགས་ཡུལ་ནི་མཐོ་རིམ་མི་སྣས་གསུངས་པ་ཇི་བཞིན་རྟོག་ཞིབ་མེད་པར་གཞན་ཟེར་གཡམ་རྒྱུགས་དང་རྨོངས་བཀུར་བྱེད་རྒྱུ་མེད་པ་དེ་ཡིན་པར་གསུངས་ཡོད། ཤེས་ཡོན་གྱི་ངོས་འཛིན་འདིས་ཀྱང་དུས་རབས་མང་པོའི་རིང་ནུབ་ཕྱོགས་པའི་ཤེས་ཡོན་གྱི་གཞི་རྟེན་བྱས་ཡོད་པ་གོར་མ་ཆག  འཇིག་རྟེན་འདིའི་ཐོག་གནའ་བོའི་ཤེས་ཡོན་གྱི་ལམ་སྲོལ་ཕལ་ཆེ་བ་ནི་རང་ཉིད་བཅིངས་པ་ལས་གྲོལ་བའི་རང་དབང་ཐོབ་པར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད་ཅིང་། དེ་ཡང་རང་གི་རྣམ་འབྱེད་ཀྱི་ཤེས་རབ་གོང་སྤེལ་བཏང་སྟེ་ཀུན་རྟོག་མཐའ་དག་ཞི་བར་བྱེད་དགོས་པར་ངོས་འཛིན་བྱས་ཡོད། འདི་ཉིད་དོན་དུ་གཉེར་བའི་ཤེས་ཡོན་གྱི་ལམ་སྲོལ་སྣ་མང་ཕུན་སུམ་ཚོགས་པོའི་ངང་དར་ཁྱབ་བྱུང་ཡོད།
  འཇིག་རྟེན་འདིའི་ནང་དེང་རབས་ཀྱི་སྤྱི་ཚོགས་དཔལ་ཡོན་(Modern Civilizaton) དར་ཁྱབ་བྱུང་འགོ་ཚུགས་པ་ནས་བཟུང་ཤེས་ཡོན་གྱི་ངོས་འཛིན་ལ་འགྱུར་བ་ཤུགས་ཆེན་བྱུང་ཡོད་པ་མི་གདོན་མི་ཟ་བ་ཞིག་རེད། ཤེས་ཡོན་ཞེས་པ་ནི་ལུས་བདེ་བསྐྲུན་ཐབས་ཤིག་ལ་ངོས་འཛིན་གྱིས་འགྲོ་བ་མིའི་རིགས་ཀྱི་སྒོ་ལྔའི་དབང་ཤེས་ཀྱི་འདོད་པ་ཡོངས་སུ་སྐོང་ཐབས་བྱས་ཏེ་དབང་ཤེས་དེ་དག་གི་སྤྱོད་ཡུལ་ཕྱིའི་འདོད་ཡོན་གྱི་ཕུན་ཚོགས་གོང་སྤེལ་གཏོང་རྒྱུར་འབད་པ་ཤུགས་ཆེན་བྱས་ཡོད། ཉེ་བའི་དུས་རབས་གཉིས་གསུམ་ཞིག་གི་རིང་ཤེས་ཡོན་གྱི་ངོས་འཛིན་བྱེས་སྟངས་འདིའི་ཐོག་ནས་ཕྱི་རོལ་རྟོག་ཞིབ་ཀྱི་ཚན་རིག་དང་འཕྲུལ་ལས་རིག་པ་དར་ཁྱབ་ཕྱིན་ཏེ་འཇིག་རྟེན་འདིར་ཕྱི་དངོས་པོའི་ཐོག་འཕོ་འགྱུར་ཤུགས་ཆེན་ཕྱིན་ཡོད། འདས་པའི་དུས་རབས་ཉི་ཤུའི་རིང་ཕྱི་མིག་ལྟ་སྐབས་ཤེས་ཡོན་ངོས་འཛིན་གྱི་དབྱེ་མཚམས་ཆེན་པོ་འདི་གཉིས་ཀྱི་ཐོག་ནས་གནའ་དེང་གཉིས་སུ་བགོས་ཏེ་བསམ་གཞིག་བྱས་ཆོག
  དུས་རབས་ཉི་ཤུ་པ་འདིའི་ནང་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་དཔལ་ཡོན་གསར་བརྗེའི་ལས་འགུལ་ཉིན་རེ་བཞིན་མྱུར་ཚད་མགྱོགས་པོས་ཁྱབ་བཞིན་ཡོད་པའི་དུས་སྐབས་སུ་རྒྱ་གར་གྱི་མེས་པོ་དམ་པ་བདག་ཉིད་ཆེན་པོ་གྷན་དྷི་(Gandhi) མཆོག་གིས་དཔལ་ཡོན་གསར་བརྗེ་དེར་མོས་མཐུན་མ་གནང་བར་དེང་རབས་སྤྱི་ཚོགས་དཔལ་ཡོན་གྱི་ཁ་གཏད་དུ་ལངས་ཏེ་ཧིནྡསྭརཱཇ་(HindiSwaraj)ཞེས་པའི་བསྟན་བཅོས་བརྩམས་ཤིང་བཟོ་ལས་གསར་བརྗེའི་ལས་འགུལ་ལ་དགག་པ་ཐ་གཅིག་ཏུ་གནང་ཡོད། བསྟན་བཅོས་དེའི་ནང་སྤྱི་ཚོགས་ཀྱི་དཔལ་ཡོན་དེའི་ངོས་འཛིན་ངོ་མ་ནི་ཕྱི་རོལ་འཚོལ་སྒྲུབ་དང་ལུས་ཀྱི་བདེ་བ་ལ་དོན་དང་ལྡན་པའམ་སྐྱེས་བུའི་དོན་ལ་བརྩི་བ་དེ་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་དེ་ལ་བརྟེན་ནས་དབྱིན་ཇིའི་མང་ཚོགས་རུལ་ཞིང་། དེས་གཞན་བཅོམ་པ་ཙམ་དུ་མ་ཟད། རང་ཉིད་ཀྱང་འཇིག་ངེས་ཡིན་པ་གསུངས་ཡོད། བསྟན་བཅོས་དེའི་ནང་ཤེས་ཡོན་གྱི་ངོས་འཛིན་འདི་འདྲ་ཤིག་གནང་ཡོད་དེ་ཤེས་ཡོན་གྱི་གོ་དོན་སྤྱིར་བཏང་བ་ནི་ཡིག་འབྲུ་ཤེས་པ་ཙམ་ལ་ཟེར། འབྲི་ཀློག་རྩིས་གསུམ་སློབ་རྒྱུ་ལ་གཞི་རིམ་མམ་ཐོག་མའི་སློབ་སྦྱོང་ཟེར། ཞིང་པ་ཞིག་གིས་དྲང་པོའི་ཐོག་ནས་ཞིང་ལས་བྱས་ཏེ་རང་གི་འཚོ་བ་སྐྱེལ་ཞིང་། ཁོ་པས་འཇིག་རྟེན་པའི་འགྲོ་སྟངས་སྤྱིར་བཏང་བ་དེ་ཤེས་པ་དང་། རང་གི་ཕ་མ་དང་། ཆུང་མ། ཕྲུ་གུ་བཅས་དང་འབྲེལ་ལམ་ཇི་ལྟར་བྱེད་དགོས་མིན། དེ་བཞིན་གྲོང་གསེབ་གང་དུ་གནས་པ་དེར་སྡོད་ལུགས་སྡོད་སྟངས་ཇི་འདྲ་དགོས་མིན་ཡག་ཐག་ཆོད་ཤེས་ཀྱི་ཡོད། ཁོས་བཟང་སྤྱོད་ཀྱི་སྤྱི་སྲོལ་རྣམས་ཤེས་པ་མ་ཟད། ལག་ལེན་ཡང་བྱེད་ཀྱི་ཡོད། འོན་ཀྱང་ཁོས་རང་གི་མིང་རྟགས་འགོད་ཤེས་ཀྱི་མེད། དེ་ལྟ་བུའི་མི་ལ་ཡིག་འབྲུ་བསླབས་ནས་གང་བྱེད་འདོད་ཡོད་དམ། ཁོའི་བདེ་སྐྱིད་ལ་ཁྱེད་རང་གིས་སྣོན་མ་བཏབ་ཐུབ་བམ། ཁོའི་སེམས་ལ་ཆོག་ཤེས་མེད་པ་ཞིག་བཟོ་འདོད་འདུག་གམ། དེ་ལྟར་བཟོ་འདོད་ཡོད་ནའང་ཁོ་ལ་ཡིག་འབྲུ་བསླབ་དགོས་དོན་མེད། ནུབ་ཕྱོགས་པའི་བསམ་བློའི་ཤེན་ཞུགས་ནས་མང་ཚོགས་ལ་ཤེས་ཡོན་སྤྲོད་དགོས་ཞེས་པའི་སྐད་ཆ་དེ་སླེབས་པ་རེད། འོན་ཀྱང་དེའི་སྐོར་ལ་ང་ཚོས་མགོ་འཇུག་གི་བསམ་བློ་ནམ་ཡང་གཏོང་གི་མེད། ཅེས་ཤེས་ཡོན་གྱི་ངོས་འཛིན་དམིགས་བསལ་བ་ཞིག་གནང་ཡོད།
  ང་ཚོས་འདི་ལས་འཕྲོས་ཏེ་གཞི་རིམ་མང་ཚོགས་ནང་འབྲི་ཀློག་རྩིས་གསུམ་གཞི་རྩར་བཟུང་བའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཆར་རྗེས་ཀྱི་ཤ་མོ་བཞིན་ཕེལ་རྒྱས་བྱུང་བའི་གཞི་རྩའི་ཕེལ་རིམ་སྐོར་ལ་བསམ་གཞིག་བྱས་ན། དེ་ནི་བཟོ་ལས་གསར་བརྗེའི་ཕེལ་རིམ་དང་འབྲེལ་བ་དམ་པོ་ཡོད། བཟོ་གྲྭ་ཆེན་པོའི་ནང་དངོས་ཟོག་མང་པོ་འགྱོགས་པོ་དང་། ཕོན་ཆེན་པོ་བཟོ་བསྐྲུན་བྱས་ཏེ་ཕྱིར་ཚོང་བྱེད་པའི་ལམ་ལུགས་དེའི་ནང་མི་མང་པོས་ངལ་རྩོལ་ནུས་ཤུགས་འདོན་དགོས་ཤིང་། བཟོ་གྲྭའི་ནང་འབྲི་ཀློག་རྩིས་གསུམ་གྱི་གཞི་རིམ་ཤེས་ཡོན་དེ་ཙམ་མེད་པ་ཚོར་ངལ་རྩོལ་ནུས་ཤུགས་འདོན་སའི་ཁོར་ཡུག་ཆུང་ཆུང་ཡིན། ལས་བཟོ་པ་དེ་ཚོར་འབྲི་ཀློག་རྩིས་གསུམ་གྱི་གཞི་རིམ་སྦྱོང་བསྡར་ཡོད་པ་ནས་རིགས་གཅིག་མཁས་པའི་བར་གྱི་ལས་བཟོ་བ་མང་པོ་དགོས་ཀྱི་ཡོད་པར་བརྟེན་བཟོ་ལས་གསར་བརྗེའི་ཁོར་ཡུག་ནང་ངལ་རྩོལ་ནུས་ཤུགས་འདོན་མཁན་གྱི་ལས་མི་མང་པོ་གསོ་སྐྱོང་ཆེད་དུ་དམིགས་པ་ཧ་ཅང་གསལ་པོ་རེད། དུས་སྐབས་འདི་དག་གི་རིང་མི་རྣམས་བཟོ་ལས་གསར་བརྗེའི་སྨྱོ་རླབས་ཀྱིས་དེད་དེ་རང་འཚོ་མ་ཟིན་པ་ལྟ་བུར་གྱུར་པར་བརྟེན་བདག་ཉིད་ཆེན་པོ་གྷན་དྷིའི་བསམ་བློའི་ལམ་སྟོན་ལ་ཉན་འཇོག་བྱེད་མཁན་མེད་པ་ཙམ་དུ་མ་ཟད་དེ་ལས་ལྡོག་ཏེ་འཕྱ་སྨོད་བྱེད་ཀྱི་ཡོད། དེ་རིང་དུས་རབས་ཉི་ཤུ་རྩ་གཅིག་པའི་དུས་འགོ་འདི་ནས་ང་ཚོས་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་འཕེལ་འགྱུར་གྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས་ཕྱི་རོལ་འཚོལ་སྒྲུབ་དང་ལུས་ཀྱི་བདེ་བ་ལ་དོན་དང་ལྡན་པའམ་སྐྱེས་བུའི་དོན་ལ་བརྩི་བའི་ཤེས་ཡོན་གྱི་ལམ་སྲོལ་འདི་ལ་བརྟེན་ནས་ང་ཚོ་དོན་དམ་གྱི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་ཏུ་སླེབས་ཡོད་དམ། ལྟོས་གྲུབ་རིག་པ་སྨྲ་བ་ཨེནསིཐན་(Einstien)གྱིས། འཇིག་རྟེན་འདིའི་ཐོག་རྒྱུ་དངོས་པོ་ཁོ་ནས་འགྲོ་བ་མིའི་རིགས་འཕེལ་རྒྱས་ཡོང་མི་སྲིད་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་ཡོད། ཨེནསིཐན་གྱི་སྡོམ་ཚིག་འདིས་དེང་སྐབས་ང་ཚོས་རེ་བ་ཆེན་པོའི་ཐོག་ནས་སྦྱང་བརྩོན་བྱེད་བཞིན་པའི་ཤེས་ཡོན་གྱིས་ང་ཚོར་གྲུབ་འབྲས་ཇི་ཙམ་ཐོབ་རྒྱུ་ཡིན་པ་གསལ་བཤད་བྱས་ཡོད། གོང་གསལ་དེ་དག་ནི་ང་ཚོའི་བྱུང་རབས་ནང་གསལ་པའི་ཤེས་ཡོན་གྱི་ངོས་འཛིན་དང་དམིགས་ཡུལ་ལ་ཕྱི་མིག་བལྟས་པ་ཙམ་ཞིག་རེད།
  དེང་རབས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་གཏན་འབེབས་ཟིན་པའི་བསླབ་གཞིའི་སློབ་ཚན་ལ་སློབ་མཐར་ཕྱིན་པའི་ན་གཞོན་དེ་དག་ནི་རང་ཉིད་གླ་པ་ཞིག་བྱ་རྒྱུའི་སློབ་སྦྱོང་བྱས་ཟིན་པར་བརྟེན་ཁོང་ཚོ་ནི་དེང་རབས་ཀྱི་སྤྱི་ཚོགས་ནང་རྒྱལ་ཁབ་དང་། ཚོགས་པ། མི་སྒེར་གང་རུང་ཞིག་གིས་ལས་གླ་སྤྲད་དེ་ལས་ཀ་སྐུར་མཁན་མ་བྱུང་གི་བར་དུ་ཁོང་ཚོ་ནི་ལས་མེད་དུ་ལྷག་གི་ཡོད། ཁོང་ཚོའི་སློབ་སྦྱོང་གི་ཁོར་ཡུག་དེས་ཁོང་ཚོ་འབྲི་ཀློག་རྩིས་གསུམ་དང་འབྲེལ་བའི་ཁོར་ཡུག་ཅིག་གི་ནང་ལས་ཀ་བྱེད་པ་ལས་གཞན་པའི་ལས་ཀ་གང་ཡང་བྱེད་སེམས་མེད་པ་ཞིག་ཏུ་བསྒྱུར་ཟིན་པ་རེད། དཔེར་ན་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་ཞིང་ལས་དང་འབྲོག་ལས་ལ་ཧུར་བརྩོན་ཅན་ཞིག་ཡིན་ནའང་སློབ་གྲྭར་བསྐྱོད་ཟིན་པའི་རྗེས་སུ་སླར་ཡང་ཞིང་ལས་དང་འབྲོག་ལས་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་ཀྱི་མེད། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་སློབ་ཆེན་སློབ་མ་བཙོག་པ་ལས་འབེལ་བ་དང་། ལས་ཀ་ཙག་ཙིག་བྱེད་མཁན་གསེར་ལས་དཀོན་པར་གྱུར་འདུག་ཅེས་པའི་བསམ་ཚུལ་ཡོད་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ཚོའི་ཕྲུ་གུ་ཚང་མ་དེང་རབས་ཀྱི་སློབ་གྲྭར་བསྐྱོད་ནས་སོ་ནམ་གྱི་ལས་ཀ་དང་ཕྱུགས་ལས་གཉེར་སྐྱོང་བྱེད་མཁན་ལས་འཛིན་པ་ཉུང་ངུ་ལས་མེད་པར་བརྟེན་གྲོང་ཚོ་ཕན་ཚུན་བག་མ་གཏོང་མཁན་ཡང་ཉུང་དུ་འགྲོ་གི་ཡོད་པ་རེད། འབྲི་ཀློག་རྩིས་གསུམ་ལ་ཤེས་ཡོན་དུ་ངོས་འཛིན་བྱེད་པའི་ཕྱོགས་འཛིན་གྱི་བསམ་བློ་འདིས་ཞིང་འབྲོག་གི་ལས་རིགས་དང་། བཟོ་ལས་གསར་བརྗེའི་ལས་རིགས་ལ་མཐོ་དམའི་དབྱེ་འབྱེད་ཀྱི་བསམ་བློ་བསྐྲུན་ཡོད། དེ་ནི་དེང་རབས་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་མཆོག་འཛིན་གྱི་བསམ་བློའི་རྨོངས་དད་ཅིག་རེད། རྨོངས་དད་འདི་ནི་ཐོག་མར་ནུབ་ཕྱོགས་པས་འཁྱེར་ཡོང་ཞིང་ད་ལྟ་ཤར་ཕྱོགས་པའི་བསམ་བློའི་ནང་དུའང་འཛུལ་ཟིན་པ་རེད། རྨོངས་དད་འདིས་ཤོག་བུའི་ལས་དོན་དང་། ཞིང་ལས། ཕྱུགས་ལས་ཀྱི་བར་མཆོག་དམན་གྱི་བསམ་བློ་བསྐྲུན་པར་བརྟེན་ཞིང་འབྲོག་མང་ཚོགས་ཚོས་རང་གི་ཕྲུ་གུ་ཤོག་བུའི་ལས་དོན་སྒྲུབ་མཁན་ཞིག་ཏུ་འགྱུར་བའི་རེ་བ་བྱེད་ཀྱི་ཡོད། ཤེས་ཡོན་གྱི་ངོས་འཛིན་འདིས་ང་ཚོར་སྤྲད་པའི་ཁེ་ཕན་ནི། ཕྱོགས་གཅིག་ནས་ང་ཚོའི་སྤྱི་ཚོགས་ནང་ལས་མེད་ཀྱི་འཁྱམ་ཉུལ་བའི་གྲང་འབོར་ལོ་རེ་བཞིན་ཕར་བ་དང་ཕྱོགས་གཞན་ནས་ཞིང་འབྲོག་གི་ལས་རིགས་ནང་འཇུག་མཁན་ཉུང་དུ་འགྲོ་བ་འདི་ཙམ་རེད། དཀའ་ངན་འདི་ནི་ཤར་ཕྱོགས་པ་དང་ནུབ་ཕྱོགས་པའི་སྤྱི་ཚོགས་གང་སར་ཡོད། དེང་རབས་ཡར་ཐོན་པའི་རྒྱལ་ཁབ་ཨ་རི་ལྟ་བུར་མཚོན་ནའང་དཀའ་ངལ་དེ་རང་ལྷག་ཡོད། དེང་སྐབས་ཨ་རིའི་ནང་ཞིང་འབྲོག་མང་ཚོགས་ཚོར་དམིགས་བསལ་ཆེ་མཐོང་སྤྲད་དེ་ཁོང་ཚོ་ཞིང་འབྲོག་གི་ཁོར་ཡུག་དེ་རང་དུ་བཞུགས་ཏེ་ཞིང་ལས་དང་འབྲོག་ལས་གཉེར་རྒྱུར་བསྐུལ་འདེད་གཏོང་གི་ཡོད། ང་ཚོས་རང་གིས་ཤོག་བུའི་སྟེང་དུ་སྨྱུ་གུ་འགུལ་བའི་ལས་དོན་འདི་ཕ་མ་ཚོས་ཞིང་ཁའི་སྟེང་ཐོང་གཤོལ་འགུལ་བའི་ལས་དོན་ལས་མཐོ་བར་བསམ་པ་ནི་དགོད་བྲོ་བའི་རྨོངས་དད་ཅིག་རེད། ཇི་ལྟར་ཁྱེད་རང་ཤོག་བུ་དང་རྩིས་འཁོར་ཐོག་ཏུ་མཁས་པ་ཡིན་པ་བཞིན་དུ་ཁྱེད་ཀྱི་ཕ་མ་ཞིང་ཁ་དང་ཕྱུགས་རྭའི་ནང་དེ་ལས་ཀྱང་མཁས་པ་ཞིག་ཡིན་པ་ཤེས་དགོས། འདི་ནི་ཁྱེད་ཀྱིས་དྲན་དགོས་པའི་ཤེས་ཡོན་གྱི་ངོས་འཛིན་ཞིག་རེད།
  ད་ནི་ང་ཚོས་འཇིག་རྟེན་སྤྱི་ཡོངས་ཀྱི་ཐོག་ནས་འབྱུང་འགྱུར་གྱི་ཤེས་ཡོན་ངོས་འཛིན་ཐད་བསམ་གཞིག་ཅིག་བྱས་ན། ང་ཚོའི་ཆོས་གཞུང་ནས་ཤེས་ཡོན་སྦྱངས་པའི་དགོན་དོན་སྙིང་པོ་ནི་བདེ་སྐྱིད་ཐོབ་པའི་ཆེད་དུ་ཡིན་ཞེས་གསུངས་ཡོད། རང་གིས་སློབ་གཉེར་བྱས་ནས་ཐོབ་པའི་ཤེས་ཡོན་དེས་རང་ལ་བདེ་སྐྱིད་བསྐྲུན་པ་ཙམ་མ་ཟད། སྐྱེས་བུ་གཞན་ལའང་བདེ་སྐྱིད་བསྐྲུན་དགོས་པར་གསུང་ཡོད། བདེ་སྐྱིད་ཅེས་པ་གང་ཡིན་ནམ། ལུས་པོ་བདེ་བ་དང་སེམས་པ་སྐྱིད་པ་ནི་བདེ་སྐྱིད་ཡིན། ང་ཚོས་ལུས་པོའི་བདེ་ཐང་གི་ཆེད་དུ་ཟས་གོས་གནས་མལ་ལ་ལོངས་སུ་སྤྱོད་དགོས་པས་ང་ཚོས་འཚོ་གནས་དེ་དག་འཚོལ་སྒྲུབ་ལ་འབད་དགོས། ཡིན་ནའང་ཟས་གོས་གནས་མལ་ལ་ལོངས་སྤྱོད་པ་ནི་ལུས་བདེ་ཐང་ངང་ནས་འཚོ་ཐུབ་པའི་ཆེད་དུ་ཡིན་པ་ལས་ཟས་གོས་གནས་མལ་གྱི་དོན་དུ་ལུས་འཚོ་བ་མ་ཡིན་པ་ཤེས་དགོས། སྤྱིར་འགྲོ་བ་མིའི་རིགས་ཀྱི་འཚོ་བ་ནི་ཧ་ཅང་སྟབས་བདེ་ཞིག་ཡིན་ནའང་དེང་རབས་སྤྱི་ཚོགས་ནང་གི་བཟོ་གྲྭའི་བདག་པོར་གྱུར་པའི་ཚོང་པ་ཚོས་འཕྲུལ་ཆས་ལ་བརྟེན་ནས་འགྲོ་བ་མིའི་དགོས་མཁོ་ལས་ལྷག་པའི་ཚོང་རྫས་བཟོ་བསྐྲུན་བྱས་པ་དེ་དག་ཕྱིར་ཚོང་བྱེད་བདེ་ཡོང་བའི་དོན་དུ་འགྲོ་བ་མིའི་འཚོ་བ་ཧ་ཅང་རྙོག་འཛིང་ཅན་ཞིག་སྟེ་བག་མེད་ལོངས་སྤྱོད་རིང་ལུགས་སུ་ཁ་བསྒྱུར་བྱས་ཡོད། བཟོ་གྲྭའི་བདག་པོ་ཅན་ཚོའི་དམིགས་ཡུལ་ནི་ཁོ་ཚོས་བསྐྲུན་པའི་ཁྲོམས་རའི་ནང་འགྲོ་བ་མི་རྣམས་མི་ཚེ་ཧྲིལ་པོ་ཟས་གོས་གནས་མལ་གྱི་ཆེད་དུ་རྒྱུགས་མཁན་ཞིག་ཏུ་འགྱུར་ཐབས་བྱ་རྒྱུ་དེ་ཡིན། བཟོ་གྲྭའི་བདག་པོར་གྱུར་པའི་ཚོང་པ་ཆེན་པོ་དེ་ཚོའི་བསླུ་བྲིད་འོག་ང་ཚོའི་མི་ཚེ་ཆ་ཚང་ཁོང་ཚོའི་བྲན་གཡོག་ཏུ་གཏོང་གི་ཡོད། བཟོ་གྲྭའི་བདག་པོར་གྱུར་པའི་འབྱོར་ལྡན་པ་ཚོས་བསྐྲུན་པའི་དེང་རབས་ཀྱི་སྤྱི་ཚོགས་ལམ་ལུགས་སམ་བག་མེད་ལོངས་སྤྱོད་རིང་ལུགས་པའི་ཁོར་ཡུག་འདིའི་ནང་བདེན་པ་དང། བྱམས་པ། སྙིང་རྗེ། བཟོད་པ། ཆོག་ཤེས་ལ་སོགས་པའི་བསམ་བློར་རིན་ཐང་མེད་པས་དོན་དམ་པའི་བསམ་བློའི་བདེ་སྐྱིད་ཀྱང་ཐོབ་ཐབས་མེད། དེར་བརྟེན་ཁོར་ཡུག་འདིའི་ནང་ནས་ང་ཚོར་ལུས་བདེ་དང་སེམས་བདེ་གང་ཡང་ཐོབ་ཀྱི་མེད་པ་གསལ་པོ་རེད། རྒྱ་གར་གྱི་གནའ་བོའི་ནང་པའི་ལྟ་གྲུབ་སྨྲ་བ་སློབ་དཔོན་འཕགས་པ་ལྷས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་དང་། དམན་པ་རྣམས་ལ་ལུས་སྐྱེས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་ཉིན་རེ་འཇོམས་པར་བྱེད། །ཅེས་གསུངས་ཡོད། གདམས་ངག་འདིས་ང་ཚོར་ལམ་སྟོན་གང་གནང་ཡོད་དམ་ཞེ་ན། ང་ཚོས་ལུས་སེམས་ཀྱི་སྡུག་བསྔལ་དེ་གཉིས་ལས་རྣམ་པར་རྒྱལ་ཐུབ་པའི་ཤེས་ཡོན་གྱི་ལམ་སྲོལ་ཞིག་བསྐྲུན་དགོས་པའི་ལམ་སྟོན་གནང་ཡོད། ང་ཚོས་ཤེས་ཡོན་ནི་མི་རྣམས་དུད་འགྲོ་ལས་ཁྱད་པར་འབྱེད་ཆེད་ཡིན་ཞེས་སྤོབས་པ་ཆེན་པོའི་ཐོག་ནས་གསུང་གི་ཡོད། ཡིན་ནའང་སྒོ་ལྔའི་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་འདོད་ཡོན་ལོངས་སྤྱོད་འཚོལ་སྒྲུབ་བྱེད་པའི་ཤེས་ཡོན་ལམ་སྲོལ་འདིས་མི་རྣམས་དུད་འགྲོ་ལས་ཁྱད་པར་འབྱེད་ཐུབ་མིན་ལ་བསམ་གཞིག་ནན་མོ་བྱེད་དགོས་པའི་དུས་ལ་སླེབས་ཡོད་སྙམ། ང་ཚོས་གནའ་བོའི་ཞིང་བྲན་གྱི་ལམ་ལུགས་རྙིང་ལ་དེ་ཚོས་འགྲོ་བ་མིའི་རིགས་ལ་དཀའ་སྡུག་ཚད་མེད་བྱུང་ཡོད་པར་དྲན་གསོ་བྱེད་ཀྱི་ཡོད། འོན་ཀྱང་འཇིག་རྟེན་གྱི་འགྱུར་རིམ་ཞིག་ནས་ང་ཚོ་སླར་ཡང་གནའ་བོའི་སྤྱི་ཚོགས་ཀྱི་ལམ་དེར་སླེབས་མི་སྲིད་པ་གསལ་པོ་རེད། ཡིན་ནའང་དེ་རིང་ཡང་ང་ཚོ་ལམ་ལུགས་ཤིག་གི་དཀའ་ངལ་འོག་ཡོད་པ་ཤེས་རྒྱུ་གལ་ཆེན་ཡིན། དེས་ན་འབྱུང་གྱུར་གྱི་འཇིག་རྟེན་ཧྲིལ་པོའི་ཤེས་ཡོན་ལམ་སྲོལ་དེ་ནི། གནའ་དེང་ཟུང་དུ་འབྲེལ་བའི་ཐོག་ནས་འཛམ་གླིང་ལ་ཕྱོགས་པ་དང་། རང་བྱུང་ཁམས་ཆེན་མོར་ཕྱོགས་པ། འབྱུར་འགྱུར་ལ་ཕྱོགས་པའི་ལམ་སྲོལ་ཁྱད་པར་བ་ཞིག་དགོས་སོ།།
ཤ་ཡི་མིག་ཟུང་ཇི་ཙམ་བལྟས་ཀྱང་གཟུགས་ཅན་དངོས་པོའི་གྲོང་ཁྱེར་ཙམ།།
བླང་དོར་འབྱེད་པའི་བློ་གྲོས་མིག་འདིས་ཇི་ལྟ་ཇི་སྙེད་དངོས་པོའི་གཤིས།།
ལག་པའི་ཐིལ་ན་སྐྱུ་རུ་ར་བཞིན་གཟིགས་ཤིང་མཁྱེན་པའི་རྩལ་མངའ་བས།།
འཇིག་རྟེན་བདག་པོས་བདག་ལ་མཆོག་གི་བློ་མིག་འདི་ཉིད་བསྩལ་དུ་གསོལ།།
      ༢༠༡༢  ༡༢  ༢༡ ཉིན་རྫོགས་པར་བྲིས་པ་དགེའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤེས་ཡོན་གྱི་གོ་དོན་གང་ཡིན་ནམ།

2013-01-06 བྲག་གཞིས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།