བདག་གི་ཆེད་བསྒྲིགས་བརྙན་འཁོར་རྒྱང་འབོད་དང་དེ་ཡི་འགྲེལ་ཚུལ་ཞིག

                      
                                             ༡
  སྐབས་ལ་ལ་ཞིག་ཏུ།མི་ཚེ་ནི་སུས་ཀྱང་འགྲེལ་ཁག་པའི་སྒྱུ་འཕྲུལ་གྱི་རི་མོ་ཞིག་ཏུ་བལྟ་མྱོང་ནའང་།དགའ་ཕྱོགས་གང་དེ་རང་གི་གཤོག་ཟུང་དུ་སྤྱད་དེ་འཕུར་མ་མྱོང་བའི་ཡར་སྔོན་དུ།མི་ཚེ་ནི་མ་གཞི་ནས་སྙིང་བོ་ཡེ་མེད་པ་དེ་རེད་ཅེས་སྒྲོག་ག་ལ་སྤོབས།
                                           ༢            
  སྔར་བཞིན་ཁ་རོག་གེར་ལམ་ལ་ཆས་ཚུལ་འདིས།སེམས་ལ་སུན་པོ་བཟོ་ཡོང་མ་གསུངས་དང་།སྲོག་ལ་བར་ཆད་མེད་ན།ང་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་འཚོ་འདོད།
                                           ༣
  འདུན་པ་རྒྱང་ལ་འཐེན་སའི་རི་སྡེ་དེས་ང་ལ་སྔར་བཞིན་རྩམ་ཁུག་རལ་བོ་ཞིག་ལས་ཅི་ཡང་མི་གནང་ནའང་།མཚམས་ལན་རེར།ང་ལ་དེ་ལས་ལྷག་པ་ཅི་ཡང་མི་དགོས་པ་དང་འདྲ་ཡོང་།
                                           ༤
  དྲན་ཕྱོགས་ཤིག་གིས།རྒྱང་རིང་ནི་ཏག་ཏག་རྒྱང་རིང་གི་ཡུལ་ན་འདུག་ཀྱང་།དཀའ་སྡུག་དང་མིག་ཆུ་ནི་ཐག་ཉེ་རུའང་ཡོད་པ་དྲན་པས།ད་གཟོད་ང་ནི་ཐག་རིང་བདམས་པའི་ལས་སུ་ཞུགས་པ་ཡིན།
                                           ༥                
  མིག་ཟུང་རྐང་སྣེར་གཏད་ཚེ་ལྷམ་གྱི་བུ་ག་དག་ཀྱང་རེ་ཞིག་སྡུག་བསྔལ་དུ་གྱུར་འགྲོ་མོད།སེམས་ཀྱི་དམིགས་པ་ནི་སྔར་བཞིན་རྒྱང་ལ་འཐེན་ཚར་བས་ཅི་ལྟར་བྱ།དེ་བས།ད་ནི་མགོ་བོ་བཀྱགས་དེ་མཁའ་ལ་བལྟ་བར་བྱའོ།
                                             ༦
  མཁའ་ལ་བལྟ་སྲོལ་འདི་ང་ལ་སྔར་ནས་ཡོད་པའང་མ་ཡིན་ཏེ།ཏག་ཏག་བྱ་ཐབས་ཟད་པས་སྐབས་དེར་རང་གི་དྲན་ཚུལ་བསྒྱུར་བ་ཙམ་རེད།དྲན་ཚུལ་འདི་གཅིག་པུས་ཀྱང་ང་རང་མཁའ་ལ་དུངས་བ་ཟབ་ཚུལ་མཚོན་མི་གཏུབ་ཀྱང་།མུན་པའི་འགྲོ་འོང་བསམ་ན།ང་ནི་སྔར་བཞིན་མཁའ་ལ་བལྟ་བའི་མི་དེ་ཡིན་ནོ།
 http://v.youku.com/v_show/id_XNDU3OTE0ODE2.html
 འདི་ནི་བདག་གི་ཆེད་བསྒྲིགས་བརྙན་འཁོར་རྒྱང་འབོད་ཀྱི་དྲ་གནས་ཡིན།
               
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཆེད་བསྒྲིགས་བརྙན་འཁོར་རྒྱང་འབོད་དང་དེ་ཡི་འགྲེལ་ཚུལ་ཞིག

2012-12-19 རྩེ་བ་ཀུན་དགའ། ཀློག་གྲངས། མཆན ཡོད།

                      
                                             ༡
  སྐབས་ལ་ལ་ཞིག་ཏུ།མི་ཚེ་ནི་སུས་ཀྱང་འགྲེལ་ཁག་པའི་སྒྱུ་འཕྲུལ་གྱི་རི་མོ་ཞིག་ཏུ་བལྟ་མྱོང་ནའང་།དགའ་ཕྱོགས་གང་དེ་རང་གི་གཤོག་ཟུང་དུ་སྤྱད་དེ་འཕུར་མ་མྱོང་བའི་ཡར་སྔོན་དུ།མི་ཚེ་ནི་མ་གཞི་ནས་སྙིང་བོ་ཡེ་མེད་པ་དེ་རེད་ཅེས་སྒྲོག་ག་ལ་སྤོབས།
                                           ༢            
  སྔར་བཞིན་ཁ་རོག་གེར་ལམ་ལ་ཆས་ཚུལ་འདིས།སེམས་ལ་སུན་པོ་བཟོ་ཡོང་མ་གསུངས་དང་།སྲོག་ལ་བར་ཆད་མེད་ན།ང་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་འཚོ་འདོད།
                                           ༣
  འདུན་པ་རྒྱང་ལ་འཐེན་སའི་རི་སྡེ་དེས་ང་ལ་སྔར་བཞིན་རྩམ་ཁུག་རལ་བོ་ཞིག་ལས་ཅི་ཡང་མི་གནང་ནའང་།མཚམས་ལན་རེར།ང་ལ་དེ་ལས་ལྷག་པ་ཅི་ཡང་མི་དགོས་པ་དང་འདྲ་ཡོང་།
                                           ༤
  དྲན་ཕྱོགས་ཤིག་གིས།རྒྱང་རིང་ནི་ཏག་ཏག་རྒྱང་རིང་གི་ཡུལ་ན་འདུག་ཀྱང་།དཀའ་སྡུག་དང་མིག་ཆུ་ནི་ཐག་ཉེ་རུའང་ཡོད་པ་དྲན་པས།ད་གཟོད་ང་ནི་ཐག་རིང་བདམས་པའི་ལས་སུ་ཞུགས་པ་ཡིན།
                                           ༥                
  མིག་ཟུང་རྐང་སྣེར་གཏད་ཚེ་ལྷམ་གྱི་བུ་ག་དག་ཀྱང་རེ་ཞིག་སྡུག་བསྔལ་དུ་གྱུར་འགྲོ་མོད།སེམས་ཀྱི་དམིགས་པ་ནི་སྔར་བཞིན་རྒྱང་ལ་འཐེན་ཚར་བས་ཅི་ལྟར་བྱ།དེ་བས།ད་ནི་མགོ་བོ་བཀྱགས་དེ་མཁའ་ལ་བལྟ་བར་བྱའོ།
                                             ༦
  མཁའ་ལ་བལྟ་སྲོལ་འདི་ང་ལ་སྔར་ནས་ཡོད་པའང་མ་ཡིན་ཏེ།ཏག་ཏག་བྱ་ཐབས་ཟད་པས་སྐབས་དེར་རང་གི་དྲན་ཚུལ་བསྒྱུར་བ་ཙམ་རེད།དྲན་ཚུལ་འདི་གཅིག་པུས་ཀྱང་ང་རང་མཁའ་ལ་དུངས་བ་ཟབ་ཚུལ་མཚོན་མི་གཏུབ་ཀྱང་།མུན་པའི་འགྲོ་འོང་བསམ་ན།ང་ནི་སྔར་བཞིན་མཁའ་ལ་བལྟ་བའི་མི་དེ་ཡིན་ནོ།
 http://v.youku.com/v_show/id_XNDU3OTE0ODE2.html
 འདི་ནི་བདག་གི་ཆེད་བསྒྲིགས་བརྙན་འཁོར་རྒྱང་འབོད་ཀྱི་དྲ་གནས་ཡིན།
               
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།