སྐད་ཆ་དང་འཚོ་བའི་ཕྱི་ནང་གླེང་བ།

  ང་ཚོ་ན་གཞོན་ཡིན་པས་སྐད་ཆ་གང་ཡང་བཤད་ཆོག་མོད།ང་ཚོས་སྐད་ཆ་གང་ཞིག་བཤད་ཀྱང་དེ་ལ་འགན་འཁུར་དགོས།མ་མཐའ་ཡང་ཆ་འགལ་ཡ་འགལ་གྱི་སྐད་ཆ་ཞིག་བཤད་མི་རུང་།
                                                                                                            ___སྔོན་འགྲོའི་ཚབ་ཏུ།

  ང་ཚོའི་མི་ནི་སྐྱག་པ་༼སྐྱག་པ་ནི་སྲོག་ཆགས་ཀུན་གྱི་བྲིན་ལས་བཙོག༽གཏོང་བའི་མི་ཡིན་པས་འདི་ལ་མ་གཞི་ནས་མི་མཛེས་པའི་ཆའམ་བཙོག་པའི་ཟུར་གང་མང་ཡོད།དེའི་ཕྱིར་ང་ཚོས་བར་མེད་དུ་མི་ཡི་མི་མཛེས་པའི་ཆ་ལ་ཁ་གདེངས་ནས་ངན་པའམ་ནོར་འཁྲུལ་དེ་བཅོས་པར་འབད་དགོས།རྒྱུ་མཚན་མི་ནི་སྐྱག་པ་ཉར་ཤེས་པའི་མི་ཡིན་པས།ང་ཚོས་བཤད་ན་ཕན་སྲིད་སྲིད་ཡིན་པས།ང་ཚོས་ནམ་ཡང་རང་ཉིད་ཀྱི་ཁ་ལྕེ་ལྷོད་ལ་འབབ་ཏུ་མི་འཇུག་པར་ངན་པ་ཡོད་ཚད་ཕྱི་ལ་འབྱིན་དགོས།དེ་ནི་མི་ཡིས་སྐྱག་པ་བཏང་རྗེས་སུ་བདེ་ཐང་གིས་གསོན་ཐུབ་པ་བཞིན་ཡིན།འདི་ནི་ན་གཞོན་ཚོས་བསྒྲུབ་འོས་ལ་བསྒྲུབ་ཐུབ་པའི་ལས་ཀ་ཞིག་ཀྱང་ཡིན།
མི་སུ་ཡིས་ཀྱང་དུས་རབས་གསར་བ་ཤེས་མ་ཤེས་ཙམ་ནས་རང་ཉིད་བསམ་བློ་བ་ཞིག་ཡིན་ཚུལ་གྱིས་བསམ་བློ་བསྒྲགས་བཞིན་ཡོད།ལྷག་པར་དུ་བོད་ཀྱི་སྤྱི་ཚོགས་ལ་མཚོན་ནས་བཤད་ན་བསམ་བློ་ནི་གང་གིས་ཀྱང་རང་ཉིད་ཡིན་མདོག་གིས་འུར་སྒྲོག་དང་རང་ཉིད་གཅིག་པུའི་བསམ་བློ་དེ་ཚོ་བ་དང་ཤག་པ།ལྷ་སྡེའི་ཁྲིམས་ལ་བཅའ་བཞིན་ཡོད།བོད་རང་གི་སྤྱི་ཚོགས་ཀྱི་སྣང་ཚུལ་འདི་དག་ལ་གཞིགས་ནས་ཡོང་ན་ང་ཚོའི་ན་གཞོན་ཚོས་ངེས་པར་དུ་སྐད་ཆ་བཤད་དགོས་ཏེ།སྔ་གཞུག་མི་འགལ་བའི་སྐད་ཆ་དང་ཕྱི་ནང་མི་འགལ་བའི་སྐད་ཆ་ཞིག་བཤད་དགོས།
  སྔ་གཞུག་མི་འགལ་བའི་སྐད་ཆ་ནི་ལོ་རྒྱུས་དང་ད་ལྟ།མ་འོངས་པ་བཅས་པར་མི་འགལ་བའི་སྐད་ཆ་ཡིན་ཏེ།དེ་ནི་འདི་དག་གསུམ་པོ་གཅིག་པ་གཅིག་རྐྱང་དུ་བཅའ་དགོས་པའི་སྐད་ཆ་ཞིག་བཤད་དགོས་པའི་སྐད་ཆ་མ་ཡིན་པར།བོད་རང་གི་ལོ་རྒྱུས་ཀྱི་ཁྲོད་དུ་ལུས་ཡོད་པའི་གང་ཡང་ལྷ་ལ་དབང་ཚུལ་དང་གང་ཡང་གདོན་དང་སྲིན་གྱིས་གཏོར་བར་བཤད་པའི་གཞན་ལ་ཁག་དཀྲི་བ་དང་གཞན་ལ་སྐྱབས་བཅོལ་བའི་ལྟ་བ་དག་འདོར་དགོས་པའི་སྐད་ཆ་དང་།ད་ལྟ་ཡང་ང་ཚོས་ལོ་རྒྱུས་ཀྱི་ཁྲོད་དུ་ལུས་ཡོད་པའི་ཉལ་ཐ་མི་འཐེན་པར་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཙལ་ཏེ།ད་ལྟ་མགོ་འཛུགས་དགོས་པའི་ལམ་བུ་འདི་མ་འོངས་པར་རྒྱུན་སྲིངས་ཆོག་པའི་ལམ་བུ་ཞིག་ཏུ་སྟོན་ཐུབ་པའི་སྐད་ཆ་བཤད་པ་ནི་སྔ་གཞུག་མི་འགལ་བའི་སྐད་ཆ་ཡིན།
  ཡིན་ཡང་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ལོ་རྒྱུས་ཀྱི་ཉལ་ཐ་འཐེན་ནས་མུ་མཐུད་དུ་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམ་བཞིན་པའི་མི་མང་བོ་ཡོད།ཁོ་ཚོས་ནི་དེ་རིང་གི་ཇ་རིན་སྤྲོད་རྒྱུ་མེད་ཀྱང་སང་ཉིན་གྱི་མལ་ས་འཚོལ་བཞིན་ཡོད།འདིའི་སྣང་ཚུལ་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་ཆེས་མང་བོར་ཡོད་ལ་མི་ཚོའི་རྒྱུད་དུ་ཤ་འཐིམ་རུས་འཐིམ་ལྟ་བུར་གྲུབ་ཡོད་པའི་ནད་རྙིང་ཞིག་ཡིན།བོད་མི་མང་ཤས་ཀྱིས་ཚེ་འདིའི་ལྟོ་གོས་འཛོམས་པོ་ཞིག་དང་།ལྷག་ཏུ་རང་ཉིད་ལ་གང་ཡང་མེད་ཀྱང་ཕྱི་མ་གླེང་ནས་འབུལ་བ་འགྱོགས་པ་དང་།སེར་མོ་བའི་སྡེ་ཡིས་ཀྱང་དེ་ནི་འོས་པ་ཞིག་ཏུ་བརྩིས་ནས་ལེན་ཆོག་ཆོག་དང་བཞིན་ས་འགྲིག་ཡོད་ཤག་ཤག་ཏུ་བཤད་སྲིད།ལྷག་ཏུ་བླ་མ་ལས་སྣེ་བ་དང་དགོན་པའི་དོ་དམ་པ་སོགས་ཀྱིས་མང་ཚོགས་ཀྱི་འབུལ་བ་མང་དུ་བཀྱགས་ན་ཕན་ཡོན་ཆེ་ཚུལ་བསྒྲགས་ཏེ།མི་དམངས་ཀྱི་འཚོ་བའི་དཀའ་སྡུག་དངོས་ལ་འདང་མི་རྒྱག་པར་གང་འདོད་འདོད་དུ་དམངས་ཚོགས་ཀྱི་ལག་ནས་དངུལ་བསྡུས་ཏེ་དགོན་པ་དང་སྤྲུལ་སྐུ་ཚོའི་ནང་ཆེན་རྒྱ་ཆེན་པོ་བསྐྲུན་བཞིན་ཡོད།
  སྤྱིར་ན་རང་ལ་ཡོད་པ་ཞིག་གཞན་ལ་སྦྱིན་པ་བཏང་ན་དེ་ལ་དགེ་བ་དང་ཕན་ཡོན་ཡོད་སྲིད་ཀྱང་།བོད་རང་གི་སྤྱི་ཚོགས་དང་འཚོ་བ་དངོས་ལ་འདང་བརྒྱབ་ནས་ཡོང་ན།རང་གི་བཟའ་མི་གསོ་ཐུབ་མི་ཐུབ་ཀྱི་ཚད་དུ་ལུས་ཡོད་པས།དགོན་པའམ་སྤྲུལ་སྐུ་སོགས་ལ་ལོ་རེར་སྒོར་ཁྲི་ཚོ་ཁ་ཤས་འབུལ་རྒྱུ་གང་ན་ཡོད།བོད་ཀྱི་མི་ནི་མི་རིགས་གཞན་ལས་བཟའ་མི་མང་ཤས་ཡོད་པ་ཅན་དང་།མི་རིགས་གཞན་ལས་འཚོ་བའི་ཡོང་སྒོ་ཉུང་བའི་ཁར།ཁྱིམ་ཚང་རེས་སློབ་མ་ཁ་ཤས་གསོ་དགོས་པ་བྱུང་ཚེ།དགོན་པ་དང་གྲྭ་བ།སྤྲུལ་སྐུ་གསོ་བྱེད་ཅིག་གང་ན་ཡོད།ལྷག་ཏུ་ཁྱིམ་ཚང་ལ་ཤས་ཀྱིས་ལོ་རེར་དགོན་པའི་ནང་ཆོས་བསྐོར་ནས་སྒོར་ཁྲི་བཅུ་ཁ་རེ་སྦྱིན་གཏོང་བྱས་རྗེས།ཁྱིམ་ཚང་གི་བཟའ་མི་ཞིག་ལ་ན་ཚ་རེ་བྱུང་ནས་སྨན་པར་བསྟེན་དགོས་དུས་སྨན་ཡོན་མེད་པར་དེ་ནི་སྔོན་ལས་ཞིག་ཏུ་སྒོམ་ནས་ཡོད་པ་དེ།ལོ་རྒྱུས་ཀྱི་ཉལ་ཐ་འཐེན་པ་དེ་ཡིན།ཆོས་ནི་རྒྱུ་འབྲས་བརྩི་བ་དང་དགེ་བ་ནི་ཕན་འདོགས་པ་དེ་ཡིན་པས།ང་ཚོས་རང་གི་ཕྱི་མ་དེ་ངན་སོང་དུ་མི་ལྷུང་བར་འབད་ན་རྒྱུ་འབྲས་དང་ཕན་ཡོན་ལྡན་པའི་བྱ་བ་སྒྲུབ་རྒྱུ་དེ་ཡིན་པ་གཞུང་དང་དབང་ལུང་གང་ན་ཡང་དེ་བཞིན་དུ་གསུངས་ཡོད།ཡིན་ཡང་ཁྱོད་ཀྱིས་ཚེ་འདིའི་རང་ཉིད་ལ་རྒྱུ་འབྲས་དང་ཕན་ཡོན་ཙམ་ཐོགས་མེད་ན།གཞན་དང་ཕྱི་མ་ཞིག་གླེང་རིན་དང་བསྒྲུབ་རིན་ཡོད་དམ།འདི་ནི་དོན་གྱིས་རྒྱུ་འབྲས་དང་ཕན་ཡོན་མེད་པའི་བྱ་བ་ཞིག་རེད།དེའི་ཕྱིར་ང་ཚོས་སྔོན་ལ་ང་ཚོ་རང་གིས་རང་ལ་རྒྱུ་འབྲས་བརྩི་བ་དང་ཕན་ཐོགས་ཆེ་བའི་སྐད་ཆ་ཞིག་བཤད་དགོས།
  བོད་རིགས་མི་དམངས་ཀྱིས་ལྷ་སྐུ་དང་མཆོད་པ་སོགས་གཟབ་རྒྱས་བྱེད་པ་དེར་དོན་གྱིས་ཞིབ་འཇུག་དང་ཡོ་འཁྱོག་མེད་པའི་སྐད་ཆ་ཞིག་བཤད་ན།དེ་ནི་ལྷའམ་ཕྱི་མ་འདྲེན་མཁན་ཞིག་ཡོད་པར་བཤད་པ་དེའི་ལྟག་སྒོར་འཛུལ་བ་རེད།ཁྱོད་ཚོས་ཞིབ་འདང་རེ་རྒྱོབས་དང་།དམངས་ཚོགས་ཀྱིས་རྒྱུ་བཙོང་བའི་སྲོག་རིན་དང་ཚོང་བྱས་ནས་མགོ་བསྐོར་གཏོང་ཡོད་པའི་དངུལ་དག་ཁྱེར་ནས་ཡོང་སྟེ།དགོན་པའི་བླ་མ་དང་གྲྭ་བ་སོགས་ལ་བྱིན་ཏེ་རང་གི་ཕྱི་མར་་ལམ་ཞིག་བཅའ་བར་བཅོལ་བ་དེ་ཞུ་བ་འཐེན་ཚུལ་དང་ལྟག་སྒོར་འཛུལ་སྲོལ་ལས་དགེ་བ་བསྒྲུབ་ཚུལ་ཞིག་གཏན་ནས་མ་རེད།སྤྱི་ཚོགས་རུལ་སུངས་སུ་གྱུར་ཡོད་པས་ཆོས་སྤེལ་མཁན་ཚོས་འདི་ལྟ་བུའི་གླེན་རྟགས་སྟོན་པར་སྐུལ་སློང་བྱེད་ཀྱི་འདུག།ང་ཚོས་རང་གི་ད་ལྟའི་འཚོ་བའི་དངོས་ཡོད་ཀྱི་ཁྲོད་ནས་རྗེས་སོར་ལམ་གང་འདྲ་ཞིག་ཏུ་བསྐྱོད་ན་ཆོག་མིན་གྱི་སྐད་ཆ་ཡང་དག་པ་རེ་བཤད་དགོས།
  ཕྱི་ནང་མི་འགལ་བའི་སྐད་ཆ་བཤད་པ་ནི་སྐད་ཆས་ཕྱི་ནས་བསྟན་པ་དང་ནང་གི་དོན་ལ་བབས་པ་གཉིས་མི་འགལ་བ་དེ་ཡིན།དུས་རབས་ཀྱི་འཁོར་བསྐྱོད་དང་འགྲོགས་ནས་ང་ཚོས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་འཕེལ་རྒྱས་ལ་ངོས་ཟིན་རགས་ཙམ་ཐོབ་གི་ཡོད།དེ་བཞིན་འགྲིག་ཏུ་བོད་ཀྱི་ཤེས་ཡོན་པའི་གར་སྟེགས་ན་ཅུང་ཡིན་མདོག་ཡོད་པའི་སེར་སྐྱ་གང་མང་ཞིག་གིས་མི་རིགས་ལ་ཤ་ཚུལ་ཤས་དང་མི་རིགས་རིག་གནས་ལ་དུངས་ཤས་ཀྱིས་དེ་རྒྱུས་ལོན་ཡོད་མདོག་གི་ཆ་འགལ་ཡ་འགལ་གྱི་གཏམ་མང་དུ་སྨྲ་བཞིན་ཡོད།ང་ཚོ་མི་ཡོད་ཚད་ཀྱིས་ཨ་རིའི་འཚོ་བ་དང་མིའི་རིག་གནས་ཀྱི་ཆུ་ཚད།བསམ་བློའི་བྱང་ཚད་སོགས་ཁས་ལེན་ཤག་ཤག་ཡིན།ཡིན་ཡང་བཛྲ་ཚུལ་ཁྲིམས་དང་ལྡོང་ཡོན་ཏན་ལྟ་བུས་སྔོན་ལ་ཨ་རིའི་རིག་གནས་ཀྱི་བཟང་བཤད་བཤད་རྗེས།རྗེས་ནས་ཨ་རིར་དཔལ་འབྱོར་དར་ཡང་བསམ་བློ་བོད་ལས་རྗེས་ལུས་ཡིན་ཚུལ་གྱིས་རང་གི་ཨ་ཕའི་ཕོར་གཙང་མ་ཡིན་པར་འདོད་ནས་ཆ་འགལ་ཡ་འགལ་གྱི་སྐད་ཆ་སྣ་ཚོགས་ཚོགས་བཤད།ད་དུང་རྫུན་གྱི་གཏམ་རྒྱུད་ཀྱང་མང་དུ་བསྒྲིག་གི་ཡོད།འདི་ལྟ་བུའི་སྐད་ཆས་གཅིག་ནས་དམངས་ཚོགས་ཀྱི་མགོ་གཡོགས་པ་དང་།གཉིས་ནས་རིག་གནས་ཀྱི་བར་ཁྱད་བཟློག་པ།གསུམ་ནས་རང་གི་སྡོམ་པ་ལས་འགལ་བའི་རྫུན་གཏམ་པ་སོགས་བྱས་པ་ནི་ཕྱི་ནང་འགལ་བའི་སྐད་ཆ་རེད།
  ད་དུང་ཐེངས་ཤིག་ཀློག་པ་པོའི་བགྲོ་གླེང་ཚོགས་འདུ་ཞིག་གི་སྟེང་དུ་དགེ་བཤེས་ཆེན་པོ་ཞིག་གིས་པཎ་ཆེན་སྲས་མོ་རྒྱ་མི་ཞིག་དང་གཉེན་བསྒྲིག་པ་དེས་མི་རིགས་ལ་འགན་འཁུར་མེད་ཚུལ་བཤད་མོད།དོན་དུ་ཁོ་དགེ་བཤེས་ཆེན་པོ་ཞིག་སྐྱ་སར་བབས་ནས་རྒྱ་མོ་ཞིག་ཆུང་མར་བླངས་བ་དེ་བརྗེད་ཡོད་པ་འདྲ།དེ་ཡང་ཕྱི་ནང་འགལ་བའི་སྐད་ཆ་རེད།དེ་དང་འབྲེལ་ནས་རྒྱུན་པར་མི་རིགས་རིང་ལུགས་ཀྱི་ལྟ་བ་ཡོད་མདོག་སྟོན་པའི་མེ་ལྕེ་ཡིས་གནས་སྐབས་དེར་རང་གི་ཁ་ངོ་ཙམ་བསྲུང་ཆེད།མི་བུའི་ཐོབ་ཐང་ཟེར་ནས་མི་རིགས་ཀྱི་མ་འོངས་པར་འགན་འཁྲི་མེད་པའི་སྐད་ཆ་བཤད་པ་སོསག་ནི་ཕྱི་ནང་འགལ་བའི་སྐད་ཆ་ཡིན།སྐད་ཆ་ནི་མངོན་པས་རི་དྭགས་ལ་འཕོང་པའི་མདའ་ལྟ་བུ་ཡིན་པ་ལས་བྱིས་པས་ཆུ་ནང་ལ་གཏོང་བའི་ཡག་ལྟ་བུ་ཡིན་མི་རུང་།
  ཉེ་ལམ་རྫི་བོ་ཚོའི་ཁ་པར་གྱི་ནང་དུ་མིང་ལ་དཀོན་མཆོག་རྒྱ་མཚོ་ཟེར་བའམ་དགེ་བཤེས་ཞིག་གིས་མི་དམངས་ལ་ཁ་བརྡ་བྱས་པ་ཞིག་འདུག་སྟེ།ཁོས་གླེན་བཤད་དཔེ་མེད་པ་བྱས་ཏེ་མང་ཚོགས་ཀྱི་དད་པ་བེད་སྤྱད་དེ་ཉལ་ཐ་འཐེན་སྟངས་གཞན་ཞིག་ཁྲིད་ཀྱི་འདུག།ཁོས་བཤད་རྒྱུར།༼བོད་རིགས་མང་ཚོགས་ཀྱིས་བྱིས་པ་དག་སློབ་གྲྭར་མི་མངགས་པར་དགོན་པར་བསྐྱལ་ནས་ཡོང་སྟེ་གྲྭ་བ་བྱེད་དུ་བཅུག་ན་བཟང་ཚུལ་བཤད་དེ།སློབ་མ་ནི་མི་དམངས་ཀྱི་ཁུར་བོ་ཡིན་པ་དང་མ་འོངས་པར་དེ་མི་དམངས་ཀྱི་གཉའ་གནོན་པར་འགྱུར་འགྲོ་བར་འཇིགས་སྐུལ་བྱས་ཏེ།གྲྭ་བ་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་འདུག༽འདི་ནི་འགལ་བའི་ནང་གི་འགལ་བ་ཞིག་རེད།འདི་ནི་གྲྭ་བ་ནང་དུ་འཛུལ་ནསཅི་དང་གང་ཡང་མི་རྟོགས་པ་དང་སྤྱི་ཚོགས་ཀྱི་ཁུར་བོ་ཏིལ་ཙམ་ཡང་ཁུར་གི་མི་འདུག་པའི་སྐྱོན་རེད།
  གལ་ཏེ་ང་ཚོའི་བུ་རབས་ཡོད་ཚད་ཀྱིས་སྡོམ་པ་བླངས་ནས་བུ་བརྒྱུད་མ་སྤེལ་ན་ང་ཚོའི་མི་རིགས་འདི་ལོ་ངོ་ག་ཚོད་ལ་འཚོ་ཐུབ།ཐ་ན་འདི་ཙམ་ཡང་མི་ཤེས་པའི་མི་ཡིས་ཀྱང་དབང་ངམ་ལུང་དང་ཁ་བརྡ་བྱེད་ཀྱི་ཡོད་ཟེར་ནས་མི་དམངས་ལ་ཉལ་ཐ་འཐེན་ཚུལ་བཤད་ན།ང་ཚོའི་སང་ཉིན་སུ་ཡིས་སྐྱོང་།ངས་འདིར་ཉལ་ཐ་ཞེས་པ་ནི་ཆོས་ལ་བཤད་ཀྱི་མེད་ལ།དེ་ནི་ཆོས་བསྒྲུབ་མཁན་ཡིན་ཞེས་དགོན་པ་ན་ལྟོ་བ་ལག་ལ་བཟུང་སྟེ་ཁ་གནམ་ལ་གཏད་ནསཡོད་པ་དག་ལ་བཤད་གི་ཡོད།མ་ལས་ན་ཐོབ་གི་འདུག་པའི་འཚོ་བ་ནི་ཉལ་ཐ་འཐེན་པའི་སྣང་བ་ལས་ཀྱང་བདེ་སྐྱིད་ལྡན།
ང་ཚོའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་འདི་ལྟ་བུའི་བསམ་བློ་བ་ཧ་ཅང་མང་།བོད་རིགས་མང་ཚོགས་ཀྱིས་གྲྭ་བ་གསོ་དགོས་པའི་ཁར་ད་དུང་ཚུལ་ཁྲིམས་བློ་གྲོས་ལྟ་བུས་མང་ཚོགས་ཀྱི་འཚོ་བ་ལ་བཀག་འགོག་དང་ཁ་ཚོད་འཛིན་གྱི་ཡོད།ཁོ་རང་ཉིད་ལ་རྒྱའི་སྦྱིན་བདག་མང་བས་ཤ་མ་ཟོས་ན་ར་ཤ་ཡི་ཚབས་དང་དེ་ཡི་ཕན་ཆད་ཀྱི་ཚོ་བཅུད་ལྡན་པའི་ཟས་རིགས་གང་མང་མང་ཟ་ཆོག་གི་རེད།ཡིན་ཡང་བོད་རིགས་མི་དམངས་ལ་ཤ་ཟ་མི་དགོས་བར་བཤད་ནས་སྲོག་གཅོད་དུ་མ་བཅུག་པར་ནོར་རི་ལ་བརྒྱག་ཏུ་བཅུག་ན།ཁོ་ཚོའི་ཁ་རྒྱབ་ཇི་ལྟར་བྱེད།འདི་ལྟ་བུའི་ཕྱི་ནང་འགལ་བའི་སྐད་ཆ་གླེན་པ་ལུག་གི་མགོ་ཅན་མིན་ན་བཤད་མི་རུང་ངོ།
                   
                  མཇུག་གི་གཏམ།
  ང་ཚོ་ན་གཞོན་ཡིན་པས་ང་ཚོས་བོད་ཀྱི་ན་གཞོན་ཚོའི་ངར་ཤུགས་གཙོ་ཤས་དེ་དགོན་པའི་ནང་ན་རུལ་ནས་འགྲོ་བཞིན་པ་བཤད་དགོས་ལ།ང་ཚོ་ན་གཞོན་ཡིན་པས་སྤྱི་ཚོགས་ཀྱི་ཁྲོད་དུ་ཤེས་ཡོན་པས་རང་ཉིད་ཀྱི་ཁེ་ཕན་དང་ཁ་ངོ་ཙམ་སྲུང་ནས་བདེན་པ་ལ་རྡོག་བརྫིས་རྒྱག་པ་ཡང་བཤད་ཕོད་དགོས།ང་ཚོ་ན་གཞོན་ཡིན་པས་ང་ཚོས་བླ་མ་སྔོན་ལ་དམངས་ཁྲོད་ལ་ཕེབས་ཏེ་དམངས་ཚོགས་ལ་ཆོས་བཤད་ནས་དམངས་སེམས་བཀུག་རྗེས།རྗེས་སུ་སྲིད་གཞུང་གི་ལག་པ་བྱས་ཏེ་དམངས་མགོ་གནོན་པ་ཡང་བཤད་ཕོད་དགོས།ང་ཚོ་ན་གཞོན་ཡིན་པས་རང་གི་ཞན་ཆ་དང་རང་གི་མི་འདང་ས་དེ་བཤད་ནས་ཡང་དག་པའི་ལམ་ཞིག་འཚོལ་དགོས།ང་ཚོ་ན་གཞོན་ཡིན་པས་ཡང་དག་གི་སྐད་ཆ་མང་བོ་བཤད་དགོས།

          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཆ་དང་འཚོ་བའི་ཕྱི་ནང་གླེང་བ།

2014-10-26 དུང་གཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།