མི་ཚེ་འཚོལ་བར་ཐབས་ལམ་སྣ་ཚོགས་དགོས།༼ཞར་བཀོད་གཉིས་ཡོད༽

  འཚོ་གནས་ཀྱི་སྙིང་པོ་དང་མི་ཚེའི་མཛེས་སྡུག་ནི་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་ཀྱི་སྒོ་ནས་བཙལ་ཞིང་ཐབས་ཤེས་སྣ་ཚོགས་ཀྱིས་སྒྲུབ་པ་ཡིན་ཡང་མི་ཚང་མ་ལ་དོན་སྙིང་ལྡན་པའི་མི་ཚེ་ཞིག་ཐོབ་པའི་ངེས་པ་གཏན་ནས་མེད།   དེའི་རྒྱུ་རྐྱེན་ནི་ཐབས་ལམ་ནོར་བ་དང་གོ་སྐབས་འཆོལ་བ། ཤེས་ཡོན་དང་ནུས་ཤུགས་ཀྱིས་མ་འདང་པ། མཐར་ཐུག་གི་དམིགས་ཡུལ་མ་རྙེད་པ་བཅས་མི་ཚེའི་གོ་རིམ་ཁྲོད་འགལ་རྐྱེན་དང་བར་ཆད་ཧ་ཅང་མང་བས་ཡིན་ལ། རང་ཉིད་ལ་ཡིད་ཆེས་ཀྱི་རྨང་གཞི་བརྟན་པོ་ཞིག་མེད་པའི་ཁར་བརྩོན་སེམས་ཀྱི་འདུན་པ་གཏིང་ཚུགས་པ་ཤིག་མེད་པས་ཕམ་ཁ་ལས་རྒྱལ་ཁ་དུས་ནམ་ཡང་མཐོང་མ་མྱོང་། དེས་ན་དོན་ལྡན་གྱི་མི་ཚེ་འཚོལ་དགོས་ན་ཁྱེད་ཉིད་ཐབས་ལམ་ཡང་དག་ཅིག་གི་གསང་ལམ་ནས་རྒྱུད་དེ་རང་ཉིད་ཀྱི་མདུན་ལམ་སྟེང་སྟབས་བདེའི་གོམ་སྟབས་བསྒྱུར་བ་ལ་འབད་དགོས།
  རེད་དེ་རྒྱུན་རིང་བའི་མི་ཚེའི་འགྲུལ་བཞུད་དང་རྟོགས་དཀའ་བའི་འཚོ་གནས་ཀྱི་རྣམ་པ་དག་དུས་ཡུན་ཐུང་ཐུང་ཞིག་གི་ནང་བསམ་གཞིག་ཆུང་ཆུང་ཞིག་གིས་མཚོན་མི་ནུས་མོད། འོན་ཀྱང་ལག་རྩེད་སྤོ་ལོ་རྩེ་བའི་འགྲན་ཚོགས་ལྟ་བུའི་རིགས་ཀྱིས་ཁྱེད་ཉིད་ལ་མི་ཚེའི་རྒྱུད་རིམ་ཁྲོད་འཚོ་བའི་གོམ་སྟབས་བསྒྱུར་བའི་ཐབས་ལམ་མི་ཉུང་བ་ཞིག་ངོ་སྤྲོད་བྱེད་སྲིད། མི་ཚེའི་དོན་སྙིང་ལ་ལྟ་བར་ཅིས་ཀྱང་ཐབས་ལམ་ཕུན་སུམ་ཚོགས་པ་ཞིག་གིས་རྒྱང་རིང་ནས་འགྲེང་སྟེ་ལྟ་བ་ལས་ཇི་ལྟར་འཚོ་གནས་ལ་ཉེ་བར་གཅར་བ་ཡིན་ན་དེ་ཙམ་གྱིས་འཚོ་གནས་ཀྱིས་ཁྱེད་ཉིད་མགོ་རྨོངས་སུ་འཇུག
  འཇར་མན་པ་སུའུ་པུན་ཧེར་གྱིས་བཤད་པ་ལྟར་མི་ཚེའི་འཚོ་གནས་ཀྱི་རྣམ་པ་ནི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བས་ཉེ་བར་གཅར་ནས་དེ་ཡི་རིན་ཐང་དང་མཛེས་པ་མཐོང་ཐབས་མེད། དཔེར་ན་ང་ཚོས་འདས་ཟིན་གྱི་ལས་བྱ་ལ་ཕྱིར་འདང་རྒྱག་སྐབས་ད་གཟོད་ནོར་འཁྲུལ་དང་བདེན་ལམ་གྱི་དབྱེ་བ་གསལ་པོར་ངེས་ཡོང་བ་འདི་འདས་ཟིན་གྱི་དོན་དག་ཚང་མ་ང་ཚོ་དང་རྒྱང་ཐག་ཇེ་རིང་དུ་སོང་བའི་རྟགས་རེད།
  འོན་ཀྱང་སྐབས་འདིར་ཐོན་དུས་འདས་ཟིན་གྱི་ལས་ལ་བཅོས་སྒྱུར་བྱ་ཐབས་མེད་དེ་སྔ་ནས་འགག་ཟིན་པའི་ཕྱིར། དེ་ཇི་ལྟར་གསལ་པོ་མཐོང་ཡང་དགོས་མཁོ་ཆུང་།  དེས་ན་ང་ཚོས་ད་ལྟའི་གནས་སྟངས་ལ་གོ་བ་ཡང་དག་ཅིག་ལོན་པར་བྱས་ནས། མཐར་ཐུག་གི་དམིགས་ཡུལ་འགྲུབ་པར་བྱེད་པའི་ཐབས་ལམ་མ་ནོར་བ་ཞིག་མཐར་ཆགས་སུ་སྦྲེལ་ནས་ད་ལྟའི་འཚོ་བ་དང་ད་ལྟ་རྒྱུད་བཞིན་པའི་མི་ཚེ་ལ་སྙིང་པོའི་བྲོ་བ་མྱོང་དགོས།
  ད་ལྟའི་འཚོ་གནས་འདི་དང་དུས་ཚོད་འདི་་མི་ཚེའི་བདེན་དོན་དང་ང་ཚོའི་བདེ་སྐྱིད་ཀྱི་ཆ་ཤས་ཡིན་པས་ཅིས་ཀྱང་གཙིགས་སུ་འཛིན་དགོས་པ་ལས་ཡུན་ཐུང་བའི་ཚེ་སྲོག་གི་འཚོ་སྐལ་འདི་བལྟས་བལྟས་རིག་རིག་ལ་སྐད་ཅིག་སྐད་ཅིག་གིས་ཡལ་འགྲོ་བས་ཆེས་མཐའ་མཇུག་གི་མི་ཚེའི་ལམ་བུར་སླེབས་ཚེ་ཕྱིར་འགྱོད་རྟས་མི་ཟིན་པ་དང་འདས་དྲན་སེམས་ནད་ཀྱི་ངོ་བོར་མི་འགྱུར་བའི་ངེས་པ་མེད།
  གཞོན་ནུ་ཞིག་གིས་རི་ཁྲོད་དུ་བཞུགས་པའི་གྲུབ་ཐོབ་གཅིག་ལ་མི་ཚེའི་གདམས་ངག་ཞུ་བར་ཕྱིན། གཞོན་ནུ་དེས་མི་ཚེ་གཅིག་གི་ནང་གལ་ཆེ་ཤོས་ཀྱི་ཉི་མ་དེ་གང་རེད། སྐྱེས་དུས་ཀྱི་ཉིན་མོ་རེད་དམ་ཤི་དུས་ཀྱི་ཉིན་མོ་རེད། ཡང་ན་བྱ་བཞག་ལེགས་གྲུབ་ཀྱི་ཉིན་མོ་རེད་དམ་ཐོག་མར་དགའ་རོགས་སྒྲིག་པའི་ཉིན་མོ་དེ་རེད་ཅེས་དྲིས་པར། གྲུབ་ཐོབ་དེས་ཁྱོད་ཀྱིས་བརྗོད་པ་དེ་དག་ཐམས་ཅད་མ་རེད། ངས་བལྟས་ན་ཁྱེད་ཀྱི་མི་ཚེའི་ནང་གལ་ཆེ་བའི་ཉིན་མོ་དེ་དེ་རིང་གི་ཉིན་མོ་འདི་རེད་ཅེས་སྨྲས། དེས་ན་གཞོན་ནུ་དེས་རྒྱུ་མཚན་ཅི་ལགས་ཞེས་དྲིས་པར་གྲུབ་ཐོབ་དེས་དེ་རིང་ནི་ང་ཚོར་དབང་བའི་རྒྱུ་ནོར་ཉག་གཅིག་རེད། ཁར་རྩང་ནི་མཚར་སྡུག་འོད་སྟོང་ལྡན་པ་ཞིག་ཡིན་ཡང་དེ་ནི་འདས་ཟིན་པས་སླར་དབང་ཐབས་མེད། སང་ཉིན་ཇི་འདྲའི་མཛེས་སྡུག་ཡིད་དུ་འོང་བ་ཞིག་ཡིན་ཡང་དེ་ད་དུང་སླེབ་རྒྱུ་ཡིན། འོན་ཀྱང་དེ་རིང་ནི་ཁར་རྩང་དང་སང་ཉིན་མི་འདྲ་བར་དེ་རང་ཉིད་ཀྱི་ལག་ནང་དུ་དབང་ཡོད་པས་རེད་ཅེས་གསུངས་པ་ནང་བཞིན་ང་ཚོས་ད་ལྟའི་གནས་སྟངས་འདི་དང་ད་ལྟའི་དུས་ཚོད་འདི་ངེས་པར་དུ་གཅེས་པར་འཛིན་ནས་བེད་སྤྱོད་བྱེད་དགོས་པ་ལས་རང་ཉིད་ལ་དབང་བའི་ད་ལྟའི་གོ་སྐབས་འདི་འཆོར་བ་ཡིན་ན་ཁྱེད་ཉིད་ཀྱི་མི་ཚེ་ལ་དོན་སྙིང་ལྡན་པའི་བྱ་བཞག་ཕུན་ཚོགས་ཤིག་ལེགས་འགྲུབ་ཡོང་དཀའ།
  དཔལ་དོན་གྲུབ་རྒྱལ་གྱིས་ཀྱང་མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ་བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་ཅེས་གསུངས་ཡོད་པ་ཡང་མི་སྒེར་གྱི་འཚོ་གནས་ལ་བསམ་བློ་གཏང་ན་ད་ལྟ་རང་ཉིད་ལ་དབང་བའི་དུས་ཚོད་དང་རྒྱུད་རིམ་ལ་གཙིགས་སུ་འཛིན་དགོས་པ་གསལ་པོ་རེད།
  ད་ལྟའི་རྒྱུད་རིམ་ལ་གོ་བ་ལེན་པའི་ཐབས་ལམ་སྣ་ཚོགས་པ་ཡོད་ཅིང་མི་ཚེའི་སྙིང་དོན་ལ་བརྩོན་ལེན་བྱ་ཚུལ་ཡང་མཐའ་ཡས་པ་ཞིག་མཆིས་པས་གྲོགས་དག་ཁྱེད་ཀྱིས་དགེ་ལས་ཀྱི་བྱ་བཞག་དང་རླབས་ཆེན་གྱི་མཛད་སྤྱོད་ལ་བརྟེན་ནས་མི་ཚེ་ལ་སྤྲོ་སྣང་དང་འཚོ་བ་ལ་མཛེས་སྡུག་བསྐྲུན་དགོས།
  སྒོམ་སྒྲུབ་མ་ཁྲི་རཱེ་ས་ཡིས་ཚེ་འདི་ཡི་བདེ་སྐྱིད་ཀྱི་སྤྲོ་སྣང་བློས་གཏང་ཏེ་མི་ཚེ་གཅིག་གི་དུས་ཡུན་བེད་སྤྱོད་བྱས་ཏེ་ཕ་མེད་མ་མེད་ཀྱི་དྭ་ཕྲུག་དང་བདག་མེད་ནོར་མེད་ཀྱི་སྤྲང་ཕྲུག་དྲུག་ཁྲི་ལྷག་སྙོར་སྐྱོང་མཛད་ཡོད། ད་དུང་མཛེ་ནད་ཅན་སོགས་ཉམ་ཆུང་བའི་ནད་པ་རྣམས་ལ་ནད་གཡོག་བྱས་ནས་དོན་ལྡན་གྱི་མི་ཚེ། འཛམ་གླིང་མི་དམངས་ཀྱིས་བསྔགས་བརྗོད་ཐོབ་པའི་འཚོ་གནས་ཀྱི་ངོ་བོ་ཞིག་བཙལ་ཡོད།
  འཇར་མན་པ་ཁར་ཝེ་ཐི་ཡིས་ཕ་རྒན་གྱི་སློབ་གསོའི་ཐབས་ལམ་ཁྲོད་སྔོན་ཐོན་ཤེས་འབྱོན་གྱི་ལམ་དུ་བསྙེགས་ནས་འཚོ་གནས་ཀྱི་སྙིང་པོ་འོད་སྟོང་ལྡན་པ་ཞིག་ལོན་ཡོད། དེ་དང་དེ་འདྲ་བའི་མཁས་པ་དང་རླབས་ཆེན་གྱི་མི་སྣ། མི་རིགས་ཀྱི་ཤུལ་འཛིན། རྗེས་རབས་པའི་ལམ་སྟོན་མཁན་རྣམས་རང་རང་གི་ཐབས་ལམ་ལ་བརྟེན་ནས་འཚོ་གནས་ཀྱི་སྙིང་པོ་བསྐྲུན་པ་ནི་བཟང་ལྟ་ཡར་བལྟས་ཀྱི་དཔེ་རུ་བྱས་ནས་ཉུང་ཉུང་ཙམ་བགྲང་བ་ཡིན་མ་གཏོགས་མི་ཚེའི་སྙིང་དོན་གྱི་དྲོ་བ་མྱོང་མཁན་ནི་ཁོང་རྣམ་པ་ཙམ་མ་ཡིན་པར་ཆབ་སྲིད་པ་དང་ཆོས་ལུགས་པ་མང་པོ་ཞིག་གིས་མྱོང་བ་མ་ཟད་གོམས་འདྲིས་སུ་སོང་ཡོད། ཤེས་དགོས་པ་ཞིག་ལ་ང་ཚོས་ད་ལྟའི་གནས་བབ་དང་ད་ལྟའི་ཤེས་ཡོན་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེ་ལ་མཛེས་སྡུག་བསྐྲུན་པ་ལས་འདས་སོང་གི་བྱ་བཞག་དང་འབྱུང་འགྱུར་གྱི་གནས་ཚུལ་ལ་རེ་ལྟོས་འཆང་བས་ང་ཚོ་ལ་འཚོ་བ་ཕུན་སུམ་ཚོགས་པ་ཞིག་རྙེད་མི་ནུས།
  མི་ཚེའི་འཚོ་བ་རོལ་བར་ནི་ལག་རྩེད་སྤོ་ལོ་འགྲན་པ་ནང་བཞིན་འགྲན་ཚོགས་ཀྱི་རྣམ་པ་ཞིག་ལས་མ་འདས་པས་འགྲན་རྩོད་ཀྱི་བསམ་པ་དང་རྒྱལ་འདོད་ཀྱི་འདུན་པ་ནི་འཚོ་གནས་ཀྱི་རྨང་གཞི་དང་དོན་སྙིང་གི་ས་བོན་དུ་ཆགས་ཡོད། འོན་ཀྱང་སྤོ་ལོའི་འགྲན་ཚོགས་ལྟ་བུའི་ལས་འགུལ་མི་ཉུང་བ་ཞིག་གིས་མི་ཚེའི་སྙིང་དོན་འཚོལ་བའི་མན་ངག་གི་སྡོམ་ཚིག་བཀོད་ལ།  འཚོ་གནས་ཀྱི་རྣམ་པའི་བྲོ་བ་ནི་མངར་སྐྱུར་ཅི་འདྲ་ཞིག་ཡིན་པའི་མཐའ་ཚིག་བསྒྲགས་པ་ལ་བརྟེན་ནས་ཁྱེད་དང་ང་ལྟ་བུའི་ཤེས་ལྡན་རྣམས་ལ་གོ་རྟོགས་དང་ངེས་ཤེས་ཡང་དག་ཅིག་ཐོབ་སྲིད་པས་ཡུན་ཐུང་གི་ལས་འགུལ་ལ་བསམ་གཞིག་བྱེད་རྒྱུ་ནི་ད་ལྟའི་ཤེས་འཇོན་ལ་ངེས་པ་ཐོབ་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན།
  ང་ཚོ་ད་ལྟའི་འཚོ་གནས་འདིར་མི་ཚེའི་འགྲུལ་བཞུད་རྩོམ་པ་ནི་ལག་རྩེད་སྤོ་ལོ་རྩེ་བའི་འགྲན་ཚོཊ་ཁྲོད་དུ་ཞུགས་པ་དང་གཅིག་པ་ཡིན་པས་སྤོ་ལོའི་འགྲན་ཚོགས་ཀྱི་རྒྱུད་རིམ་དང་གནས་སྟངས་ལ་བསམ་གཞིག་བྱས་ནས་ང་ཚོ་ཚང་མ་མི་ཚེའི་དོན་སྙིང་ལ་གོ་བ་ཡང་དག་ཅིག་རྙེད་པར་བྱེད་དགོས་པ་དང་ངེས་པར་དུ་རྒྱུད་དགོས་པའི་མདུན་ལམ་དེ་མོག་མོག་པོར་མ་གྱུར་པ་གསལ་དག་སྒྲོས་གསུམ་གྱི་སྒོ་ནས་འཚོ་གནས་ཀྱི་ངོ་བོ་བསྐྲུན་པ་ལ་བརྩོན་པའི་ཐབས་ལམ་ཞིག་རྙེད་པར་ཅི་ནས་ཀྱང་འབད་པར་འཚལ་།
  སྤོ་ལོ་རྩེ་བའི་རྒྱུད་ཁྲོད་དུ་ཁྱེད་ཉིད་ཐོག་མར་སྤོ་ལོ་རྩེ་འདོད་ཀྱི་འདུན་པ་དང་སྤོ་ལོའི་འགྲན་ཚོགས་ལྟ་བུའི་བྱ་འགུལ་གྱི་ངོ་བོ་ལ་འདོད་མོས་ཀྱི་བསམ་པ་ཞིག་སྔོན་དུ་འགྲོ་དགོས་པ་ལས་སྤོ་ལོ་རྩེ་བར་སུན་སྣང་གིས་ཁེངས་པ་ཡིན་ན་སྤོ་ལོའི་འཇིག་རྟེན་གྱིས་ཁྱེད་ཀྱི་འཚོ་བ་ལ་སྤྲོ་བ་གང་ཡང་སྟེར་མི་ནུས་པ་མ་ཟད་སྤོ་ལོའི་ཁོར་ཡུག་དང་གྱེས་ནས་གནས་ཡུལ་གཞན་པ་ཞིག་ཏུ་མི་འགྲོ་ཐབས་མེད་རེད།
  གལ་ཏེ་ཁྱེད་ཉིད་ཀྱིས་འཚོ་གནས་འདིར་སྙིང་པོ་གང་ཡང་ཡོད་པར་མི་མཐོང་། མི་ཡུལ་འདིར་རྒྱུན་མཐུད་དུ་འཚོ་སྡོད་བྱེད་པའི་བསམ་པ་མེད་པ། དེའི་ཕྱིར་ན་སྐྱོ་བ་དང་རེ་ཆད་ཀྱི་བློ་ཞིག་སྐྱེས་ཚེ་མི་ཚེའི་སྙིང་དོན་འཚོལ་བསྡུད་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རྙེད་ཐབས་བྲལ། དེས་ན་འཚོ་གནས་ཀྱི་འདོད་བློ་ནི་མི་ཚེའི་རྒྱུད་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་གལ་ཆེ་ཞིང་ཕན་ཐོག་ཆེ་བ་ཡིན་ཏེ་ཐོག་མར་འཇིག་རྟེན་འདི་རུ་་གནས་པར་བྱེད་པ་དང་། བར་དུ་གནས་པ་ཙམ་གྱིས་ཡིད་མ་ཚིམས་པར་འཚོ་བའི་ཐབས་ལམ་གོང་ནས་གོང་དུ་སྤེལ་བར་བྱེད་པ། མཐའ་མར་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཐབས་ལམ་དག་མི་ཉམས་རྒྱུན་དུ་གནས་པར་བྱ་བ་དང་རླབས་སུ་ཆེ་བའི་མཛད་རྗེས་ཀྱི་རྒྱུ་ཡིན་པའི་ཕྱིར། མྱུ་གུ་སྨིན་པར་བྱེད་པའི་རྒྱུ་ལ་ས་བོན་ངེས་པར་དུ་ཡོད་དགོས་པ་དང་ཇི་མ་ཇི་བཞིན་ཡིན།
  དེས་ན་མུ་མཐུད་ནས་མི་ཚེའི་འཚོ་བ་རོལ་བ་ལ་ངེས་པར་དུ་མོས་པ་དང་འདོད་འདུན་དགོས་ཤིང་།  གལ་ཏེ་མི་ཡུལ་གྱི་འཚོ་གནས་ལ་སྙིང་པོ་ཡོད་པར་མ་མཐོང་ཞིང་དགའ་སྐྱོ་ཆགས་སྡང་འདྲེས་མའི་མིའི་རིགས་ཀྱི་གནས་སྟངས་འདི་ལ་སྐྱོ་བ་དང་སུན་སྣང་སྐྱེས་པ་ཡིན་ན་ཁྱེད་ཀྱི་ཚེ་སྲོག་གི་གཞུར་རྒྱུན་དང་ཕུགས་རིང་གི་དམིགས་འདུན་ཡོད་ཚད་འཇའ་ཡལ་བ་ལྟ་བུའི་ངང་ཚུལ་དུ་གྱུར་འགྲོ་ལ། འཚོ་འདོད་མེད་པའི་ཚེ་སྲོག་ནི་ཆུ་ལུད་མེད་པའི་ས་བོན་ནང་བཞིན་གློ་བུར་ཆག་འཇིག་གི་རང་བཞིན་ལས་མ་འདས་པས་ཐ་ན་རང་སྲོག་གཅོད་དེ་འཇིག་རྟེན་འདི་དང་རྒྱང་རིང་དུ་ཁ་བྲལ་བར་བྱེད་པའི་ཉེན་ཁ་ཡོད།

           སུན་སྣང་།
  འཚོ་གནས་ཀྱི་སུན་སྣང་དེ་རང་རྒྱུད་ལ་སྐྱེད་པར་བྱེད་པའི་རྒྱུ་ལ་གཉིས་ཡོད་དེ། གཅིག་ཕྱི་རོལ་དམིགས་པའི་ཡུལ་སྟེ་གཞན་ངོ་ལ་ལྟོས་ནས་བསྐྱེད་ཚུལ་དང་། གཅིག་ཤོས་རང་ཉིད་ནང་སེམས་འཛིན་སྟངས་ཀྱི་ཆ་ནས་རང་ངོ་ལ་ལྟོས་ནས་བསྐྱེད་ཚུལ་ལོ། དང་པོ་རང་ཉིད་ཀྱིས་མི་ཚེའི་དོན་སྙིང་ལ་ཇི་ལྟར་བརྩོན་ལེན་བྱས་ཀྱང་ཕྱི་རོལ་ཡུལ་གྱི་ཤུགས་རྐྱེན་ལ་བརྟེན་ནས་མུ་མཐུད་དུ་འཇིག་རྟེན་འདིར་འཚོ་སྡོད་བྱེད་ཐབས་མེད་པ།
  དཔེར་ན་སྙན་ངག་པ་རང་གྲོལ་ལྟ་བུ་ཡིན། ཁོང་གིས་ཐོག་མར་མི་ཆོས་ཀྱི་རིག་གནས་དང་ཀུན་སྤྱོད་ཀྱི་རྒྱུན་གཤིས་ལ་གོམས་འདྲེས་བྱས་པ་སོགས་བརྩོན་ལེན་གྱི་རྣམ་པ་དེ་དག་ནི་མི་ཚེའི་ལམ་བུ་དེར་གོམ་བགྲོད་བྱེད་པའི་འདུན་པ་ཡོད་པ་དང་མི་དང་མིའི་བར་དུ་རྗེས་ལུས་ཀྱི་རྣམ་པ་མི་མངོན་པར་འཚོ་གནས་སྙིང་པོ་ལེན་པར་འདོད་པའི་ཀུན་སློང་གི་བསམ་པ་ཡོད་པས་ཡིན། སྤོ་ལོ་རྩེ་བའི་ཀུན་སློང་གི་འདུན་པ་ཤུགས་ཆེན་ཞིག་སྔོན་དུ་གཏང་ནས་སྤོ་ལོ་རྩེ་བའི་རྒྱུ་རྩལ་སྣ་ཚོགས་པ་ལ་སྦྱངས་པ་མཛད་པ་ནང་བཞིན་འཚོ་སྡོད་ཀུན་སློང་གི་མོས་པ་ལ་བརྟེན་ནས་ཁོང་གིས་ཡིག་རིགས་འདྲ་མིན་སྣ་ཚོགས་སྦྱངས་། གནའ་དེང་གི་མཁས་པ་མང་པོ་ཞིག་གིས་བརྩམས་པའི་རྩོམ་ཆོས་བལྟ་བ་དང་སྙན་ངག་སོགས་རིག་གནས་ཆེ་ཆུང་ཅི་རིགས་ལ་བསླབ་སྦྱོང་བྱེད་པ། ད་དུང་དཔེ་ཀློག་གི་ཁྲོད་དུ་གོ་རྟོགས་རྙེད་པའམ་ཉམས་མྱོང་གི་ཁྲོད་དུ་ངེས་ཤེས་དྲངས་པ་བཅས་གང་རུང་ལ་ལྟོས་ནས་རང་ཉིད་ཀྱིས་རྩོམ་ཡིག་འབྲི་བ་དང་། ལས་འགུལ་སྤེལ་བ། གཞན་ལ་སློབ་ཁྲིད་མཛད་པ་ལྟ་བུ་ནི་མི་ཡུལ་འདིར་འཚོ་ཞིང་གནས་པའི་ཐབས་ལམ་ལ་བརྩོན་བཞིན་པ་རེད།
འོན་ཀྱང་ཁོང་གིས་རྙེད་པའི་འཚོ་གནས་ཀྱི་ཐབས་ལམ་དེ་ནི་འཚོ་གནས་ཀྱི་ཞིང་སར་གྱུར་པའི་ཕྱི་རོལ་གྱི་ཡུལ་དང་འབྲེལ་ཡོད་ཀྱི་མི་བཅས་ལ་ཕན་ཚུན་ལྡོག་ཕྱོགས་སུ་སོང་བས། རྡོ་ལེབ་སྐམ་པོའི་སྟེང་ས་བོན་གྱིས་མྱུ་གུ་བསྐྱེད་མི་ནུས་པ་ལྟར་ཁོང་གིས་འཚོལ་བསྡུད་བྱེད་པའི་ཐབས་ལམ་དེས་གནས་ཡུལ་དེ་ནས་རང་ཉིད་ལ་མཁོ་བའི་འཚོ་གནས་ཀྱི་སྙིང་དོན་གང་ཡང་ཐོབ་མི་སྲིད་པས་འཚོ་གནས་ཀྱི་ཡུལ་དེར་སྡང་ཟུག་གིས་རྒྱབ་ཕྱོགས་ཏེ་འཇིག་རྟེན་འདི་དང་ཁ་བྲལ་ནས་མུན་ནག་གི་འཇིག་རྟེན་མདུན་དུ་བསུས་པ་མ་ཡིན་ནམ། ཕྱོགས་གཅིག་ནས་བསམ་གཞིག་བྱེད་ན་རྒྱང་རིང་དུ་དམིགས་པའི་ཕུགས་ཀྱི་འདུན་མ་དེའི་ཆེད་དུ་རང་ཉིད་ལ་ཡོད་ཚད་བློས་གཏང་ནས་ཐ་ན་ཚེ་སྲོག་ཀྱང་ཕངས་མེད་དུ་མཛད་པ་ནི་སྙིང་སྟོབས་ལྡན་པའི་དཔའ་བོའི་མཛད་བྱང་ཞིག་རེད། མཁས་དབང་དགེ་ཆོས་ཀྱང་བཻཌཱུར་ཡའི་བུམ་པ་ཞིག་རྡོ་ལ་རྒྱབ་པ་ནས་བཟུང་འཚོ་གནས་འདིར་སྐྱོ་བ་དང་སུན་སྣང་གིས་ཁེངས་པའི་ཚོར་བ་ཞིག་ཡོད་པ་ནི་ཕྱི་རོལ་ཡུལ་གྱི་རྐྱེན་ལས་བྱུང་བ་སྨོས་མི་དགོས།
  གཉིས་པ་རང་ཉིད་ནང་སེམས་ཀྱིས་འཛིན་སྟངས་ཀྱི་ཆ་ནས་འཚོ་གནས་ལ་སྐྱོ་བ་འབྱུང་ཚུལ་ནི་བརྩོན་ལེན་གྱི་ལམ་བུ་ནས་ཕམ་ཁ་དང་འཕྲད་ཚེ་བློ་ཆུང་བག་མེད་དུ་གྱུར་པ། དཔེར་ན་ཚོང་ལམ་དུ་མ་སོང་བ་དང། དགའ་རོགས་ཀྱིས་གློ་བུར་དུ་སྐྱུར་བ་སོགས་དོན་སྐྱེན་དེ་ལྟ་བུ་ལ་བརྟེན་ནས་རང་ཉིད་ཀྱི་ཚེ་སྲོག་རྟ་རྔ་ཙམ་པོ་དེ་དོན་མེད་དུ་འཕྲོ་བརླག་གཏོང་མཁན་ཡང་ཡོད། སློབ་གསོའི་མཁའ་དབུགས་ངན་པ་ལ་བརྟེན་ནས་དོན་སྙིང་ལྡན་པའི་མི་ཚེ་ཞིག་རྙེད་རྒྱུ་ཡོད་པར་ངེས་ཤེས་ཡང་དག་ཅིག་ནི་མ་དྲངས་། འཚོ་གནས་འདིར་སྙིང་པོ་གང་ཡང་མེད་པར་དམིགས་ཏེ་བྱ་ལས་ཀྱི་དོན་གང་ལའང་མི་གཉེར་བར་དོན་མེད་ཡུལ་འཁྱམ་བྱེད་པ་དང་ཕྱི་མ་ལྷ་ཡུལ་གྱི་བདེ་སྐྱིད་ལ་སྨོན་ནས་རང་ལུས་མཚོན་ཁར་འཇོག་མཁན། ད་དུང་རང་གིས་རང་ལ་རྒྱལ་ཁ་ལོན་པའི་ཡིད་ཆེས་དང་སྤོབས་སེམས་མེད་པར་མི་ཚེའི་དུས་ཡུན་འདི་དོན་མེད་ཆུད་ཟོས་སུ་གཏོང་མཁན་དེ་དག་ནི་རང་ཉིད་འཇིག་རྟེན་འདིར་བལྟ་བའི་མིག་དང་བྲལ་ནས་འཚོ་གནས་འདི་ལ་ལྟོས་པའི་ཕུགས་འདུན་གྱི་བསམ་པ་མེད་པས་ཁྱེད་ཀྱིས་མི་ཚེ་ལ་དོན་སྙིང་ལྡན་པའི་མཛེས་སྡུག་བསྐྲུན་པ་ལྟ་ཅི་ཐ་ན་ཞི་བདེ་ལྷིང་འཇག་གི་འཚོ་བ་ཙམ་རོལ་པའི་ནུས་པ་མེད།
  བུ་མོ་ཀྲོའུ་ཞུའེ་ཞའོ་ཡིས། དེའང་མི་སུ་ཡིན་ཡང་འཇིག་རྟེན་འདི་དང་ཁ་བྲལ་བར་འདོད་པའི་དུས་ཤིག་ཡོད་ཚེ། འཇིག་རྟེན་ལ་རེ་ཐག་ཆད་པ་ཡིན་ཞིང་འཇིག་རྟེན་འདི་ལ་རེ་ཐག་ཆད་དོན་ཡང་མ་འོངས་པའི་འཚོ་བ་རོལ་འདོད་མེད་པ་ཡིན་ཤག་རེད་ཅེས་གསུངས་པ་ནང་བཞིན་འཚོ་གནས་ཀྱི་སྙིང་དོན་ལ་བསམ་བློ་མི་གཏང་། མི་ཚེའི་མདུན་ལམ་ལ་བསམ་གཞིག་མི་བྱེད་པར་གནས་ཡུལ་འདི་དང་རྒྱང་རིང་དུ་འགྱེས་པ་ནི་ཁྱེད་རང་གི་འཚོ་ཡུལ་ལ་རེ་ཐག་ཆད་པ་གཏན་ཁེལ་རེད།
ཨེ་ཏི་སི་ཨར་རེ་ཏིས་རང་གི་གྲོཊ་པོ་ལ་བསྐུར་བའི་འཕྲིན་ཡིག་ནང་དུ་བཤད་རྒྱུར། ང་ནར་སོན་རྗེས་རང་ལས་ལོ་འགའ་ཆེ་བ་ཞིག་དང་བཟའ་ཟླ་བྱས། འོན་ཀྱང་ང་ལ་འགྱུར་ལྡོག་ཅི་ཡང་མེད། ངའི་ཁྱོ་བོའི་ཁྱིམ་ཚང་ནི་བརྟན་པོ་དང་རང་རྟོན་ཅན་གྱི་ཁྱིམ་ཚང་ཞིག་རེད། ངས་རང་ཉིད་ཁོ་ཚོ་དང་འདྲ་བ་ཞིག་བྱེད་འདོད་ན་བསྒྲུབ་མི་ཐུབ། ང་ནི་ཉིན་རེ་ལས་ཉིན་རེ་སེམས་འཚུབ་ཅིང་ཁྲོ་སླ་ལ། གྲོགས་པོ་སུ་ལ་འཕྲད་ཀྱང་འཇིགས་དོགས་ཆེ་བ་ཞིག་ཏུ་གྱུར། སྤྱི་སྤྱོད་ར་བར་ཐེངས་རེར་སོང་དུས་ཅི་ཐུབ་གང་ཐུབ་ཀྱིས་རང་ཉིད་སྣང་བ་སྐྱིད་པའི་རྣམ་འགྱུར་བསྟན་ཞིང་ཐ་ན་ཚད་ལས་བརྒལ་བའི་ཚུལ་འཆོས་ཀྱང་བྱས་པ་ཡིན། དེ་ལྟར་བྱས་རྗེས་ཉིན་འགའ་འགོར་ཀྱང་ང་ད་དུང་ཐང་ཆད་ནས་ཤི་ལ་ཁད་བྱེད་པས། ད་གཟོད་རང་གི་བྱེད་སྟངས་ཚད་ལས་བརྒལ་དྲག་པ་ཤེས་ཡོང་། སྐབས་འགའ་རེར་རང་ཉིད་མུ་མཐུད་དུ་འཚོ་ཞིང་གནས་ན་སྙིང་པོ་ཡོད་མེད་ལ་དོགས་པ་ཟ་ཞིང་། དེ་ནས་རང་ཤི་རྒྱག་རྒྱུ་ཡང་དྲན་ཡོང་བ་རེད། ཅེས་དང་པོ་རང་ཉིད་འཇིག་རྟེན་འདི་ལ་ཡིད་ཐང་ཆད་པའི་དུས་ཤིག་བྱུང་བ་ར་སྤྲོད་བྱས་པ་འདི་ནི་རང་ཉིད་ཀྱིས་རང་ཉིད་དང་ལེན་བྱེད་མ་ནུས། བསམ་བློ་གུ་ཡངས་དང་ཕུགས་ཀྱི་འདུན་མ་མེད་པ། འཇིག་རྟེན་འདིར་འཚོ་སྡོད་བྱེད་མི་འདོད་པའི་གནས་སྟངས་ཕྱོགས་གཅིག་མཚོན་ཡོད། སྔ་མ་ཕྱི་ཡུལ་ལ་ལྟོས་ནས་སྐྱེས་པའི་སུན་སྣང་དེ་ནི་ཕྱི་རོལ་གྱི་ཡུལ་གང་ཡིན་པ་དེ་རང་ཉིད་ཀྱིས་དང་ལེན་བྱེད་མ་ནུས་པས་ཡུལ་ངོས་ནས་རེ་ཐག་ཆད་པའི་ཚོར་སྣང་རིམ་གྱིས་རང་རྒྱུད་དུ་སྐྱེས་པ་ཡིན།
  དེ་ལྟ་བུ་ནི་ཁོར་ཡུག་གིས་ཁྱེད་རང་རྒྱང་དུ་བསྐྱུར་བ་རེད་ལ་ཁྱེད་རང་ཉིད་ཀྱང་ཁོར་ཡུག་དེ་ལ་བསྟུན་མ་ཐུབ་པ་རེད། དེས་ན་འཚོ་གནས་འདིར་དམིགས་པའི་སྨོན་འདུན་རིང་མོ་ཞིག་དང་མདུན་བསྐྱོད་ཀྱི་སྤོབས་སེམས་མཐོན་པོ་ཞིག་གིས་ཁྱེད་ཀྱི་མི་ཚེའི་ཚེ་སྲོག་ལ་དུས་ཚོད་ངེས་ཅན་ཞིག་ཐག་གཅོད་བྱེད་ཐུབ་པ་མ་ཟད་ཁྱེད་ཀྱིས་འཚོ་གནས་ཀྱི་ཁྲོད་དུ་རིན་ཐང་ངེས་ཅན་ཞིག་དང་།  སྙིང་པོ་བླ་ན་མ་མཆིས་པ་ཞིག་བསྐྲུན་པར་མཛད་ཐུབ་།

           གཅེས་སྤྲས།
  ལག་རྩེད་སྤོ་ལོ་འགྲན་སྐབས་དང་པོ་ནས་སྒྱུ་རྩལ་ལ་གོམས་ཤིང་འགྲན་རྩོད་ལ་ཆ་རྒྱུས་ལྡན་པའི་མི་ཞིག་ས་སྟེང་འདིར་མེད་པས་སྦྱོང་བའི་རིམ་པ་སྔོན་དུ་འགྲོ་དགོས་པས་སྦྱང་རིམ་ནས་དབུ་བཟུང་།
  མི་ཚེ་སྐྱེལ་བར་ཅིས་ཀྱང་དོན་དང་ལྡན་པ་དང་དོན་དང་མི་ལྡན་པ་སོ་སོར་རྣམ་པར་འབྱེད་པའི་ཤེས་རབ་ཅིག་གིས་སྣེ་འཁྲིད་འོག་ནས་མི་ཚེའི་འཚོ་གནས་ཀྱི་ལྟ་ཚུལ། འཚོ་གནས་སྙིང་པོའི་རིན་ཐང་གི་ལྟ་ཚུལ་བཅས་མིའི་རིཊ་ཀྱི་ཐུན་མོང་མིན་པའི་རྟོག་དཔྱོད་ལ་བརྟེན་ནས་རང་ཉིད་མུ་མཐུད་དུ་འཇིག་རྟེན་འདིར་འཚོ་ཞིང་གནས་པ་ལས། དུད་འགྲོ་རྩ་གཟན་གྱིས་རྩྭ་ཟ་བ་དང་གཅན་གཟན་ཤ་གཟན་གྱིས་ཤ་ཟ་བ་ནང་བཞིན་འགྲོ་ལོ་འདུག་ལོ་ཙམ་ཞིག་གིས་མི་ཡུལ་འདིར་འཚོ་སྡོད་བྱེད་པ་ཡིན་ན་འགྲོ་བ་མིའི་རིན་ཐང་གི་ལྟ་ཚུལ་སྙིགས་ཟོམ་དུ་གཡུགས་པ་རེད་ལ་སྐུ་ཉིད་ལ་དབང་བའི་དུད་འགྲོའི་རིགས་ལས་ལྷག་པའི་མིའི་རྟོག་དཔྱོད་ཀྱི་རྣམ་ཤེས་དེ་གོ་མེད་ཚོར་མེད་དུ་སོང་བ་རེད།
  ད་དུང་ཁྱེད་ཀྱིས་མིའི་རིགས་ཀྱི་འཚོ་གནས་འདིར་དུད་འགྲོའི་བརྟུལ་ཞུགས་ལྷུར་བླངས་པའི་རྐང་རྗེས་ཙམ་ལས་མཐོ་རིམ་གྱི་ཤེས་ལྡན་ཞིག་གི་སྣང་བརྙན་གང་ཡང་མཐོང་རྒྱུ་མེད་ན། དེ་ནི་འཚོ་གནས་འདིས་ཁྱེད་ཀྱི་འགྲོ་ལམ་བཀག་པ་མིན་ཡང་ཁྱེད་རང་ཉིད་ཀྱི་སེམས་ལ་འཇིག་རྟེན་འདི་ལ་ལྟོས་པའི་ལྟ་ཚུལ་ཡང་དག་ཅིག་མེད་པས་ཡིན།  སྤོ་ལོའི་འགྲན་ཚོཊ་ཀྱི་རིན་ཐང་དང་འགྲན་ཚོགས་ཀྱི་ཐོབ་འབྲས་བཅས་ལ་ལྟ་ཚུལ་སྤུས་དག་ཅིག་མེད་ན་རང་ཉིད་འགྲན་ཚོགས་སུ་ཞུགས་པ་ལྟ་ཅི་ཐ་ན་ལྟད་མོ་ལྟ་བའི་འདུན་པ་ཙམ་ཡང་སྐྱེ་མི་སྲིད་པས་ཁྱེད་སྤོ་ལོའི་འགྲན་ཚོགས་དང་དེའི་གནས་ཡུལ་ལས་རྒྱང་ཐག་ཇེ་རིང་དུ་མི་འགྲོ་ཀ་མེད་རེད།
  དེས་ན་སྤོ་ལོ་རྩེ་བའི་རྩེ་རིཊ་ལྟ་བུའི་འགྲན་ཚོགས་ཀྱི་ཁྲོད་དུ་ཞུགས་པ་ནི་རྩེད་རིགས་དེར་ལྟ་ཚུལ་མཐོན་པོ་ཞིག་དང་ཕུགས་འདུན་རིང་པོ་ཞིག  དགའ་ཞེན་གྱི་བསམ་པ་ཤུགས་ཆེན་ཞིག  དཔྱིད་དུས་ཞིང་ལ་ས་བོན་བཏབ་པ་ལྟར་རང་རྒྱུད་དུ་མངོན་གསལ་དོད་པོའི་སྒོ་ནས་ཕག་ཏུ་བཞག་ཡོད་པའི་རྟགས་ཤིག་རེད། དགའ་ཞེན་གྱི་བསམ་པ་ནི་བྱ་བ་གང་ཞིག་བརྩམས་ཀྱང་སྔོན་འགྲོའི་ཆ་རྐྱེན་དུ་མེད་ན་མི་རུང་ལ། འཚོ་གནས་ཀྱི་དོན་སྙིང་ལ་བརྩོན་ལེན་བྱེད་པར་འཚོ་གནས་ཀྱི་འདོད་བློ་དང་མཉམ་དུ་རླབས་ཆེ་བའི་ཕུགས་འདུན་གྱི་བསམ་པ་ཞིག་ངེས་པར་དུ་ཡོད་དགོས།
  སྤོ་ལོ་ལྟ་བུ་ཡིན་ན་འགྲན་ཚོགས་ཀྱི་ཁྲོད་དུ་མི་ཞུགས་པར་རྒྱང་ནས་ལྟད་མོ་བལྟ་ཆོག་ཀྱང་མི་ཚེའི་འགྲན་རྩོད་འདི་ལྟ་བུའི་ཐོག་མ་ཞུགས་པའི་མི་ནི་གཅིག་ཀྱང་མེད། མཁས་པ་དང་སྙན་གྲགས་ཅན་རྣམས་ཀྱིས་འཇིག་རྟེན་འདིའི་ཐོག་ཏུ་མི་ཆོས་ཀྱི་ཟློས་གར་ལ་རོལ་བ་ཡིན་ཡང་ང་ཚོ་ཕལ་བ་རྣམས་དེ་ལ་ལྟད་མོ་བ་ཙམ་ཡིན་བསམ་མཁན་ཡང་ཡོད་སྲིད།
  འོན་ཀྱང་མི་སོ་སོའི་དམིགས་ཡུལ་དང་ཕུགས་བསམ་མི་འདྲ་བས་འཚོ་གནས་ཀྱི་སྙིང་པོ་བཙལ་བའི་ཐབས་འགའ་ཞིག་ལ་ལྟད་མོ་བལྟ་བཞིན་ཡོད་ལ་དེའི་ཕྱོགས་ཀྱི་འགྲན་རྩོད་ནི་ཁྱེད་དང་འབྲེལ་མེད་དོན་གཞན་དུ་གྱུར་ཡོད། རེད་དེ་ཐབས་ལམ་འགའ་ཞིག་ནི་རང་ཉིད་ཀྱིས་ལག་བསྟར་བྱེད་བཞིན་ཡོད་ལ་དེའི་ཕྱོགས་ཀྱི་འགྲན་རྩོད་ནི་ཁྱེད་ཀྱིས་གདོང་གཏད་དགོས་པའི་འགྲན་ཚོགས་ཚོ་ཆུང་ཞིག་རེད། དོན་དངོས་སུ་སྤོ་ལོ་རྩེ་མཁན་ཡིན་ན་རྩེ་མཁན་གྱི་ཁྲོད་དུ་འགྲན་རྩོད་ཡོད་ལ་ལྟད་མོ་བལྟ་མཁན་ཡིན་ན་ལྟ་མཁན་གྱི་ཁྲོད་དུ་འགྲན་རྩོད་ཡོད།
  འགྲན་རྩོད་ཀྱི་འདུན་པ་སྐྱེས་ནས་མི་ཚེའི་སྙིང་དོན་ལ་བརྩོན་ལེན་བྱེད་པ་ནི་སྤོ་ལོའི་འགྲན་ཚོགས་ལྟ་བུ་འགྲན་རྩོད་ལ་དངོས་སུ་ཞུགས་པ་ཡིན་པས་དུས་དེ་ནས་བཟུང་འགྲན་སེམས་དང་བརྩོན་སེམས་རྣམས་རང་རྒྱུད་དུ་སྐྱེས་པའི་འགོ་ཚུགས། ཁྱེད་ཉིད་ཀྱིས་འཚོ་གནས་ཀྱི་སྙིང་དོན་བཙལ་བའི་དངོས་གཞིའི་ལམ་དུ་ཞུགས་པར་མ་ཟད་དོན་ལྡན་གྱི་མི་ཚེའི་གྲུབ་འབྲས་ཤིག་མངོན་དུ་གྱུར་པར་ཉེ་ཡོད།
  སྤོ་ལོའི་འགྲན་ཚོགས་ལ་དངོས་སུ་ཞུགས་ཚར་རྗེས་སུ་དགོས་ངེས་པའི་ཆ་རྐྱེན་དུ་མ་ཞིག་མ་ཚང་ན་ཁྱེད་ཉིད་འགྲན་ཚོགས་ཀྱི་ཐོབ་འབྲས་ལོན་མི་སྲིད་པ་ལྟར་ཡིན་པས་སྤོབས་སེམས་དང་ཡིད་ཆེས་བཅས་ངེས་པར་དུ་འཛོམས་དགོས་ཤིང་ནུས་ཤུགས་གང་ཡོད་ཀྱི་སྒོ་ནས་རིམ་བཞིན་མདུན་དུ་གོམ་བགྲོད་བྱས་ཏེ། རྒྱང་རིང་བའི་ཕུགས་འདུན་དེ་མངོན་དུ་འགྱུར་བའི་ཆེད་དུ་རང་དང་གཞན་ལ་ཕན་ངེས་པ་ནི་ཤེས་ཡོན་གྱི་རིན་པོ་ཆེ་འདི་ཡིན། དེས་ན་རང་གི་ལག་ཏུ་བཟུང་བཞིན་པའི་ཡབ་མེས་ཚོའི་ཤུལ་རྫས་དང་རང་གིས་བདག་དབང་དུ་རུང་བའི་གོ་སྐབས་རྣམས་དོན་མེད་ཆུད་ཟོས་སུ་མི་གཏོང་བར་མཐར་འབྲས་བཟང་པོ་ཞིག་སྨིན་དུ་འཇུག་པར་བརྩོན་དགོས།
  སྤོབས་པ་ནི་ལས་དོན་གང་ཞིག་བསྒྲུབ་ན་དེར་གསོས་འདེབས་པའི་རྐྱེན་གཙོ་བོ་ཞིག་རེད། སྤོབས་པའི་གདེང་དང་ལྡན་པའི་མིས་འགལ་རྐྱེན་གྱི་བར་ཆད་སྐབས་ཐམས་ཅད་དུ་ལྷག་མེད་དུ་བཅོམ་ནུས་ལ་རང་ཉིད་ཀྱིས་སྦྱངས་པའི་ཡོན་ཏན་ཀུན་གོ་མེད་ཚོར་མེད་དུ་མི་གཏང་བར་བློ་ཡིད་ཚིམས་ཐུབ་པའི་གྲུབ་འབྲས་སྤུས་དག་ཅིག་ལེགས་འགྲུབ་ཡོང་ཐུབ། ཆོད་སེམས་བརྟན་པོའི་སྒོ་ནས་རྒྱལ་ཁ་རྩོད་པ་ཡིན་ན་ད་གཟོད་གཞི་ནས་གདོང་གཏད་ཀྱི་རྩོད་འགྲན་ལས་བརྒལ་ནས་ཕུགས་འདུན་གྱི་ཕྱོགས་སུ་ཉེ་བར་བཅར་ནུས། རང་རྒྱུད་དུ་ཡོད་པའི་ཤེས་ཡོན་དེ་ཐབས་ཤེས་བཟང་པོ་ཞིག་གི་ལམ་ནས་བེད་སྤྱོད་ཐུབ་དང་མ་ཐུབ་ནི་རླབས་ཆེན་གྱི་བྱ་བ་ཡིད་དུ་འོང་བ་ཞིག་་འགྲུབ་མིན་གྱི་རྐྱེན་གཙོ་བོར་ཐུག་ཡོད།
འཇིགས་སྐྲག་ཆེ་ཞིང་ཡིད་ཆེས་མེད་པའི་མིས་བྱ་བ་ཆེ་ཕྲ་ཆུང་གསུམ་ཅི་ཡང་མཐའ་སྐྱེལ་མི་ནུས་པ་མ་ཟད་ཐ་ན་ཕ་མེས་ཚོས་བརྣག་ཁྲག་གིས་བསྒྲུབས་པའི་ཤུལ་བཞག་རྣམས་རང་ཉིད་ཀྱི་ལག་ཏུ་ཐོན་དུས་ཙན་དན་མེ་ལ་བསྲེགས་པ་ལྟར་དོན་ཡོད་དོན་མེད་དུ་བསྒྱུར། དོན་མེད་གཏན་མེད་དུ་བསྒྱུར་ནས་དོན་ལྡན་གྱི་མི་ཚེ་ནམ་ཡང་རྙེད་པར་མི་སྲིད།
  ཁྱེད་ཀྱི་མི་ཚེའི་དོན་སྙིང་ལ་འགྱུར་བ་གཏོང་མཁན་ནི་ཡེ་ཤུའི་ཆོས་ལུགས་པས་འདོད་པ་ལྟར་གཙོ་བདག་བྱ་བའི་ལྷ་ཞིག་མེད་ལ་ནང་ཆོས་པ་རྣམས་ཀྱིས་བཤད་པ་ནང་བཞིན་སྐྱེ་བ་སྔོན་མ་རང་ཉིད་ཀྱིས་བསགས་པའི་ལས་ཤིག་གིས་མི་ཚེ་འདི་ལ་འགྱུར་བ་གཏང་བ་ཁོ་ནས་ཀྱང་མིན། ང་ཚོའི་འཚོ་གནས་ཀྱི་ངོ་བོ་ལ་འགྱུར་བ་གཏང་མཁན་ནི་་ཁྱེད་རང་ཉིད་ཀྱི་བསམ་བློའི་ཀུན་སྤྱོད་དེ་སྤོབས་པ་དང་། བློ་ཆུང་།  ཡིད་ཆེས། རེ་ཆད། གཅེས་སེམས། སྡང་སེམས། བརྩོན་སེམས། ལེ་ལོ། སྨོན་འདུན་བཅས་ཀྱིས་མི་ཚེའི་རིན་ཐང་དང་བྱ་ལས་ཀྱི་ངོ་བོ་ཚང་མར་ཚད་ཐིག་འདེབས། དེས་ན་བསམ་བློའི་དཔལ་ཡོན་གྱི་ཁྲོད་དུ་སྙིགས་དོར་བཅུད་ལེན་བྱ་རྒྱུ་ནི་འཚོ་གནས་ཀྱི་ངོ་བོ་མཛེས་ཕྱོགས་སུ་བསྒྱུར་བའི་གནད་ཀྱི་རྩ་བར་ཐུག་ཡོད།
  སྤོ་ལོའི་འགྲན་ཚོགས་སྐབས་རང་ཉིད་ཀྱང་གཞན་དང་འདྲ་བར་སྤོབས་པའི་གདེང་ཤུགས་ཀྱི་སྒོ་ནས་འགྲན་ཡར་གདོང་གཏད་པ་ལས་ཉམ་ཆུང་དང་དངངས་སྐྲག་གི་ངང་དུ་གཞན་དང་འགྲན་ཡ་བྱེད་པ་ཡིན་ན་གཞན་པས་ཁྱེད་ཀྱི་མིག་མདངས་ལ་དཔག་ནས་རྒྱལ་ཁ་ལེན་པའི་ནུས་པ་མེད་པར་རྟོགས་ཐུབ་ཅིང་། ཁོས་མཐོང་ཆུང་དང་བརྙས་ཐབས་ཀྱིས་ཁྱེད་ལ་གདོང་གཏད་ན་ཁྱེད་ཉིད་ནི་དངངས་སྐྲག་ཇེ་ཆེ་དང་སྤོབས་པའི་གདེང་ཤུཊ་ཇེ་ཆུང་དུ་འགྲོ་སྐབས་ཁྱེད་ཉིད་ཀྱིས་རྒྱལ་ཁ་ལེན་པའི་གོ་སྐབས་སྐྲ་ཡི་རྩེ་མོ་ཙམ་ཞིག་ལས་ལྷག་མེད། སྐབས་དེ་དུས་སྦྱངས་པའི་ཡོན་ཏན་ཅི་འདྲ་ཞིག་ཡོད་ཀྱང་ནུས་པ་ཐོན་པའི་སྐལ་བ་མེད་ལ་ཁྱེད་རང་གི་ལག་རོགས་རྣམས་ཀྱིས་ནུས་ཤུགས་གང་ཡོད་ཀྱི་སྒོ་ནས་བརྩོན་ལེན་བྱེད་པའི་སྤོ་ལོ་དེ་ཁྱོད་ཀྱིས་དོན་མེད་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་ཡོད། ང་ཕམ་སོང་སྙམ་པའི་བློ་བྱུང་ན་ཁྱེད་ཕམ་ཚར་བ་རེད། ཁྱེད་རྒྱལ་ཁ་ལེན་པའི་གདེང་ཚོད་ཀྱི་བློ་མེད་ན་ཁྱོད་ཀྱིས་རྒྱལ་ཁ་ལོན་པའི་སྐལ་བ་མེད། རང་གི་ནུས་ཤུགས་ཡོད་ཚད་ཕྱིར་མངོན་པར་བྱས་ནས་ཕུགས་འབྲས་ཀྱི་ཕྱོགས་སུ་བསྐྱོད་དགོས་པ་ལས་ཁྱེད་ཀྱིས་བརྩོན་པ་མ་བསྐྱེད་པར་ཕུགས་འབྲས་ནི་ནམ་ཡང་ཁྱེད་ཀྱི་གམ་དུ་ཉེ་བར་མི་ཡོང་།
  རི་བོ་དེ་ཁོ་མ་ཧཱ་མ་ཏི་སར་འོང་མི་འདོད་ན། ང་མ་ཧཱ་མ་ཏི་རི་བོ་ཡོད་སར་འགྲོའོ་ཞེས་བཤད་པ་ནང་བཞིན་མཇུག་འབྲས་ནི་རི་བོ་ལྟ་བུ་ཡིན་ལ་རང་ཉིད་དེའི་ཕྱོགས་སུ་རང་ནུས་གང་ཡོད་ཀྱིས་འགྲོ་བ་ལས་རི་བོ་ལྟ་བུའི་མཇུག་འབྲས་དེ་ངམ་ངམ་ཤུགས་ཤུགས་ཀྱིས་ཁྱེད་ཀྱི་མདུན་དུ་ཡོང་མི་སྲིད། སྤོ་ལོ་བླུགས་སའི་གྲུག་དཔང་དེའི་གམ་དུ་རང་ཉིད་ཕར་འགྲོ་བ་ལས་གྲུག་དཔང་དེ་ཚུར་ཡོང་ནས་ཁྱེད་ལ་སྤོ་ལོ་བླུགས་པའི་གོ་སྐབས་སྟེར་མི་སྲིད་པ་དང་གཅིག་མཚུངས་རེད།
འགྲན་ཞུགས་པ་ཚང་མས་ཕ་རོལ་པོ་འགྲན་ཡ་གཞན་པ་ཐམས་ཅད་ཕམ་པར་བྱས་ནས་རང་ཕྱོགས་གཅིག་པུ་ཡིས་རྒྱལ་ཁ་ལེན་པར་མི་སེམས་ཀྱང་རང་ཉིད་གཞན་གྱི་རྗེས་སུ་མ་ལུས་པར་སྔོན་ཐོན་གྱི་ལམ་ལ་བསྙེགས་པ་འདོད། དེས་ན་སྤོབས་པ་ནི་སྔོན་ཐོན་གྱི་ལམ་ལ་བསྙེགས་པའི་ཞོན་པ་ལྟ་བུ་ཡིན་པ་མ་ཟད་བྱ་བ་གང་ཞིག་བསྒྲུབས་ཀྱང་འགྱུར་བར་མི་བྱེད་པའི་ནང་སྙིང་གི་རྡོ་རྗེ་ལྟ་བུ་ཡིན། སྤོབས་པས་ཁྱེད་ཀྱི་མདུན་ལམ་ལ་འོད་སྣང་འཕྲོ་བར་བྱེད་ལ་སྤོབས་པས་ཁྱེད་ཀྱི་ཕྲིན་ལས་ལ་གསོན་ཉམས་ལྡན་པར་བྱེད། སྤོབས་པ་དང་ལྡན་པའི་མི་ཡིས་བག་འཁུམ་ཞིང་སྒྱིད་ལུག་པའི་བསམ་པ་ཕ་མཐར་སྤྲད་ནས། བག་ཏུ་ཉལ་བའི་ནུས་ཤུགས་དང་རང་བཞིན་དུ་ཡོད་པའི་འཇོན་ཐང་རྣམས་མངོན་དུ་གསལ་བར་བྱེད། མདུན་ཕྱོགས་ཀྱི་གོམ་པ་རེ་རེ་བཞིན་སྟོབས་ཤུགས་ཀྱིས་ཁྱབ་ཅིང་མདུན་གཏད་ཀྱི་མིག་མདངས་རེ་རེ་ལས་ཆོད་སེམས་ཀྱིས་ཁེངས་ཡོད།
  དེ་ལྟ་བུའི་མིས་རླབས་ཆེན་གྱི་ལས་དོན་འགྲུབ་པའི་གོ་སྐབས་ཕྲ་མོ་ཙམ་ཡང་འཆོར་དུ་མི་འཇུག་པར་རང་ཉིད་ཀྱི་ནུས་པ་ཡོད་ཚད་མངོན་དུ་ཕྱུངས་ནས་རྒྱལ་ཁའི་དར་ཁ་དགུང་དུ་ཕྱར་ངེས། སྤོབས་པ་ནི་མིའི་བསམ་བློའི་འཛིན་སྟངས་ཀྱི་ཆ་ནས་བྱུང་བའི་སེམས་ཀྱི་ནུས་ཤུགས་ཤིག་རེད། སྤོབས་པས་ཁྱེད་རང་གི་འཇོན་ཐང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པས་དཔེར་ན་རླངས་འཁོར་གྱི་ཤུགས་ཚད་ལ་ཚོད་འཛིན་བྱེད་པའི་སྣུམ་སྣོན་ཡུ་བ་ལྟ་བུ་ཡིན།
རང་ཉིད་ཀྱི་ནུས་པ་ལ་སོམ་ཉི་ཟ་བ་དང་རང་ཉིད་ཉམ་ཆུང་ནུས་མེད་གཅིག་ཏུ་འཛིན་པ་ནི་སྤོབས་པ་དང་བརྩོན་སེམས་སོགས་ཉམས་པར་བྱེད་པའི་འཆི་དུག་ཡིན་ལ་ཕུགས་འདུན་དང་ལེགས་སྐྱེས་ཡོད་ཚད་རྒྱང་རིང་དུ་སྤྲད་པར་བྱེད་པའི་འགོག་རྐྱེན་ཡང་ཡིན། ཁྱེད་རང་ཉིད་ནི་འཛམ་གླིང་འདིའི་སྟེང་གི་ཆེས་རླབས་ཆེ་བའི་ལས་འགུལ་དེ་དང་ཆེས་སྙིང་དོན་ལྡན་པའི་བྱ་བཞག་དེ་བསྒྲུབ་པར་འོས་ཤིང་སྒྲུབ་པའི་འཇོན་ནུས་ཀྱང་ལྡན་། དུས་ནམ་ཡང་རང་ཉིད་ལ་མི་ལ་རས་པའི་སྙིང་སྟོབས་དང་ཨེ་དབྱན་སི་ཐན་གྱི་རྣམ་དཔྱོད། ད་དུང་ཁར་ཝེ་ཐིའི་ཤེས་རབ་ལྟ་བུ་ལྡན་པར་ཡིད་ཆེས་དགོས་ཤིང་རང་ཉིད་ཀྱིས་དོན་དག་གང་ཞིག་བསྒྲུབས་ཀྱང་ལེགས་འགྲུབ་ཡོང་ཐུབ་པའི་སྤོབས་སེམས་བརྟན་པོ་དགོས་པ་ལས་དེ་འདྲའི་བློ་མེད་ན་བརྩོན་སེམས་ཀྱི་འདུན་པ་རྒྱུན་ཆགས་སུ་འབྱུང་ཐབས་མེད། དེས་ན་ཁྱེད་རང་ཉིད་ནི་རང་གི་ལྷ་རུ་བཀུར་དགོས་པ་མ་ཟད་རང་ཉིད་ཀྱི་སྐྱབས་སུ་དམིགས་དགོས།
  རྐྱེན་ངན་གྲོགས་སུ་བསྒྱུར་མ་ཤེས། དཀའ་ཁག་དང་ཕམ་ཁ་ཕྲག་ཐོག་ཏུ་ལེན་མ་ནུས་ན་ཁྱེད་ཉིད་ནམ་ཡང་སྔོན་ཐོན་གྱི་ལམ་བུར་བསྙེག་མི་ནུས། དེ་ལྟར་ན་ཁྱེད་ཀྱི་འཚོ་བ་ལ་དྲོ་བ་མེད་ལ་རྒྱལ་ཁ་མེད་པའི་འཚོ་གནས་ལ་སྙིང་པོ་གཏན་ནས་མེད། རང་གིས་རང་ལ་ཡིད་རྟོན་བྱེད་པ་དང་སྤོབས་སེམས་བརྟན་པོའི་སྒོ་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་མཛད་པ་ནི་བྱ་བཞག་ཐམས་ཅད་ལེགས་འགྲུབ་ཡོང་བའི་རྨང་གཞིའི་རྩ་བ་ཚུགས་པ་ཡིན། ཨོ་རྩལ་ལུས་རྩལ་འགྲན་ཚོགས་ཁྲོད་དུ་གསེར་གྱི་རྟགས་མ་ལེན་མཁན་ཚང་མ་ཆོད་སེམས་བརྟན་པོའི་སྒོ་ནས་དཀའ་ཁག་མི་ཉུང་བར་གདོང་གཏད་དེ་རྒྱལ་ཁ་ཐོབ་པ་རེད།
                           ༢༠༡༤  ༣  ༢༡ཉིན།

            (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེ་འཚོལ་བར་ཐབས་ལམ་སྣ་ཚོགས་དགོས།༼ཞར་བཀོད་གཉིས་ཡོད༽

2014-06-25 འཇམ་སེང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།