ཨ་མེས་ལགས། ཁོ་བོའི་དབུགས་ཀྱི་རྒྱུ་བ་འགག་སོང་།

དབང་མདའ་མཐར་ཕྱིན།༼ ཆབ་མདོ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-05

                                          ༡
  ཨ་མེས་ལགས།  ཁ་སང་དགེ་མཚན་བཅུ་དང་མངའ་བའི་འཇིག་རྟེན་འདི་ནི་ལོ་རྒྱུས་ཀྱི་སྤྲིན་པ་བརྩེགས་པའི་བང་རིམ་དུ་མཚར་སྡུག་ཡིད་དབང་ཅིག་ཅར་འཕྲོག་པའི་སུམ་རྩེན་གནས་ཤིག་ཏུ་གྲགས་མོད། དུས་ད་ལྟ་འབྱུང་བཞིའི་ཉེ་ཞོ་བར་མེད་དུ་འཁྲུགས་པའི་རྐྱེན་གྱིས་བདག་གིས་འཚོ་གཞིའི་མགྲོན་ཁང་ཡང་མི་སྤོ་ཐབས་དང་བྲལ་ལ།  གནོད་འཚེའི་དུག་ལྕེས་ངའི་དོན་ལྔ་སྣོད་དྲུག་ཡང་ཡང་ལྡག་པས་བདག་གི་སེམས་པ་གྲང་བསིལ་བསིལ་གྱི་ཆབ་རོམ་སྒྲོམ་དུ་བཙུད་སོང་། ཨ་ཙི་སྔོ་ཞིང་བསངས་བའི་ནམ་མཁའ། ནོར་གྱིས་གཏམས་པའི་ནོར་འཛིན་སྒེག་མོ།     ཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་སོགས་ཡོད་ཚད་ཀྱི་ཡོད་ཚད་ཡ་མ་གཟུགས་སུ་གྱུར་པས་ཁོ་བོའི་དབུགས་ཀྱི་རྒྱུ་བ་བཀག་དང་འགག་བཞིན་ཡོད།
                                           ༢
  ཨ་མེས་ལགས།       ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་དག་ནི་ལྟོས་བཅས་ཀྱི་ཐག་སྤུན་དང་འཁུམས་པས།   འཇིགས་སུ་རུང་བའི་ཆོམ་རྐུན་མང་པོས་རང་བྱུང་ཁམས་འདིར་ཟས་མཆོག་ཏུ་འཛིན་ནས་ཧམ་སེམས་ཀྱི་དུག་མདའ་འཕེན་བཞིན་རྩ་མེད་དུ་འཇོམས་ལ་ཉེ་བས་ངའི་འཚོ་རྟེན་གྱི་མ་མའམ་སྙིང་དུ་སྡུག་པའི་རི་སྐྱེས་སྲོག་ཆགས་དག་ཀྱང་ཡུལ་གྱར་བ་ཞིག་དང་གཉིས་སུ་མེད་པར་ས་མཐར་འཁྱམས།    དུས་སྐབས་འདིར་ངའི་ཁོར་ཡུག་ཡོད་དོ་ཅོག་འབག་བཙོག་གི་གད་སྙིགས་ཀྱིས་འགོངས་ཤིང་།  ངའི་མཁའ་དབུགས་ཀྱི་རྒྱུ་དེ་ཡང་རྫས་འགྱུར་གྱི་དུ་སྤྲིན་ལང་ལོང་དུ་འཚུབ་པའི་རྡུལ་ཕུང་ཡིན་པས།  དེ་ཉིད་ཡང་ཡང་དུ་རྔུབ་ཤིང་བརྔུབས་པས་ངའི་གཟུགས་གཞི་ལ་རིམས་ནད་འདྲ་མིན་འགོས་པས་ཡུལ་ཡུལ་པོར་གྱུར།
                                           ༣
  ཨ་མེས་ལགས། དུས་རབས་ཉེར་གཅིག་པའི་ཚན་རྩལ་རྒོད་པའི་མཆོངས་བསྐྱོད་ཁྲོད། ད་ལྟ་ཆེས་རྣམ་པར་བཀྲ་བའི་མེ་ཏོག་དག་གིས་ཚུལ་འཆོས་སྟོན་པའི་རྣམ་འགྱུར་མཐོང་དཀོན་ལ།  ཆེས་ཐོས་འཛིན་བུ་ག་གསོས་པའི་ཁུ་བྱུག་གི་དབྱངས་རྟ་དེ་ཡང་ཐོས་པའི་གོ་སྐབས་ཕྲ།       གང་ས་གང་དུ་པ་ཏྲའི་རི་མོ་བསྣོལ་བའི་གཞུང་ལམ་དེས་ཁོད་ཡངས་པའི་རི་ལུང་གཙང་མ་ཞིག་ལུས་སུ་མེད།    མི་རྣམས་ཀྱིས་རང་བྱུང་ཁམས་ལ་གཏོར་བཤིག་ཚད་མེད་བཏང་བས་ཉིན་བྱེད་དབང་པོའི་ཟེར་བརྒྱས་རབ་ཏུ་དྲོ་ནས་ཐན་པའི་མེ་ལྕེ་མཉམ་དུ་འགྲོགས་ནས་ས་གཞིའི་སྐྱེ་དངོས་ཤི་མ་གསོན་དུ་འགྱུར་བ་དང་།   གངས་རིའི་ཆབ་རོམ་བཞུར་ནས་ཆུ་ལོག་གི་གནོད་པ་རབ་དང་རིམ་པ་བྱུང་། འདི་ལྟ་བུའི་འཚོ་རྟེན་གྱི་ཁོར་ཡུག་ཅིག་ལ་ང་ཚོས་གཅེས་འཛིན་དང་སྲུང་སྐྱོབ་ལེགས་པོ་ཞིག་མ་བྱེད་ན་མཐའ་མ་རང་ཉིད་རང་གིས་ཕུང་བ་བདེན་གཏམ་མངོན་དུ་གྲུབ་པར་གདོན་མི་ཟའོ།།
                                           ༤
  ཨ་མེས་ལགས།      བཅུད་ལྡན་གྱི་དགེ་མཚན་མངའ་བའི་རང་བྱུང་ཁམས་ཁྱེད་ཀྱིས་ཀྱང་ང་ཚོ་སྐྱེ་རྒུ་དག་ལ་རྙེད་དཀའ་ཞིང་འཇིག་སླ་བའི་ཚེ་སྲོག་གི་མྱུ་གུ་སྦྱིན་པ་དང་སྦྲགས་འཕྲོད་བསྟེན་གྱི་ཁང་བཟང་བསྐྲུན་ནས་འགྲོ་དྲུག་ལ་འཚོ་རྟེན་གྱི་ཀ་བ་འདེགས་པར་ངོ་མཚར་ཆེ། འོན་ཀྱང་མི་རྟག་པའི་སྤྲིན་ནག་གིས་ས་གཞིའི་ཁྱོན་ཀུན་འགེབས་ཤིང་།    ཀྱེ་ཧུད་སྐྱོ་གར་དུ་འགྱུར་བཞིན་པའི་རང་བྱུང་ཁམས་ཆེན་པོའི་ཕང་བའི་ཡུལ་གྲུ་རེ་རེ་ལས་ངས་ཇི་ལྟར་འཚོལ་ཡང་རྣམ་ཤེས་འཕོ་སའི་གཞི་མ་ཞིག་གཏན་ནས་མ་རྙེད་།ཇི་ལྟར་བལྟས་ཀྱང་སྣོད་བཅུད་ཀྱི་པར་རིས་གསོན་པོ་མང་ངོའི་ཟླ་བ་དང་མཉམ་དུ་མག་མོག་གི་སྒོ་ནས་འཛད་པའི་སྣང་བ་འཆར། ངས་ཇི་ལྟར་ཉན་ཡང་ཚེ་སྲོག་གི་བྱིས་གླུ་རྨེག་མེད་ཁྲོད་ན་རྒྱུན་པར་ཆད་པས་ཀྱེ་མ་ཧུད། ཇི་ལྟར་བསམ་ཡང་མིའི་རིགས་རྣམས་
འཇིག་སྣང་གི་སྲིན་མོའི་ཁ་ནས་འདྲེན་དགོས་པས་ལུས་གཟུགས་ཐམས་ཅད་འདར་སིག་སིག་ཏུ་གྱུར། དེ་བས་ན་ང་ཚོའི་འཚོ་གནས་འཇིགས་སྐྲག་ལ་གཏད་དུས་ཁོ་བོས་དབུགས་ཀྱི་རྒྱུ་བ་འགག་ནས་ཕྱི་མ་ཡུལ་དུ་ཕྱིན་པའི་རྨི་ལམ་རྨིས།
                                          ༥
  ཨ་མེས་ལགས། རང་བྱུང་ཁམས་དེ་ཉིད་ཨ་མ་ཁོང་ཇི་བཞིན་འུ་ཅག་གི་འགྲོ་འདུག་སྤྱོད་གསུམ་བརྟེན་སའི་གནས་མལ་དྲོན་པོ་ཞིག་ཏུ་འགྱུར་རམ། ཇི་སྐད་དུ་“མི་ཡི་རིགས་འདི་ས་ཡི་གོ་ལར་གནས། ས་ཡི་གོ་ལ་མི་ཡི་འཚོ་རྟེན་ཉིད། མི་ལུས་རིན་ཆེན་སྲོག་ལ་གཅེས་འདོད་ན། ས་གསུམ་འཕྲོད་བརྟེན་འདུན་མའི་རྩེ་ལ་ཆོངས་ ” རང་བྱུང་ཁམས་ཆེན་པོ་ནི་མིའི་རིགས་ཀྱི་ཕ་ཁྱིམ་དྲོན་མོ་ཡིན། མིའི་ཚེ་སྲོག་བྲག་ལས་སྲ་བ་འགྱུར་འདོད་ན་རང་བྱུང་ཁམས་ལ་བདག་སྐྱོང་དང་སྲུང་སྐྱོབ་བྱེད་དགོས། ང་ཚོ་འདི་ལྟར་བཀོལ་སྤྱོད་ཀྱི་གཏུམ་སྤྱོད་དང་མཐོ་མི་འཚམ་པའི་འདོད་བློ་དག་མུར་ནས་སྤྱོད་པ་ན་དུས་ནམ་ཞིག་གི་ཚེར་ཉམ་ཆུང་བའི་རང་བྱུང་ཁམས་འདི་ནི་ཆུ་སྲིན་གྱི་གྲོང་ཁྱེར་ལས་མཚར་སྡུག་གི་གནས་མཆོག་ཞིག་ཏུ་འགྱུར་མི་སྲིད་པས་ཁོ་བོའི་དབུགས་ཀྱི་རྒྱུ་བ་ཅིས་མ་འགག།
                        ༼རྩོམ་པ་པོ་ནི་ཆབ་མདོ་མཐོ་འབྲིང་དང་པོའི་སློབ་མ་ཡིན༽

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མེས་ལགས། ཁོ་བོའི་དབུགས་ཀྱི་རྒྱུ་བ་འགག་སོང་།

2014-05-05 དབང་མདའ་མཐར་ཕྱིན།༼ ཆབ་མདོ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།