ང་རུལ་ཚུལ་འདི་ཡིད་རེ་སྐྱོ།

   ལོ་དང་ན་ཚོད་ཀྱི་དུས་རིམ་ཞིག་ལ་སྙེག་ཟིན་པས། ལེ་ལོ་དང་སྒྱིད་ལུག་གི་རླུང་རྟ་ཇེ་དར་དུ་སོང་། རང་གི་འདོད་མོས་དང་དྲན་ཚུལ་བསམ་ཐོག་ཏུ་མི་འོང་ཞིང་། མི་འདོད་པའི་བར་ཆད་དང་རྐྱེན་ངན་མ་བོས་མགྲོན་པོ་བཞིན་ཚུར་བསུ་འོངས་ལ། ཅི་ཡང་མེད་པའི་ལུས་གཟུགས་ལས་ངན་འདི་རྡོ་ཕ་བོང་བཞིན་གནས་ས་དེ་ནས་བརྟན་ཚུགས་ཀྱི་ཀྲོང་ངེར་འགྱིང་ནས་བསམས་རྒྱུ་དྲན་རྒྱུ་མེད་པར་ཧད་དེ་རྒ་བའི་ཕྱོགས་སུ་ནུར།         
  དུས་རབས་དང་ཁོར་ཡུག་གི་དྲི་མ་རྫོབ་པོ་དག་རང་ཤུགས་ཀྱིས་ལུས་ཡོངས་སུ་ཁྱབ་སྟེ། རང་སེམས་འདི་གདོན་འདྲེ་ཡིས་བཟུང་བ་ལྟར། ཡ་རབས་ལས་མཐུན་གྱི་གྲོགས་ལ་འཕྲད་པའི་སྐལ་བ་དབེན་ཞིང་། གཞན་དོན་གཙང་མ་ལྷུར་ལེན་གྱི་བྱ་བ་ཕྲ་རགས་བསྒྲུབ་པའི་སྐལ་བ་མི་ལྡན་པར།  དེ་ལས་ལྡོག་སྟེ།  ཆུ་བོ་ལྡོག་བཞུར་གྱི་དཔེ་ལྟར། རང་སེམས་གཙང་མ་འདི་ནག་ནོག་གི་དྲི་མས་སྦགས་ཏེ། བརྟན་ཚུགས་མེད་པའི་རང་གཤིས་འདི་གྱང་ཁའི་རྩྭ་ལྟར་མ་རབས་སྤྱོད་ངན་གྱི་བྱ་བའི་ཕྱོགས་སུ་ག་ལེར་ཕྱོགས་འགྲོ་བ་རེད།
  ངའི་སེམས་དང་ལུས་པོ།  རང་གཤིས་སོགས་ཉིན་རེ་ལས་ཉིན་རེར་རུལ་ནས་དྲི་ངན་བྲོ་བའི་ཐན་ལྟས་ལྷང་ལ་འབུད་བཞིན་པའི་སྒང་འདིར། ངས་ཕྱོགས་གང་ཐད་ནས་དཔེ་ཀློག་ཐན་ཐུན་ཞིག་བྱས་ན་མི་འདོད་པ་དང་། རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་བ་ཞིག་འདོད་ཐོག་ཏུ་མི་ཡོང་བ་དང་། སེམས་ཁོང་གི་དགའ་བ་དང་སྐྱོ་བ་མཚོན་པའི་ཟིན་བྲིས་ཤིག་འབྲི་ན་མི་འདོད་པའི་བསམ་བློ་སྣ་ཐུན་ཡང་ཡང་སྐྱེས་འོངས་ཏེ། དེ་རིང་གི་བྱ་བ་གནངས་ལ་སྐྱུར་ཞིང་། གནངས་ཀྱི་བྱ་བ་སང་ཉིན་ལ་བསྐྱུར་ཏེ་འཆི་བའི་ལམ་སྣེ་སྒུག་པའི་རང་གཤིས་གྱོང་བོ་འདི་ལྟར་རྒས་པ་ཡིད་རེ་སྐྱོ།
   གཞན་བརྟེན་གྱི་སྲིན་འབུ་འགྱུར་ལ་ཉེ་བའི་ལུས་གཟུགས་དྲི་མ་ཅན་འདི། ལས་རྒྱུ་བསམས་རྒྱུ་ཅི་ཡང་མེད་པར་མགོ་རུམ་དུ་བཅུག་སྟེ།  རང་སེམས་རང་གིས་གསོས་ནས་ལུས་ཡོངས་བདེ་སྣང་གི་ཁྲོད་ན་བཟི་ནས་རྡོག་སྣེ་གར་འགྲོ་ཡི་ལམ་ཁ་མ་རྙེད་པར་མགོ་འཁོར་ནས་བསྡད་ཡོད་པ་སུས་ཤེས་སམ། མི་ཚེ་གཅིག་འདི་ལྟར་ཟད་ལ་ཉེ་བའི་བར་གླགས་འདིར། རང་ཉིད་ད་དུང་འཁྲུལ་སྣང་གི་བཟི་ཁ་བཙན་པོའི་ཁྲོད་ན། སྟོང་བསམ་དང་འཆར་གཞི་གང་མང་གི་རི་མོ་སྣ་ཚོགས་ལ་ཞེ་ཆགས་ཏེ། མི་ཚེ་ཟད་པ་དང་རང་ཉིད་རྒས་པ། རང་ཉིད་ལ་རུལ་དྲི་བྲོ་བ།  རང་ཉིད་ནམ་ཞིག་གི་ཚེ་འཆི་རྒྱུ་ཡིན་པ་སོགས་ལ་བསམ་བློ་ཡེ་ནས་གཏོང་ཁོམ་མེད་པའི་རང་སེམས་འདིར་ངོ་མ་དགོད་རེ་བྲོ།  ང་དང་ང་འདྲ་བའི་མི་ཚེ་སྟོང་ཟད་དུ་གཏོང་མཁན་གྱི་མགོ་འཁོར་བ་མང་པོ་ག་འདྲ་ཡོད་པ་སུས་གྲངས་ཀ་བརྩི་རྒྱུ་ཡིན་ནམ། མགོ་ནས་མཇུག་བར་རུལ་ནས་མ་ཚར་བར་དུ་རང་སེམས་གྱོང་བོ་འདུལ་བའི་ཐབས་བཀོད་ང་ལ་ཡོད་མི་སྲིད། མི་ཚེ་ཐང་སྟོང་གི་དཀྱིལ་ན་འཁྱམས་པའི་མདོ་མེད་འཁྱམས་པོ་ང་འདི་ལྟར་ཅི་ཡང་མེད་པའི་སྒོ་ནས་རུལ་ཚུལ་འདི་ཅི་འདྲའི་ཞེ་རེ་སྨྲེང་ངོ་།།
                              
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རུལ་ཚུལ་འདི་ཡིད་རེ་སྐྱོ།

2013-12-09 གཅན་རྣམ་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།