ལམ།

               _____ནུབ་གླིང་གི་བོད་རིག་པའི་མཁས་པ་ཞིག་དང་ཁ་བརྡ་བྱེད་ཐེངས་ཤིག་ལ།
      
   གནམ་ངོ་དྭངས་ཤིང་སྤྲིན་དཀར་གྱི་ཚོམ་བུ་འགའ་ལྷོད་ཤིག་གེར་ལྡིང་ཞིང་གཡེང་།  ཉི་མ་ནི་ཚ་བེར་བེར་ཏུ་གྱུར་ཏེ་གདོང་བ་བྱིལ་བའི་བསིལ་རླུང་ཡང་དྲོད་རླུང་དུ་གྱུར་འདུག  ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀར་ཐོན་ལ་ཉེ་བས་ང་ཚོས་རྒན་རྡེ་བིས་རྡི་ལ་དུས་བཏབ་ཡོད་པ་བཞིན་ཁོང་གི་གཞུང་ཤགས་སུ་ཆས། གཞུང་ཤགས་ཀྱི་སྒོ་ངོར་རླུང་རྟའི་རི་མོ་དཔར་བའི་ཤོག་བྱང་སྣ་ལྔ་ཡུགས་གཅིག་ཏུ་སྦྲེལ་བ་ཞིག་བཀལ་འདུག་པས། བལྟས་མ་ཐག་ནས་དེ་ནི་བོད་ཀྱི་རིག་གནས་དང་འབྲེལ་བའི་གཞུང་སྒྲུབ་ཁང་ཞིག་ཡིན་པ་ཤེས། རླུང་རྟའི་ཤོག་བྱང་དེ་དག་གི་འོག་ཏུ་ཤོག་དཀར་གྲུ་བཞི་ནར་མོ་ཞིག་གི་སྟེང་ལ"སྟོང་ཉིད་གླིང"Department of Nothingnessཞེས་ཀུ་རེ་དང་སྦྲགས་ནང་ཆོས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་པ་ངོ་སྤྲོད་བྱས་འདུག  ཁོང་ཉིད་ཤགས་སུ་མི་བཞུགས་པས་ང་ཚོའི་སྒོའི་གཡས་ཕྱོགས་ཀྱི་འདུག་སྟེགས་སྟེང་བསྒུགས་བསྡད་པ་ཡིན། ཅུང་ཙམ་གྱིས་ཁོང་སླེབས་སོང་། “དགོངས་དག ང་རང་འགོར་སོང་།  ངས་ལྭ་བ་བརྗེས་རྗེས་མྱུར་ཏུ་ཐོན་འོངས། ང་ཚོ་ཟ་ཁང་གང་ཏུ་སོང་ན་ལེགས།” ཞེས་དྲིས་པས། ངེད་ཅག་སྟབས་སྟབས་པོར་གྱུར་ཏེ། གང་དུ་སོང་ན་ལེགས་ཞེས་ཕན་ཚུན་གྱི་ངོ་ལ་བལྟས་ཤིང་། མཐར་འདྲི་བ་བོ་ནམ་ཡང་ཞེ་ཆད་བྱེད་ཀྱི་ལན"གང་དུ་སོང་ཡང་ཁྱད་མི་འདུག”ཞེས་པ་བཏབ། ང་ཅུང་དོགས་མ་བདེ་ནས་ཁྱེད་སོང་ལ་ལྭ་བ་བརྗེས་དང་ངེད་ཚོས་གྲོས་ཤིག་བྱེད་ལབ་པས། ཁོ་གཞུང་ཤགས་ཏུ་ཕྱིན། ང་ཚོས་གྲོས་ཐུང་ཐུང་ཞིག་བྱས་རྗེས། ཡང་ན་རྒྱ་གར་དང་ཡང་ན་ཐེའེ་ལན་ཊིའི་ཟ་ཁང་དུ་འགྲོ་རྒྱུར་འཆམ་ཞིང་མཐར་ཐག་ཉེ་ན་Monsoneཟེར་བའི་ཐེ་ལན་ཊིའི་ཟ་ཁང་ཞིག་ཡོད་པ་དེར་འགྲོ་རྒྱུར་ཐག་བཅད།
      ཐེ་ལན་ཊིའི་ཟ་ཁང་དེར་ཁོར་ཡུག་དེ་འདྲའི་དགའ་མོ་ཞིག་མེད་ནའང་། ཟ་མ་ནི་ཡང་ཡང་འགྲོ་བྲོད་པ་ཞིག་ཡོད། ཁོ་བོ་དེར་འགྲོ་ཐེངས་མཐའ་མ་ནི་ཟླ་ལྔ་བར་བོད་པ་བུ་མོ་གསོ་རིག་སྦྱངས་མཁན་ཞིག་མཐར་ཕྱིན་དུས་རྟེན་འབྲེལ་ཞུ་བར་དེར་ཕྱིན་པ་ཡིན་ལ། ཐེངས་དེརPad se awlཟེར་བའི་ཕྱེ་ཐུག་དང་ཚོད་མ་བརྔོས་མ་ཞིག་འཐུང་བ་དེ་དྲི་རོ་ཁ་ཏོག་དང་བཅས་པ་དགའ་མོ་ཞིག་འདུག་པས།  ཡང་བསྐྱར་ཕད་གསོལ་ཨོ་བདམས་པ་ཡིན། ང་ཚོས་ཁ་ཟས་བཟའ་ཞོར་དང་ཕྱོགས་ཡར་མར་གླེང་ནས་གང་མཚམས་ཞིག་སོང་མཚམས། ངས་ཁོང་ལ་ཁྱེད་ཀྱིས་བོད་ནང་གི་གཞོན་སྐྱེས་ཚོས་བསྒྲུབ་འོས་པ་དང་ནུས་པ་གང་ཞིག་བསྒྲུབ་ཀྱིན་མེད་པའི་དོན་དག་དེ་འདྲ་འདུག་གམ་དྲིས་པ་ཡིན། ཁོང་གིས་བསམ་བློ་ཏོག་ཙམ་བཏང་རྗེས།  དོན་དག་གཅིག་འདུག  དེ་ནི་སྲོལ་རྒྱུན་དང་དེང་རབས་བར་གྱི་རྩོད་རྙོག་དེ་རེད།  ང་ནོར་མེད་ན་དེ་ནི་མཚོ་སྔོན་ནས་མགོ་ཚུགས་ཤིང་། ཡུན་གྱིས་ན་གཞོན་ཚོའི་ནང་དུ་དར་བ་ཞིག་རེད།  ཁོ་བོས་བསམ་ན་རྩོད་རྙོག་དེ་འདྲ་ནི་ཆེས་མི་མཁོ་བ་ཞིག་རེད་སྙམ། རྒྱུ་མཚན་ནི།  དོན་དམ་པར་སྲོལ་རྒྱུན་རྨོངས་དད་ཡིན་མིན་དེ་གལ་མི་ཆེ་བར།  སྲོལ་རྒྱུན་དེ་ལས། དཔེར་ན་རི་ལ་དར་ལྕོག་འཛུགས་པའི་སྲོལ་ལ་ཆ་བཞག་ན།  དེས་བོད་མི་རང་གིས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་འདུ་ཤེས་ཤིག་མཚོན་གྱིན་ཡོད་དེ།  དེ་ནི་སྲོལ་རྒྱུན་གྱི་ཁོར་ཡུག་ལ་ལྟ་སྟངས་དང་ས་རྟགས་འཇོག་ཚུལ་ཅིག་དང་བོད་མི་རིགས་དེ་མི་རིགས་གཞན་མ་ཡིན་པར་དབྱེ་བྱེད་ཀྱི་ཁྱད་ཆོས་ཤིག་སྟེ། རིག་གནས་སྣང་ཚུལ་ལ་དེ་ལྟར་གོ་བ་ལེན་པ་ལས།   དེ་དང་ཆ་འདྲ་བའི་རིག་གནས་དག་རྨོངས་དད་ཀྱི་གྲལ་ཏུ་བཅུག་ཅིང་།  གསར་བ་གསར་རྐྱང་ཞིག་བླངས་ན་ནི་ཁྱོད་དེང་གི་ཚོང་ཁྲོམ་ཁང་ཞིག་ཏུ་ཡོད་པ་དང་གཅིག་འདྲ་རེད་ལབ་སོང་།  སྐབས་དེར་ངས་མཚམས་བཅད་དེ་དཔེ་དེར་གསལ་བཤད་ཅིག་གནང་རོགས་ཞུས་པ་ལ།  ཁོང་གིས་དེ་ནི་འཛམ་གླིང་ས་ཆ་གང་དུ་སོང་ཡང་གཅིག་པ་གཅིག་རྐྱང་ཡིན་པའི་སྣ་ཚོགས་ཁྲ་ཁྲ་རིག་རིག་གི་ཚོང་ཁྲོམ་ཁང་ཞིག་ལས་ཅི་ཡང་མིན།  ཁྱད་ཆོས་ཅི་ཡང་ཡོད་པ་མ་རེད་ཟེར།  ཡང་ཁོང་གིས་ད་དུང་དཔེ་ཞིག་བཞག་ན། དེ་ནི་བོད་རང་གི་ཐང་ཀ་དང་ལྡེབས་རིས།  ཅ་དངོས་སོགས་བཞག་པའི་ཁྱིམ་ཚང་ཞིག་དང་འདྲ་སྟེ།  བོད་རང་གི་དངོས་པོ་དེ་དག་ཡོད་པས་བོད་ཀྱི་ཁྱད་ཆོས་སུ་སོང་བ་དང་གཞན་དང་མ་འདྲ་བ་ཆགས་པ་མ་གཏོགས།  དེ་དག་གཅིག་ཀྱང་མེད་ན་ནི།  མགྲོན་ཁང་ཞིག་དང་འདྲ་བོ་ཡོད་རེད།  དེ་སུས་ཀྱང་ཡིན་ཆོག་གི་རེད། རྒྱ་མིའི་ཡིན་ཆོག་གི་རེད་ལ། ནུབ་ཕྱོགས་པས་ཀྱང་ཡིན་ཆོག་གི་རེད།  ཚང་མ་གཅིག་འདྲ་རེད། འོན་ཀྱང་དེ་ཉིད་བོད་རང་གི་ཁང་བར་བྱེད་འདོད་ན། ཡང་ན་ད་སྔོན་ངེད་གཉིས་ཀྱིས་ལབ་པའི་"མི་རིགས་ཞེས་པ་ནི་རྟོག་བཟོ་ལས་གྲུབ་པའི་སྤྱི་ཚོགས་ཞིག་ཡིན”(1) ཟེར་བའི་རྟོག་བཟོ་བྱེད་སྤྱད་ཀྱི་ས་བོན་ཡོད་འདོད་ན།  ངེས་པར་གོང་ནས་བཤད་པའི་གཞན་ལ་མེད་པའི་བོད་རང་གི་ཁྱད་ཆོས་དེ་དག་དགོས་ངེས་ཟེར། ཁོས་ཡང་བསྐྱར་མདོར་བསྡུས་ན། གསར་བ་ལས་རྙིང་བ་མི་དགོས་ཟེར་བ་དེ་ནོར་བ་རེད་ལ།  རྙིང་བ་ལས་གསར་བ་མི་དགོས་ཟེར་བ་དེ་ཡང་ནོར་བ་རེད།  ད་བྱས་ན་དེ་གཉིས་བར་གྱི་དབུ་མའི་ལམ་ཞིག་དུ་ཞུགས་རྒྱུ་དེ་གལ་ཆེན་པོ་རེད།  དེས་ན་ན་གཞོན་ཚོས་བསམ་བློ་གཏོང་ས་ནི་དབུ་མའི་ལམ་དེ་ཇི་ལྟར་འཚོལ་རྒྱུ་དེ་རེད་ཟེར།  ཁོ་གློ་བུར་འཛུམ་པ་དང་བཅས།  “ངས་སྒྲུང་གཏམ་ཞིག་དྲན་སོང་།  དེ་སུས་བྲིས་པ་རེད་དམ།  ****བཀྲ་ཤིས་རེད་དམ” ཞེས་མིག་ཟུང་བཙུམ་ཞིང་། ཡིད་ལ་རབ་རིབ་ངང་རེས་འཆར་རེས་ནུབ་བྱེད་པའི་ཉམས་དང་བཅས་ང་ཚོ་ལས་གསལ་འདེབས་ཤིག་ཐོབ་པར་བསྒུག   དེ་ནི་བྱིས་པ་རིག་རྒོད་ཅིག་གིས་ཁེད་ལན་གསལ་ཐིང་ངེར་ཤེས་ན་ཡང་ཐ་སྙད་ཡིད་དུ་མ་འཁོར་བའི་སྐབས་སུ་ཡར་ལྟ་མར་ལྟ་བྱས་ཏེ་རོགས་རམ་ཞིག་ལ་རེ་བ་དང་འདྲ།  ངས་མིང་རྗེས་ལ་བཀྲ་ཤིས་ཟེར་བའི་སྒྲུང་གཏམ་པ་ཞིག་ཡིད་ལ་མ་དྲན་པས།  ཁོ་རང་ནོར་བ་ཡིན་ལས་ཆེ་སྙམ་ནས་ཡིད་ལ་བྱ་བ་མེད་པར་བསྡད་པ་ལ།  ངའི་ཁ་གཏད་དུ་ཁ་ཟས་རོལ་གྱིན་པའི་སློབ་གྲོགས་སྙིང་མོས་ཡིད་གཉིས་ངང་གཉོམ་ཆུང་གིས་།  “བཀྲ་ཤིས་ཟླ་བ་ཨེ་རེད”ཅེས་དྲིས་པར།  རྡེ་བིས་རྡིས་སྤྲོ་བ་དང་བཅས་སྐད་མགོ་མཐོན་པོས། "ཨོ་་་་ཁོ་རེད་ཡ།  བཀྲ་ཤིས་ཟླ་བ་རེད"ཟེར་བ་དང་། ཁོང་གིས་ཁྱོད་ཀྱིས་དྲན་གྱི་འདུག་ཨེ། ཁོས༼རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས༽ཟེར་བའི་སྒྲུང་གཏམ་ཞིག་བྲིས་ཡོད་ཅེས་དྲིས་པས།  ངས་"དྲན་གྱི་འདུག  དེ་ངས་བཀླགས་མྱོང”ཞེས་ལན་བཏབ་པར། ཁོང་གིས"སྒྲུང་གཏམ་དེའི་ནང་དུ་བྱུང་རིམ་འདི་འདྲ་ཞིག་འདུག་སྟེ།  མི་སྣ་གཙོ་བོ་རྒན་པོ་ཞིག་ལ་ཕྲད་ཅིང་རྒན་པོ་དེས་རིའི་ཕ་རོལ་བརྒལ་ཚུལ་བཤད་དུས་སུ། རི་འདབས་ན་བགྲངས་ལས་འདས་པའི་གྲོག་ཤུར་ཡོད་དེ།  དེ་ནི་སློབ་དཔོན་པད་མ་འབྱུང་གནས་ཀྱིས་ཐེངས་ཤིག་བདུད་འདུལ་སྐབས་སུ། ཉིན་གྲངས་བརྒྱ་དང་བརྒྱད་ལ་བཏུལ་མ་ཐུབ།  སྐབས་ཤིག་བདུད་སྲིན་དེ་རོ་ཤིག་ཅིག་ཏུ་སྤྲུལ་ནས་འོངས་སྐབས་སུ། ཁོང་གིས་ཕྱག་གཡས་པ་མཁའ་རུ་ཕྱར་ནས་ས་ལ་གཞུས་པས་བདུད་སྲིན་ཐད་ཀར་དམྱལ་བར་བརྫངས། དེ་ནས་བཟུང་།  ལ་འདབས་དེར་སློབ་དཔོན་པད་མས་ཕྱག་མཐིལ་གྱི་རི་མོ་ཆགས། བགྲང་ལས་འདས་པའི་གྲོག་ཤུར་དེ་དག་ལས་གཅིག་མ་གཏོགས་གཞན་དག་ཚང་མ་འཆི་ལམ་ཁོ་ན་ཡིན་ལ།  གསོན་ལམ་དེར་ཡང་རྟགས་མཚན་ཅི་ཡང་མེད་ཞེས་བྲིས་འདུག  ད་བྱས་ན་ད་ལྟའི་བོད་ཀྱི་རིག་གནས་དང་ན་གཞོན་ཚོར་བགྲོད་ལམ་མང་པོ་ཡོད་རེད། ཡིན་ནའང་།  བགྲོད་ལམ་དེ་དག་ཚང་མ་གསོན་ལམ་ཡིན་པའི་ངེས་པ་མེད།  དེས་ན་ད་ལྟ་ན་གཞོན་ཚོས་བསམ་བློ་གཏོང་རྒྱུ་ནི་བཤུལ་ལམ་གྲངས་མེད་པ་དེའི་ཁྲོད་ཀྱི་གསོན་ལམ་འཚོལ་རྒྱུ་དེ་ཡིན་ཟེར་རོ།།

1.Imagined community

                          7/20/2013

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ།

2013-11-15 གཡུ་ཆུང་།༼ཨ་རི༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།