མར་ཡུལ་ལ་དྭགས་སུ་བསྐྱོད་པའི་ཟིན་ཐོ།༼ཁག་གཉིས་པ༽

བན་ལོག༼འབྲུག་ཡུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-10-23

   ལ་དྭགས་ཀྱི་རྒྱལ་ས་ནས་ཉིན་ཁ་རིང་ངལ་གསོ་བརྒྱབ་པ་དང་ཞོར་ལ་བརྗིད་ཆགས་པའི་ལ་དྭགས་རྒྱལ་པོ་སངས་རྒྱས་རྣམ་རྒྱལ་གྱི་ཕོ་བྲང་དང་སྤྱི་ལེ་༡༧ཙམ་གྱི་མཚམས་ན་ཡོད་པའི་ལ་དྭགས་རྒྱལ་པོའི་ཐོག་༼stok༽ཕོ་བྲང་དང་འགྲེམས་སྟོན་ཁང་། ཅོག་ལམ་སར་ན་བཞུགས་པའི་སྐུ་མདུན་གྱི་ཕོ་བྲང་སོགས་སུ་ལྟ་སྐོར་ལ་སོང་བ་ཡིན། དེ་དུས་ལ་དྭགས་ཀྱི་གནམ་གཤིས་དྲོ་གྲང་ཧ་ཅང་སྐྱིད་པའི་དུས་ཡིན་སྟབས། ཕྱོགས་སོ་སོ་ནས་ཡུལ་སྐོར་བ་གྲངས་མེད་ཡོང་བཞིན་པའི་སྒང་རེད་འདུག  དེའི་ཕྱི་ཉིན་གྲོགས་པོ་ཚོས་གྲོས་བསྡུར་བརྒྱུད་དང་པོ་ལ་དྭགས་ནུབ་རའི་ཕྱོགས་སུ་འགྲུལ་བཞུད་བྱ་རྒྱུ་དང་དེའི་རྗེས་ནས་ཟངས་དཀར་ཕྱོགས་སུ་འགྲོ་རྒྱུར་ཐག་བཅད་ཡིན།
   མཚམས་འདི་ནས་མར་ཡུལ་ལ་དྭགས་ཞེས་པའི་སྐོར་བའི་ཅུང་ཙམ་གླེང་ན། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ལ་དྭགས་ཡུལ་ནི་བོད་དང་ས་འབྲེལ་ཡིན་པ་མ་ཟད་ལོ་རྒྱུས་ཐོག་བོད་དང་འབྲེལ་བ་གཏིང་ཟབ་པོ་ཡོད་པ་ཞིག་རེད་། ཡུལ་དེའི་མིང་ཐོག་མ་ནི་མར་ཡུལ་ཟེར་གྱི་ཡོད་འདུག དེ་ཡང་ལ་དྭགས་པ་མཁས་དབང་བཀྲིས་རབ་རྒྱས་ལགས་ཀྱི་ ༼མར་ཡུལ་ལ་དྭགས་ཀྱི་སྔོན་རབས་ཀུན་གསལ་མེ་ལོང་༽ཞེས་པའི་ནང་མིང་དེ་བཞིན་ཡུལ་དེའི་རི་བརྒྱུད་ཀྱི་མདོག་དམར་པོ་ཡོད་པ་ནས་བྱུང་བ་དང་། དམར་ཡུལ་དེ་ཟུར་ཆག་ནས་མར་ཡུལ་ཆགས་པ་རེད་གསུངས་འདུག
   ཡང་ལ་དྭགས་ཟེར་བའི་མིང་དེ་རྗེས་སུ་ཐོབ་པ་ཞིག་ཡིན་པ་དང་དེ་བྱུང་ཚུལ་སྐོར་བཀྲིས་རབ་རྒྱས་ལགས་ནས་ཡུལ་དེ་༼ལ་མང་པོའི་མདུན་ནམ་འདབས་སུ་ཡོད་པ་ན་ལ་དྭགས་ཟེར་༽གསུངས་འདུག་པ་མ་ཟད། ཁོང་གིས་དཔེ་མཚོན་གྱི་ལམ་ནས་༼ དཔེར་ན། དུས་རྒྱུན་རི་ལ་སྡོད་པ་ན་རི་དྭགས་ཟེར་ཞིང་། ལྟོག་སྐོམ་གཉིས་ཡིད་ལ་བཏགས་ཏེ་གནས་པ་ན་ཡིད་དྭགས་ཞེས་མིང་བཏགས་པ་ཡིན་ནོ་༽ གསུངས་འདུག
   ལ་དྭགས་ནི་གནའ་བོའི་རིག་གནས་ཀྱི་རྫོང་ཁ་མཐུག་ཅིང་ཆོས་ལུགས་ཀྱི་ཤུགས་རྐྱེན་གྱིས་ཡུལ་ལུང་གང་སར་དགོན་སྡེ་གྲངས་མེད་ཀྱི་བརྗིད་ཉམས་མཐོང་ཐུབ། ༼ལ་དྭགས་ཞེས་པའི་མངའ་སྡེ་ཆུང་ཆུང་འདིར་གྲུབ་མཐའ་སྣ་མང་གི་དགོན་སྡེ་ལྔ་བཅུ་དྲུག་ཅུ་ཙམ་ཡོད་པར་བཤད། ༽  ཡང་སྤྱི་ལོ་༡༨༨༥ལོར་ལ་དྭགས་སུ་ཡེ་ཤུའི་ཆོས་ལུགས་གྲུབ་མཐའི་ཆོས་སྒོ་ཐོག་མར་ཕྱེས་པ་དང་མཉམ་དུ་ཡེ་ཤུའི་ཆོས་དང་འབྲེལ་བའི་དཔེ་ཆ་བོད་ཡིག་ཏུ་དཔར་སྐྲུན་བྱེད་མགོ་བརྩམས་པར་བཤད། བོད་ཀྱི་ལོ་རྒྱུས་ཐོག་བོད་ཡིག་གི་ཚགས་པར་ཐོག་མ་༼ལ་དྭགས་ཀྱི་ཨག་བཱར་༽དེ་ཡང་སྤྱི་ལོ་༡༩༠༤ལོར་ལ་དྭགས་གླེ་ནས་བཏོན་པ་ཞིག་རེད་འདུག དེའི་རྒྱབ་ལྗོངས་ནི་ཡེ་ཤུའི་ཆོས་ལུགས་ལ་དྭགས་གཙོ་བྱས་བོད་ཁུལ་དུ་ཁྱབ་སྤེལ་གཏོང་བར་དམིགས་པ་ཞིག་རེད་འདུག
  ལ་དྭགས་པ་ཚོས་རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་བཏོན་པའི་དུས་དེབ་ཐོག་མ་ནི་སྤྱི་ལོ་༡༩༧༠ལོར་བཏོན་པའི་༼ལ་དྭགས་ཀྱི་ཡུལ་གླུ༽ཞེས་པ་དེ་རེད་འདུག  དུས་དེབ་འདིའི་ནང་དུ་ལ་དྭགས་ཀྱི་ལོ་རྒྱུས་དང་སྙན་རྩོམ། དམངས་ཁྲོད་གླུ་དང་གར་ཆུང་སོགས་འདུག  དེ་མིན་༼ལོ་འཁོར་གྱི་དེབ༽ཤེས་རིག་མེ་ལོང་ནི་ཕྱི་ལོ་༡༩༧༦ལོར་འདོན་སྤེལ་གནང་ནས་ད་ལྟའི་བར་མཚམས་མ་ཆད་པར་རྒྱུན་བསྐྱངས་བཞིན་ཡོད།  ད་དུང་༼ལ་དྭགས་ཀྱི་ཤེས་རབ་ཟོམ༽ཤེ་ར་ཟི་ནི་ཕྱི་ལོ་༡༩༧༦ལོར་བཏོན་ནས་མུ་མཐུད་བཞིན་ཡོད་པ་ནི་རིག་གནས་འཕེལ་རྒྱས་སུ་བསྐྱོད་པའི་རྟགས་སུ་མངོན།
    ལ་དྭགས་པ་ཚོས་སྐད་བེད་སྤྱོད་གནང་བཞིན་པ་དེ་ནི་བོད་སྐད་ཀྱི་བརྡ་རྙིང་པ་བེད་སྤྱོད་བྱེད་བཞིན་འདུག་ཅེས་མཁས་པ་ཚོས་གསུངས་བཞིན་འདུག  ཁོང་ཚོས་ཚིག་གི་དག་ཆ་ཇི་མ་ཇི་བཞིན་སྒྲ་སྟོན་གྱི་ཡོད་པ་ལྟ་བུ་འདུག དཔེར་ན། “བདེ་སྐྱིད་”ལ་ “དེ་སི་ཀྱིད་” དང་། “སྟོབས་ལྡན་”ལ་ “ས་ཏོབ་དན་” “སྟག་སྣ་དགོན་པ་”ལྟ་བུ་ལ་“ སི་སྟག་སྣ།” “ དཔེ་ཐོག་དགོན་པ་”ལ་“ སི་དཔེ་ཐོག་”ལྟ་བུ་རེད་། འགའ་ཞིག་ལ་ཨ་མདོའི་སྐད་ཀྱི་སྒྲ་གདངས་མང་པོ་ཞིག་ཐོན་འདུག་མོད་འདིའི་སྐོར་རིམ་གྱིས་རྗེས་ནས་བཤད་ཆོག ༼མ་ཚར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མར་ཡུལ་ལ་དྭགས་སུ་བསྐྱོད་པའི་ཟིན་ཐོ།༼ཁག་གཉིས་པ༽

2013-10-23 བན་ལོག༼འབྲུག་ཡུལ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།