ཚོར་སྣང་གསར་བ་ཞིག༡

  རང་གིས་གང་བསམ་གཞན་ལ་འཆད་པ་དང་། །
གཞན་གྱི་ཚུལ་ལ་རང་གིས་ཐེ་ཚོམ་ཚོགས། །
སྦས་པའི་སྤྱོད་ལ་ཡལ་བར་འདོར་བ་ནི། །
བསྟན་འཚོ་བདག་གི་བསམ་པ་གཅིག་པུ་ཡིན། །
དེ་ཡང་འཇིག་རྟེན་པར་ཕན་ངེས་སུ་སྨྲ་དང་སྨྲ་བཞིན་པའི་བྱང་སེམས་སྤྱོད་འཇུག་འདིས་ནི་འགྲོ་བ་མཐའ་དག་ལ་ཕན་ངེས་སུ་ནམ་ཡང་མི་སྲིད་ཀྱང་ཤིང་སྐམ་གྱི་ཁྲི་ཐོག་ན་བཞུགས་པའི་བླ་མ་དང་མཁས་པར་རློམ་ཞིང་བཙུན་ཚུལ་འཛིན་པའི་མཁན་པོའི་མིང་ཅན་སོཊ་མདོར་ན་འདི་ལ་འཆད་ཉན་གྱི་བྱ་བ་རྩོམ་མཁན་ཕལ་མོ་ཆེ་ཡིས་ཨུ་ཚུགས་ཀྱིས་སྒྲུབ་བྱེད་བཀོད། སྟོན་པའི་བཀའ་རང་གི་བསམ་ཚུལ་དང་འགྲིགས་གང་ཐུབ་ཀྱིས་མྱོང་བ་སོཊ་ལྕེ་བརྒྱར་སྤྲུལ་བའི་རྫུན་གཏམ་གྱིས་མདུན་བསུས་ནས་གདན་དྲངས་དང་འདྲེན་བཞིན་པ་དག་ནི་འཁོར་བ་མ་སྟོང་ས་གཞི་མ་འཇིག་གི་བར་དུ་ནམ་ཡང་འོས་པའི་སྐལ་བ་མི་སྲིད་པས། ཁྱི་སྤྱང་དག་སྔར་ནས་བཀག་འགོག་མ་བྱས་ན་ཕྱིས་ནས་ར་ལུག་གི་ཚོགས་ཕུ་དཀྲུགས་མདའ་དཀྲུགས་ཀྱི་གོད་ཆག་ས་གཞིས་མ་ཁྱོག་ཅིང་ནམ་མཁར་མ་ཤོང་བ་དབོར་ཉེན་ཆེ། དེ་བས་འདི་ནས་མདོར་ཙམ་བསམ་གཏན་གྱི་ལེའུ་དང་འབྲེལ་བའི་གཏམ་འགའ་བརྗོད་ན། དེ་ཡང་འཛམ་གླིང་གི་འགྲོ་བ་མཐའ་དག་བདེ་བར་འཁྲེན་ཞིང་ཆགས་པ་ཤ་སྟག་དང་སྡུག་བསྔལ་ལ་འཁོན་ཞིང་འཁུ་བ་འབའ་ཞིག་རེད། དེ་བས་འགྲོ་བ་དག་གི་འདོད་པ་ནི་བདེ་བ་རེད་མ་གཏོགས་བདེ་མིན་སྡུག་མིན་གྱི་གོ་འཕང་རྟོག་བཟོ་དེ་ནམ་ཡང་མ་ཡིན་ནོ།།སྲིད་ཞི་གཉིས་སུ་ཡོད་མིན་ཤེས་དཀའ་ཡང་ཡོད་པའི་དབང་དུ་བཏང་ན་སེམས་ཅན་ལ་དགོས་པ་དང་འགྲོ་བ་ལ་མཁོ་བ། ལུས་ཅན་ལ་ཕན་པ་ནི་བདེ་བ་འབའ་ཞིག་ཡིན་ཏེ་ཁོ་ཚོའི་འདོད་པ་ཉག་ཅིག་ཡིན་པའི་ཕྱིར། བསམ་དོན་གྲུབ་པ་ལས་ལྷག་པའི་བདེ་བ་དང་འདོད་པ་ཞིག་འཛམ་གླིང་ན་ག་ལ་ཡོད་དེ་མེད་པའི་ཕྱིར་ན་འགྲོ་བའང་དེ་མཚུངས་ཡིན་པ་ནི་བསྙོན་དུ་མེད། དེས་ན་གལ་ཏེ་འགྲོ་བ་བདེ་དགོས་ན་དགའ་བར་བྱེད་པ་ལ་ཁོ་ཚོའི་འདོད་པའི་རེ་བ་མ་སྐང་ཐབས་མེད་ཡིན། ཁོ་ཚོའི་འདོད་པ་མ་སྐང་བར་འགྲོ་བ་དགའ་བ་ཞིག་ག་ལ་སྲིད་དེ་མོ་གཤམ་གྱི་བུ་ཡི་སྤུན་ཟླ་ཡིན་ཕྱིར་རོ། ། སྤྱིར་ཆོས་དང་འཇིག་རྟེན་ཐ་དད་ཡིན་པ་ཀུན་གྱིས་ཤེས་ངེས་རེད། ཆོས་ཀྱིས་འཇིག་རྟེན་པའི་འདོད་པ་བསྐང་མི་ནུས་ལ། འཇིག་རྟེན་པས་ཆོས་པའི་འདོད་པ་བསྐང་མི་ནུས་པ་ནི་དཔེར་ན་མགོ་སྨན་གྱིས་མགོ་ནད་བསལ་ཐུབ་ཀྱང་། ལྟོ་ནད་བསལ་ཕྱིར་མི་ཕན་དང་མཚུངས། ལྟོ་ནད་ཀྱི་སྨན་དེས་མགོ་ནད་མི་སེལ་བ་དང་གཅིག་གོ །འོན་ཀྱང་འདི་སྐབས་ན་མགོ་མཁྲེགས་ཀྱི་བླ་སྤྲུལ་འགས་འཇིག་རྟེན་པས་ཆོས་པར་མི་ཕན་པ་ཤེས་ནས།ཡིན་གཅིག་གིས་ཆོས་བྱེད་དགོས་ཚུལ་དང་འཇིག་རྟེན་ངན་རབས་ཡིན་ཚུལ་སོཊ་ཧམ་པ་ནམ་མཁར་མི་ཤོང་བ་སྨྲས་ཏེ་ཆོས་ཀྱིས་འཇིག་རྟེན་པར་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཁེངས་དྲེགས་རི་རབ་ལྟར་ལངས་ནས་ཆོས་ཡག་རབས་ཀྱི་སྟོང་བཤད་བྱས་པ་དང་བྱེད་པ་ནི་ཤིན་ཏུ་མི་འོས་སོ།།ཕན་ན་ཆོས་པར་ཕན་མི་དགོས་ལ། ཆོས་པར་མི་ཕན་པས་སྡུག་ཅག་ཀྱང་ཡིན་མི་དགོས་པས་འཇིག་རྟེན་པ་སྡུག་རབས་སྒྲུབ་པའི་རྟགས་རྣལ་མ་ནམ་ཡང་མེད་པས་དེ་དག་རྫུན་གཏམ་ལས་མ་འདས། ངོ་མ་བསམ་ན་འཇིག་རྟེན་པས་ཆོས་པར་ཕན་པ་བསྐྲུན་པ་མ་མང་ན་ཆོས་པས་འཇིག་རྟེན་པར་ཕན་བསྐྲུན་པ་ནི་ནམ་ཡང་ཡོད་མི་སྲིད། འདི་ཡིན་ངེས་པར་དུ་བརྟག་པར་འཚལ། སངས་རྒྱས་པའི་ལྟ་བ་སྡུག་བསྔལ་སྤོང་བྱེད་དུ་སྨྲ་བ་ནི་ཏོག་ཙམ་འཐད་མོད་བདེ་བ་སྒྲུབ་བྱེད་དུ་སྨྲ་བ་ནི་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་ནོ། །དེ་བས་སེམས་ཅན་གྱི་འདོད་པ་མཐའ་དག་ནམ་ཡང་བསྐང་མི་ནུས་ལ་ཕན་ངེས་པ་ཞིག་ཀྱང་ནམ་ཡང་མ་ཡིན། ཁོ་ཚོ་འདོད་པ་ནི་ཆགས་པ་དང་སྲེད་པ་མཐའ་དག་སྤང་དགོས། དེས་མི་ཚད་སེམས་ཅན་གཞན་སྤྱོད་ཚུལ་དང་བློ་ཏོག་ཙམ་དམན་པ་དག་ལ་བསམ་པ་བཟང་པོས་དེ་ལས་བཅོས་ཏེ་ལམ་བཟང་དུ་འཁྲིད་རྒྱུ་ཕར་བཞག་རང་ལ་ཁོའི་བྱ་ངན་གྱི་དྲི་མ་འགོས་ཡོང་བསམ་པའི་རང་གཅེས་འཛིན་དང་དུ་བླང་ནས་ཁོ་ཚོའི་ཐ་སྙད་ལྟར་ན་བྱིས་པ་དག་ལ་སྣང་མེད་གཏང་། མ་འདྲིས་པར་བྱ། ཕན་པ་མེད་པར་བསམ། ཐ་མལ་དུ་བརྩིས་པ་སོཊ་ཀྱི་མཐོང་བྱུང་བྱས་ནས་གྲོགས་བཟང་མཁས་པ་དང་བླ་མ་སོཊ་ལ་བསྟེན་ན་རང་ལ་ཕན་ངེས་པའི་བསླབ་བྱ་བྱས་པ་འདི་ལ་བསམ་ན་ལེཊ་པ་ཞིག་ཨེ་རེད་བསམ་བློ་ཐོངས་དང་། དེ་ལྟར་བཤད་པ་མི་འདུག་ཟེར་ན༼མཐོ་ལ་ཕྲག་དོག་མཉམ་དང་འགྲན། །དམའ་ལ་ང་རྒྱལ་བསྟོད་ན་དྲེགས། །མི་སྙན་བརྗོད་ན་ཁོང་ཁྲོ་སྐྱེས། །ནམ་ཞིག་བྱིས་ལས་ཕན་པ་འཐོབ། །༽འདིས་༼རང༽ལ་ཕན་པ་མེད་པའི་ཕྱིར་རང་གིས་ཁོར་ཕན་ཐོགས་བྱེད་ཐུབ་མིན་ལ་མ་ལྟོས་པར་༼བྱིས་དང་འགྲོགས་ན་བྱིས་པ་ལས། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོཊ། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །༽ཞེས་པའི་ཚིགས་བཅད་ཁྱབ་མེད་ཁྱབ་པར་བརྩིས་པའི་རྫུན་གཏམ་གྱིས་སྤང་དགོས་པར་བསྟེན་ཡོད་པ་ས་བཅད་ཀྱི་མིང་དུའང་ཐོགས་མེད་ལྟར་ན༼དེས་བདག་ལ་མི་ཕན་པར་བསམ་པ༽བཏགས་ཡོད། བྱིས་པ་ཞིག་ལས་ཡོན་ཏན་མི་རག་པ་བདེན་པ་ཞིག་ཡིན་པའི་དབང་དུ་བཏང་རུང་བྱང་ཆུབ་སེམས་པ་ཞིག་གིས་སེམས་ཅན་ཐམས་ཅད་མ་གཅིག་གི་བུ་ལྟར་བརྩེ་བ་དང་བརྩེ་དགོས་པ་བདེན་ན་ཁོ་ལམ་ལོག་པ་བཞུགས་པ་མཐོང་བ་བཟོད་དམ་མ་མཐོང་ན་སྐྱོན་མེད་ཀྱང་མཐོང་བ་དང་ཐུག་རུང་དེ་ལྟ་བུར་ཐག་རིང་ས་ལ་འབྱོལ་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད། འདིའི་ལན་ལ༼དེས་ཀྱང་བདག་དོན་མ་བྱས་ལ། །བདག་ཀྱང་དེ་དོན་མི་འགྱུར་བས། །བྱིས་ལས་ཐག་རིང་བྱོལ་བར་བྱ། །༽ཞེས་པ་འདི་ལ་ཡག་པོ་ཀླགས་ཨ། ཚིག་རྐང་དང་པོ་དེ་ལ་ལྟོས་དང་ཐེག་ཆེན་པ་ཞིག་གི་བསམ་བློའི་གཏོངཚུལ་འདི་འདྲ་ཨེ་རེད། ཞི་བ་ལྷ་ཧ་ལམ་འདི་སྐབས་ན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་མེད་པ་འདྲ། དངོས་གནས་ངོ་ཚ་དགོས་པ་རེད། གཞན་གྱིས་བདག་དོན་བྱེད་རུང་མི་བྱ་རུང་གི་བྱང་སེམས་རང་གིས་གཞན་དོན་མ་བྱས་པ་ཐབས་རྡུགས་པ་མ་ཡིན་ནམ། ཚིག་རྐང་ཕྱི་མ་དེ་ཡང་རྟོག་བཟོ་དང་ཧམ་བཤད་ཁོ་ནར་ཟད་ཀྱི་དགོས་ཆེེ་གལ་གནད་དོན་ལྡན་གྱི་གཏམ་ཞིག་ནམ་ཡང་མ་ཡིན་ནོ།།རྒྱུ་མཚན་ནི་བྱང་ཆུབ་སེམས་དཔའ་དག་ལས་ཐབས་མཁས་པ་གཅིག་ཀྱང་མེད་པ་རེད་དམ། ཐམས་ཅད་ཀྱིས་བྱིས་པའི་དོན་བྱ་མི་ནུས་པ་ཤེས་ན་ཤེས་བཞིན་དུ་སྨོན་འཇུག་གི་སེམས་བསྐྱེད་སྐབས་ན་ཧམ་བཤད་ཀྱིས་སེམས་ཅན་མཐའ་དག་གི་དོན་བྱ་བ་ཁས་ཅིའི་ཕྱིར་ལེན། ཡང་ན་ཁོ་ཚོ་སེམས་ཅན་མ་རེད་དམ།  ཚིག་རྐང་འདིས་ནི་སེམས་ཤུགས་ཏོག་ཙམ་ཡོད་པ་ཁྱོད་འདྲ་ཚོའི་སེམས་ཤུགས་ཀྱང་མེད་པ་བཟོ་མེད་པའི་གདེང་ཅི་ཞིག་ཡོད། བྱིས་པ་དང་འགྲོགས་ན་བྱིས་པའི་གཤིས་ཀ་རང་ལ་འགོ་སྲིད་ན་རང་བྱང་སེམས་ཀྱི་གཤིས་ཀའང་ཁོ་ལ་ཅིའི་ཕྱིར་འགོ་མི་སྲིད་དེ་མཚུངས་སོ།།ཁེ་དང་རྒྱལ་ཁ་གཞན་ལ་བྱིན། །གྱོང་དང་ཕམ་ཁ་རང་གིས་འཁུར་དགོས་པའི་གདམས་ངག་ཟབ་མོ་དཔེ་ཐོག་ན་གྲང་ཤུར་རེར་ལྷག ཁ་ནང་ནས་ནད་ཀྱིས་མནར། སྤྱོད་ཐོག་ནས་སྐྱོ་ལྷང་ངེར་ཤི་ཟིན་པའི་དགེ་བཤེས་ཤ་ར་བས་ལོ་དྲུག་ཏུ་གོམས་པའི་མན་ངག་ཞི་བ་ལྷས་ཤེས་མེད་པ་འདྲ། ཕལ་ཆེར་བོད་སྐད་ཡིན་པས་མ་ཤེས་པ་ཡིན་སྲིད། རང་གིས་༼གཞན་ལ་གཞན་བསྐུལ་འདེབས་མཁས་ཤིང་། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྤྱི་བོར་བླང་གྱིས་ཏེ། །རྟག་ཏུ་ཀུན་གྱི་སློབ་མར་འགྱུར། །༽ཞེས་གཞན་རང་ལས་བློ་དམན་པའམ་མཉམ་པ་དག་ལ་གཞན་བསྐུལ་འདེབས་པ་དང་སློབ་མར་གྱུར་དགོས་པའི་ལེགས་བཤད་འདི་འོག་ནས་བརྗེད་སོང་བ་འདྲ། གཞན་ལ་གཞན་བསྐུལ་འདེབས་པ་ཕར་བཞག་བློ་གྲོས་ཞན་པ་དག་ལས་ཐག་རིང་ས་དེ་དག་མེད་ས་ན་གང་མགྱོགས་ཅི་ཐུབ་ཀྱིས་རྒྱུག་དགོས་ཞེས་མ་འགྲོ་ན་རང་ལ་གནོད་པ་འབྱུང་ཚུལ་གྱི་སྒམ་སྒོ་ཕྱེ་ནས་༼གཙོ་ཆེར་གཞན་གྱི་དོན་བསམ་མོོ།།༽ཞེས་པའི་ཁས་བླངས་སྔ་མ་ལ་སྣང་མེད་བྱས་པ་འདི་ནི་འཇམ་དབྱངས་ཀྱི་ཤེས་རབ་ཡིན་མིན་ཐེ་ཚོམ་སྟེ་བྱིས་པའི་སྐད་ཆ་ལས་འཁྲེལ་མེད་པའི་གཏམ་དང་དོན་མེད་ཀྱི་རྫུན་དུ་ཟད་པར་རྗེས་བསྙེགས་ན་ལྷ་ཡུལ་ཕར་བཞག་ཡི་དྭགས་ཀྱི་ཁམས་ལས་རྡོག་ཐོ་ཞུས་ནས་ཕུད་ཉེན་ཆེེའོ།།འདི་ནི་བུད་མེད་ལ་སྨད་པ་ལྟར་པཎ་ཆེན་ལྔ་བརྒྱ་གཙོར་བྱས་པའི་མདུན་ནས་སྨྲས་པ་ཞིག་ཡིན་པ་ལས་ཉན་རང་གི་རྗེས་འཇུག་ལ་སྨྲས་པ་ནི་ནམ་ཡང་མ་ཡིན་པས་འདི་ལྟར་གསུང་པ་ལ་དོགས་པ་དང་འཚེར་སྣང་ཙམ་ཡང་མེད་པ་དངོས་གནས་སྙིང་རྗེའི་གནས་ཏེ་མཁས་པའི་མཆིལ་མ་འདོར་སའི་གཞི་ལས་མ་འདས་སོ།།པན་ཆེན་ལྔ་བརྒྱ་ཐམ་པ་རོ་ལྟར་ཅི་བཤད་མ་ཐོས་པ་འདྲ། ཞི་བ་ལྷ་རང་ཡང་རོའི་མདུན་ན་རྫིག་རྫིག་བྱེད་པའི་ཁྭ་ཏ་ལྟར་གང་འདོད་གང་དྲན་དྲན་གསུང་སྡོད་པ་ནི་དགོད་བྲོ་བ་ཞིག་རེད། ༼འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །༽ཞེས་རང་བདེ་བ་འདོད་པ་ལས་བྱུང་བའི་འབྲས་བུ་སྡུག་བསྔལ་དུ་ཁྱོད་ཀྱིས་སྨྲས་འདུག་ན། བྱིས་པ་ལས་ཐག་རིང་དུ་འགྲོ་བའི་འབྲས་བུ་བདེ་བར་ག་ལ་སྲིད་དེ། འདི་ནི་གཞན་བདེ་འདོད་ཕྱིར་བརྩམས་པའི་བྱ་བ་མ་ཡིན་པས་སོ།།མ་ཡིན་ཏེ་འདིས་ནི་༼རང་ཉིད༽་དམྱལ་བ་ལ་ལྟུང་བ་དང་ངན་སོང་དུ་སྐྱེས་ན་སྡུག་བསྔལ་མྱོང་བའི་མངོན་འགོག་ལས་༼གཞན༽སྡུག་བསྔལ་ལས་འབྲལ་ཕྱིར་མ་ཡིན་པ་མངོན་སུམ་དུ་གྲུབ་པའི་ཕྱིར། གཞན་སྡུག་བསྔལ་ལས་བྲལ་ཕྱིར་ཡིན་ན་ཅིའི་ཕྱིར། ལུང་སྟོང་། ཐང་སྟོང་། ཕུག་སྟོང་སོཊ་གཞན་མེད་ས་ན་འགྲིམས་བཞིན་ཡོད། དེ་ཚོར་འགྲིམས་པ་ལ་བརྟེན་ནས་སེམས་ཅན་གྱི་འདོད་པ་གྲུབ་འགྲོའམ་ཡང་ན་སྡུག་བསྔལ་ཟད་འགྲོ མི་འགྲོ་སྟེ་འགྲོ་བའི་སྡུག་བསྔལ་འགྲོ་བ་རང་གིས་མ་གཏོགས་གཞན་གྱིས་ལག་པས་བསྐྲུ་རྒྱུ་དང་རྐང་པས་བརྫི་རྒྱུ་མེད་ལ་གཞན་གྱིས་དགེ་བ་བྱས་པས་དེ་དག་གི་སྡུག་བསྔལ་ཉམས་མི་འགྲོ་ལ་བསམ་དོན་མི་གྲུབ་ཅིང་དགའ་བ་སྐྱེ་མི་སྲིད་པའི་ཕྱིར་རོ།།དེའི་ཐད་ཀ་ན་༼བྱིས་པ་འགའ་ཡང་བཤེས་མིན་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས།།༽ཞེས་རང་གིས་བཟོས་པའི་ལམ་ལ་རང་གིས་འགན་མ་འཁུར་བར་མེས་པོ་རྒད་པོ་དག་ལ་ཁ་གཡོག སྤྱིར་འདི་ནི་ནང་བསྟན་པ་ཚོས་ལས་ཀ་བྱེད་སྟངས་ཐབས་སྐྱོ་ཤོས་དེ་རེད། རང་གིས་དམ་བཅའ་བཟུང་། རྒྱུ་མཚན་གཞན་གྱིས་ལབ་པའི་ཕྱིར་དང་རང་གི་རིག་པ་མ་འགྲོ་ན་གཞན་གྱིས་གསུངས་པའི་ཕྱིར་ལབ་པ་ལས། དེ་ཡིན་མིན་བརྟག་པ་ནན་པོ་བྱས་ཏེ་དམ་བཅའ་བཟུང་བ་ནི་ཤིན་ཏུ་དཀོན་ནོ།།ནམ་ཡང་ཁ་གཡོག་ས་བཙལ་ནས་སྡོད་པས་བློ་བསྐྱེད་གསར་པ་ནམ་ཡང་མི་འཐོབ། དེ་བས་དེང་དུས་ཀྱི་ཕྱི་རོལ་བ་དག་ལས་རྒྱལ་ཁ་ནམ་ཡང་བླངས་མི་ནུས། ཁོ་ཚོའི་འདོད་པ་དག་འགྱུར་བཞིན་ཡོད། ཁྱེད་ཚོ་གནོད་བྱེད་རྙིང་པ་གཉིས་གསུམ་ལ་ཁ་གདང་། མིག་བསྒྲད་ནས་འཐོམ་་སྡོད་པས་མི་ཕན་པར་ངེས་སོ།།ཐོག་མེད་ཀྱིས་སངས་རྒྱས་ཀྱི་ལུང་དྲངས་པ་འདི་ལྟར། ༼དེ་བཞིན་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ལས། ཇི་ལྟར་གཅན་གཟན་ཁྲོད་གནས་ན། །ནམ་ཡང་དགའ་བར་མི་འགྱུར་བ། །དེ་བཞིན་བྱིས་པ་བསྟེན་པས་ཀྱང་། །ནམ་ཡང་དགའ་བར་མི་འགྱུར་རོ།།༽ཞེས་པ་འདི་ལ་ལྟོས་ཨ། མིང་ཐེག་པ་ཆེན་པོ་ཁྱེར་སྐད་ཆ་འདི་འདྲ་བཤད་ན་ལན་པོ་རང་ཨེ་ཡོད་ན། རང་ལ་དགའ་བ་མི་བསྐྱེད་པས་བྱིས་པ་སྤང་དགོས་སམ་རང་བྱིས་པ་ལ་ཕན་ཐོགས་ཨེ་ཡོང་བསམ་པ་གལ་གནད་མིན་ནམ། གཅན་གཟན་གཏུམ་པོའི་ཁྲོད་ན་རང་ལ་བདེ་བ་མེད་ན་ཁོ་ལ་བསམ་གཞིག་མེད་པར་བྲོས་རྐྱང་དང་འབྱེར་རྐྱང་བྱེད་དགོས་པའི་བསམ་པ་འདི་ཡག་པོ་ཨེ་རེད། འདི་ཡང་ངས་བལྟས་ན་ལེགས་ཆ་ལ་རྩ་བ་ནས་མི་མཐོང་གི དེའི་གོང་རང་ལ་༼རང་བཞིན་འགྲོགས་དཀའ་དེ་དག་གིས། །དགའ་བ་ཇི་ལྟར་སྐྱེ་བར་འགྱུར། །༽ཞེས་པ་འདི་ལ་ཡང་གཅིག་སོམས་དང་བདེ་བ་མ་བསྐྱེད་པས་སྤང་དགོས་ན་ལམ་གྱིས་དཀའ་སྤྱད་དག་ཀྱང་སྤང་དགོས་པར་ཐལ་ཏེ་རང་ལ་སྡུག་བསྔལ་འབྱུང་བའི་ཕྱིར། འདིའི་ཐད་ན་ཐོགས་མེད་ཀྱིས་གོང་དང་འགལ་ལོ་སྙམ་ན་སྔར་ནི་རང་མི་ཉམས་ཤིང་གཞན་ལ་ཕན་པའི་དབང་དུ་བྱས་ལ་འདི་ནི་དེ་ལས་བཟློག་པའི་དབང་དུ་བྱས་པ་ཡིན་པས་མི་འགལ་ཞེས་རྫུན་གཏམ་དམར་རྗེན་མ་བསྟན་ཡོད། དེས་ན་ངས་འགལ་ཟེར་བ་ལས་དེ་མིན་གཉིས་ཀ་གཞན་ལ་ཕན་པའམ་དེ་མིན་གང་རུང་གི་དབང་དུ་བྱས་པ་ཡིན་ན་སུས་འགལ་ཟེར་ཏེ་མི་ཟེར་རོ།། བྱང་ཆུབ་སེམས་དཔའ་གཅིག་གིས་གཏམ་སྨྲ་ནའང་འདྲ། རང་གིས་སྒྲུབ་ནའང་འདྲ། དེ་བཞིན་ལས་ཀ་ཅི་ཞིག་བྱེད་པ་དང་བྱ་བར་འགྱུར་རུང་དེ་ལས་བཟློག་པའི་དབང་དུ་གཏང་རྒྱུ་ག་ལ་ཡོད་དེ་དེ་ལས་བཟློག་ན་གཞན་ལ་ཕན་པའི་དབང་དུ་མ་བྱས་པ་ཆགས་འགྲོ་ལ་ཐེག་པ་འོག་མ་དང་ཐ་དད་པར་སྒྲུབ་བྱེད་གཙོ་བོ་ཞིག་དང་འགལ་འགྲོ་བའི་ཕྱིར། ཡིན་ཏེ་ཁོ་རང་གིས་ཀྱང་༼སེམས་ཅན་ཀུན་དོན་མ་གཏོགས་པ། །ད་ནི་ཁྱོད་ཀྱིས་གཞན་མི་བསམ། །༽ཞེས་པའི་རྨད་འབྱུང་དོན་གྱི་རྒྱ་མཚོར་གྲུབ་པའི་ལེགས་བཤད་ཕུལ་དུ་བྱུང་བ་ཞིག་གསུངས་ཕྱིར་རོ།། ད་དུང་༼གང་ལ་བསམ་པ་དེ་ཡོད་པ། །དེ་ལ་དེ་ཉིད་དོན་གྱིས་བཞུཊ། །༽ཞེས་ལུང་དོན་སྟོང་པ་ཞིག་དྲངས་ནས་གཞན་དོན་དང་མ་འཆོལ་བར་བསྒྲུབས་པ་ནི་དགོད་ཤོར་བའི་གནས་ཡིན། དེ་འདྲ་ཡིན་སོང་ན། སེམས་ཅན་ཐམས་ཅད་ལ་བདེ་བ་མཐའ་དག་དཀའ་བ་མེད་པར་དོན་གྱིས་བཞུཊ་པ་ཨེ་རེད། བསམ་པ་དེ་ཡོད་པའི་ཕྱིར། མོ་གཤམ་བུ་འདོད་ལ། བུ་དོན་གྱིས་བཞུགས་ཟེར་རྒྱུ་ཨེ་རེད། བསམ་པ་དེ་ཡོད་པའི་ཕྱིར། ཞེས་ཐོོས་པས་དགོད་ཀྱི་རིལ་འགྲོ་བའི་མགོ་མཚུངས་མང་པོ་དག་བྲི་པ་དོན་ཆེར་མ་མཐོང་ངོ་། །དེས་ན་བྱིས་པ་དག་ལ་བྱང་ཆུབ་སེམམས་པའི་ལྟ་ཚུལ་ནི་གོང་དུ་བཤད་པ་ལྟར༼འདི་དག་ཉིད་ལ་བརྟེན་ནས་བདག །སངས་རྒྱས་ཉིད་དུ་འགྱུར་རོ་ཞེས། །དྲང་ཞིང་བྱམས་པའི་ཚུལ་གྱིས་བལྟ། །༽ཞེས་པ་ལྟར་ཡིན་པ་ལས་འདིས་ང་དམྱལ་བ་འཁྲིད་ངེས་རེད། འདིས་ང་ཕུངས་ལ་སྦྱར་ངེས་རེད་བསམ་ནས་མགོ་ལ་མེ་ཤོར་བ་བཟློག་པ་དང་སང་ཉིན་མེད་པ་ལྟར། མཆོང་ནས་མགྱོགས་པར་བསླེབས་ན་མཆོང་། གོམ་པས་བསླེེབས་ལ་དལ་ན་དེ་སྤང་བ་སོཊ་ནི་དགོས་མེད་ཀྱི་སྨན་དང་ཕན་མེད་ཀྱི་ལོ་ཏོག དོན་མེད་ཀྱི་དཀའ་ལས་ཡིན་པས་དེ་ལྟར་མ་རྩོམ་པ་མཆོག་སྙམ། གོང་ན༼མར་མེ་འདོད་ལ་མར་མེ་དང་། །གནས་མལ་འདོད་ལལ་གནས་མལ་སོཊ། །ཞེས་དང་། བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱིས་བྲན་དུ་འགྱུར་བར་ཤོག །༽ཞེས་སྨོན་ཡང་འདི་ནས་བྱིས་པའི་འདོད་པ་བསྐང་བའི་ལོ་རྒྱུས་་གླེང་བས་ཅི་ཞིག་བྱ། ཐ་ན་དེ་དང་འགྲོགས་ཀྱང་མི་ཆོག་ཅེས་ཧམ་བཤད། གཤོབ་གཏམ། འདྲེ་ཞྭ་ལྗང་ཁུས་གཡོགས་པའི་འགལ་གཏམ་འདི་དག་གིས་ནི་སེམས་ཅན་གྱི་འདོད་པ་བསྒྲུབ་པ་ག་ལ་སྲིད། དམྱལ་བར་མ་འཁྲིད་ནའང་ཧང་སངས་དགོས་པའི་ཡག་པོ་རེད། རྒྱལ་བ་ཞེས་པའི་མཐོང་ཐོས་མེད་པའི་མི་བུ་དེ་དགའ་བྱེད་དུ་རང་གིས་སྡུག་བསྔལ་དཔག་མེད་བཟོད་དགོས་ཞེས༼དེ་བཞིན་ཤེགས་རྣམས་དགྱེས་པར་བགྱི་སླད་དུ། །དེང་ནས་ངེས་རྟུལ་འཇིག་རྟེན་བྲན་དུ་མཆི། །འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ། །འགུམས་ཀྱང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛོད། །༽ཅེས་ནན་གྱིས་བཤད་འདུག་ཀྱང་འགྲོ་བའི་དོན་དུ་སྡུག་བསྔལ་དཔག་མེད་ལ་དགའ་བས་དང་དུ་བླང་དགོས་ཞེས་བཤད་རྒྱུ་ཕར་བཞག་རང་ལ་བདེ་བ་མི་འབྱུང་ན་ཡོད་ཚད་སྤང་རྐྱང་དང་། རང་ལ་དགོས་པ་མེད་ན་ཐམས་ཅད་འདོར་རྐྱང་བྱེད་དགོས་པ་རྒྱ་མཚན་དུ་བྱས་ནས་བདག་འཛིན། མ་རིག་པ། སྡིག་པ་ལ་སོཊ་པ་སྤང་བར་བསྟན་པ་ནི་ཉན་རང་ལས་ལྷག་རྒྱུ་ལྟ་ཞོག ཡེ་ཤུའི་སྤྱོད་པ་ལས་ཐབས་རྡུགས་པས་འཕགས་པའི་མིང་དེ་ཚོ་ཁྱེད་དང་ཁྱེད་ཅག་ལ་རན་པོ་ཅང་མེད་གདའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚོར་སྣང་གསར་བ་ཞིག༡

2013-08-17 བསྟན་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།