རྒྱོ་རྒྱག་ན་ཤུབས་དགོས། དགྲར་འཐབ་ན་སྙིང་དགོས།

བན་ལོག༼འབྲུག་ཡུལ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-10

   ང་རང་ཆུང་དུས་སུ་འགྱིག་ཤུབས་སམ་སྲུང་ཤུབས་ཞེས་པའི་ཐ་སྙད་རྒྱ་སྐད་ཀྱི་ལམ་ནས་གོ་མྱོང་། དེ་ནི་བུ་ཕྲུག་སྐྱེས་འགོག་གི་ནུས་པ་ཙམ་ལས་རེག་དུག་སོགས་ཀྱི་ན་ཚ་མང་པོ་ཞིག་འགོག་གི་ཡོད་པ་མ་ཤེས། དེ་དུས་ང་ཚོའི་སྡེ་བ་རུ་རྐང་རྗེན་སྨན་པ་ཟེར་བའི་བུད་མེད་ཅིག་ཡོད་ལ། ནམ་རྒྱུན་མོས་སྡེ་བའི་ཕོ་གསར་ཚོར་རིན་མེད་ལ་འགྱིག་ཤུབས་སྤྲད་པ་དང་། ལྐོག་ཏུ་བུད་མེད་ཚོ་ལའང་དེའི་སྐོར་གྱི་ཤེས་བྱའི་ཟབ་སྦྱོང་སྤྲད་རབས་བཤད་ཚུལ་འདུག ང་སློབ་ཆུང་ལ་འགྲོ་བའི་སྐབས་ཤིག་ལ་སློབ་གྲོགས་ཞིག་གིས་འགྱིག་ཤུབས་བཅུ་གྲངས་ཤིག་འཁྱེར་ཡོང་ནས་ང་ཚོར་སྤྲད་བྱུང་མོད། ང་ཚོའི་ཅི་ཡིན་མ་ཤེས་པར་ཕུ་བརྒྱབ་ནས་དབུགས་ལྒང་བཞིན་གནམ་ལ་སྤུར་བ་དང་། ཁ་ཤས་ཀྱིས་དེའི་ནང་ཆུ་བླུགས་ནས་རྩེད་མོ་རྩེ་བ་ད་དུང་ཡང་དྲན་ངེས་ན་གསལ་བོ་འདུག དེ་ནས་ལོ་ངོ་བཅུ་ལྷག་གི་རིང་དགོན་པ་ནས་བསྡད་ཡོད་སྟབས་དེའི་སྐོར་གྱི་ཤེས་བྱའི་གནས་ཚུལ་མ་ཤེས། ཕྱིས་སུ་སྐྱ་སར་བབས་ནས་མཚོ་སྔོན་པོའི་འབྲོག་མོ་ཚོ་དང་ཁྲི་ཀའི་རོང་མོ་ཚོར་གཡབ་དུས་དེའི་སྐོར་ལ་བསམ་བློ་འཁོར་མ་མྱོང་ལ། ལྷག་ཏུ་ཟི་ལིང་དང་ལྷ་སའི་གཞང་འཚོང་མ་ཚོར་ལས་འབྲེལ་བྱས་དུས་འགྱིག་ཤུབས་བཀོལ་སྤྱོད་ཀྱི་ཤེས་བྱ་མང་པོ་ཞིག་མ་ཤེས། ད་ལྟ་བསམ་ན་སེམས་ལ་སྐྲག་སྣང་ཅིག་སྐྱེས་ཡོང་། ཕྱི་ཡུལ་དུ་འབྱོར་ནས་རྡ་སའི་སྤྱི་ཚོགས་ཁྲོད་ཨེ་ཛིའི་ན་ཚའི་སྐོར་གྱི་གནས་སྟངས་མང་པོ་ཞིག་གསལ་བོར་ཤེས་ཡོང་བ་དང་། རྒྱལ་ཁབ་འདྲ་མིན་གྱི་བུ་མོ་ཚོར་ལས་འབྲེལ་བྱེད་སྐབས་འགྱིག་ཤུབས་བཀོལ་སྤྱོད་མ་བྱས་ཚེ་གཡབ་ཏུ་མི་འཇུག    ཐེངས་ཤིག་ལ་ཕོ་ལན་གྱི་བུ་མོ་ཞིག་དང་མཉམ་དུ་རིའི་སྒང་ལ་སྤྲོ་འཆམ་དུ་སོང་ནས་ཞག་འདུག་བྱས། དགོང་མོ་དེར་རས་གུར་ཆུང་ཆུང་ཞིག་གི་ནང་ངེད་གཉིས་འདོད་པའི་དཔལ་ལ་རོལ་དགོས་བསམ་མོད། མ་བསམ་ས་ནས་ངེད་གཉིས་འགྱིག་ཤུབས་འཁྱེར་ནས་ཡོང་རྒྱུ་བརྗེད་འདུག་པས་མཚན་མ་འདོན་འཇུག་གི་ལས་ལ་བྱ་ཐབས་བྲལ་པ་དེ་ད་དུང་ཡང་ཁོ་མོས་ཁ་པར་ནང་ནས་གླེང་གི་འདུག།
     ཐོག་མར་འགྱིག་ཤུབས་བེད་སྤྱོད་སྐབས་སྐྱིད་པོ་མེད་པའི་ཚོར་སྣང་ཞིག་ཡོད་མོད། རིམ་གྱིས་གོམས་ཚེ་དེ་མ་གོན་ན་བློ་མི་བདེ་བའམ་སྐྱིད་པོ་མེད་པའི་ཚོར་བ་འདུག ཡིན་ནའང་བོད་མོ་ཁ་ཤས་ཀྱིས་འགྱིབ་ཤུབས་གོན་ཚེ་སྐྱིད་པོ་མི་འདུག་ཟེར་ནས་བེད་སྤྱོད་བྱེད་དུ་འཇུག་གི་མི་འདུག དེ་ཚོ་ནི་ཧ་ཅང་གི་ཉེན་ཁའི་གནས་ཤིག་རེད།
     འགྱིག་ཤུབས་སམ་སྲུང་ཤུབས་ཀྱི་དགེ་ཕན་སྐོར་ནས་ཡང་བསྐྱར་ཅིག་བཤད་ན། འགྱིག་ཤུབས་གྱོན་ན་བུ་འགོག་གི་ནུས་པ་ལྡན་ཞིང་། གནས་ཚུལ་གང་རུང་གི་བར་ལྷག་ཁྲོད་བྱུང་བའི་གྲ་སྒྲིག་མེད་པའི་ཕྲུ་གུ་དང་ཐང་བུ་སོགས་མི་འབྱུང་བར་སྔོན་འགོག་བྱ་ཐུབ། དེ་མིན་རིམས་ནད་དང་མོ་ནད་མང་པོ་ཞིག་སྔོན་འགོག་དང་། ཁྱད་པར་དུ་ཨེ་ཙི་ནད་ངན་དེ་སྔོན་འགོག་གི་ཐབས་ལམ་ཉག་གཅིག་ཡིན། ཡང་ཚད་ལྡན་གྱི་འགྱིག་ཤུབས་ཁ་ཤས་སྟེང་ལ་རྫས་འདྲ་མིན་གྱི་གཤེར་ཁུ་བྱུགས་ཡོད་པས། བེད་སྤྱོད་བྱས་ན་བུ་མོའི་ལུས་ཁམས་ལ་ཕན་པའམ་བུ་མོར་འདོད་པ་བསླང་བའི་ནུས་པ་ཆེན་པོ་ཡོད།  དེ་མིན་འགྱིག་ཤུབས་ལ་ཞན་ཆ་མེད་པ་མིན་སྟེ་ཕྱིའི་ཁོར་ཡུག་ལ་གནོད་པ་མ་ཟད། སྐྱེས་པ་དང་བུད་མེད་ལ་ལར་འགྱིག་ཤུབས་ལས་ལ་མི་འཕྲོད་པས་ཚོར་ལོག་བསྐྱེད་པའང་ཡོད། ཡང་འགྱིག་ཤུབས་བེད་སྤྱོད་བྱེད་མཁན་གྱི་སྐྱེས་པའི་མཁལ་མ་ལ་གནོད་པ་མ་ཟད་བུད་མེད་ཀྱི་ངོ་གདོང་ལ་ནག་ཐིག་ཆགས་པར་བཤད་མཁན་འདུག
  དེང་སང་འགྱིག་ཤུབས་ལ་མདོག་སྣ་ཚོགས་དང་ཆེ་ཆུང་འདྲ་མིན་ཡོད་ལ། རྒྱུ་སྤུས་ཀྱི་ཆ་ནས་ཀྱང་རབ་འབྲིང་ཐ་གསུམ་ཡོད། གཙོ་བོ་སྟེང་གི་ཚེས་གྲངས་ལ་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་དུ་འགྱིག་ཤུབས་ས་ཆར་དྲོད་སར་འཇོག་མི་ཉན་ལ། བེད་སྤྱོད་མ་བཏང་སྔོན་ལ་རལ་ཡོད་མེད་བརྟག་དཔྱད་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན།
འགྱིག་ཤུབས་ཆེ་ཆུང་གི་སྟེང་ནས་བཤད་ནའང་རང་དང་མཚམས་པོ་ཞིག་འདེམས་རྒྱུ་གལ་ཆེན་པོ་ཡིན། འགྱིག་ཤུབས་དེ་ཧ་ཅང་ཆེ་དྲགས་ན་ཉེན་ཁ་འབྱུང་མི་སྲིད་པ་མིན། རང་སྟེང་ནས་དཔེར་གཅིག་གླེང་ན། ལོ་ཁ་ཤས་གོང་རྡ་སའི་བོད་ཀྱི་མགྲོན་ཁང་ནང་ཨ་རི་ནས་ཡོང་བའི་བསྟན་འཛིན་མཚོ་མོ་དང་ལྷན་དུ་ཞག་སྡོད་བྱས་པ་ཡིན། ཁོ་མོ་ང་ལས་ལོ་བཅུ་ཙམ་གྱིས་ཆེ་བ་འདུག དགོང་མོ་དེར་ངེད་གཉིས་ནུབ་ཕྱོགས་པའི་སྤྱོད་སྟངས་ལྟར་གཡབ་རེས་ཐེངས་ཁ་ཤས་ལ་བྱས་པ་ཡིན། ཁོ་མོའི་མོ་མཚན་ཆེ་དྲགས་པས་གཡབ་ཐེངས་གཅིག་ལ་ང་རང་བདེ་བ་ཐོབ་ནས་འཇེ་ཕྱིར་ཕྱུང་དུས་འགྱིག་ཤུབས་མགོ་ན་མི་འདུག  དེ་ནས་འགྱིག་ཤུབས་བཙལ་དུས་ཁོ་མོའི་མོ་མཚན་ནང་ལྷག་འདུག ཧ་ཧ་ཧ་་་་་་་ད་དེ་ཚོ་ཉེན་ཁ་ཆེན་པོ་རེད་བསམ་གྱི་འདུག ཚང་མས་བདེ་ཐང་དང་ཚེ་སྲོག་ལ་གཅེས་སྤྲས་བྱ་བསམ་ན་འགྱིག་ཤུབས་བེད་སྤྱོད་བྱ་རོགས།
      ༢༠༡༣་༦་༦ཉིན་ཨེ་ཙིའི་སྐོར་གྱི་ཟབ་སྦྱོང་ནང་བྲིས་པ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱོ་རྒྱག་ན་ཤུབས་དགོས། དགྲར་འཐབ་ན་སྙིང་དགོས།

2013-08-10 བན་ལོག༼འབྲུག་ཡུལ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།