བོད་ཀྱི་བུད་མེད་ཀྱི་འཚོ་གནས་སྐོར་ཅུང་ཙམ་གླེང་བ།

  དེ་ཡང་ང་ཚོ་ཤ་ཟ་ཁྲག་འཐུང་གི་མི་རིགས་འདི་ནི་གངས་ཀྱི་རི་ཞོལ་དང་སྤང་གི་ལག་ཁུག་ནས་གསོན་ཞིང་འཚོ་བའི་མི་རིགས་ཞིག་ཡིན་ལ། མི་རིགས་དེ་ལ་ཡང་རིགས་རུས་གཞན་དང་མི་འདྲ་བའི་ཆོས་ལུགས་རིག་གནས་དར་ཞིང་། ཕྱིར་བཞག་རིག་གནས་དང་ལོ་རྒྱུས་གླེགས་བམ་སོགས་ཀྱི་སྲོལ་རྒྱུན་རིག་གནས་གྱི་རྫོང་མཐུག་པོ་ཡོད་པའི་མི་རིགས་ཞིག་ཡིན་ཡང་། ཚན་རིག་དང་ཆ་འཕྲིན་ལ་ཁ་ཐག་ཅུང་རིང་བའིེ་རྐྱེན་གྱི་མི་རིགས་དེ་ལ་ཡང་མི་གཙང་བའི་ཆོ་ག་དང་མི་མཛེས་བའི་རིག་གནས་ཡང་མི་རེ་རེའི་གྲིབ་མ་བཞིན་ལུས་འགྲོག་གོམས་འགྲོག་གིས་མང་བོ་ཞིག་མ་དོར་བར་སེམས་ཀྱི་གཉུག་གཤིས་ལ་ཟིན་ནས་ཡོད།
  དེ་ན་སྐབས་སུ་བབས་སྟེ་ང་རང་ཚོའི་འཚོ་བའི་ཁྲོད་གྱི་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱི་ལས་དབང་རེ་གླེང་ཙམ་བྱ།
  ང་ཚོའི་ངག་རྒྱུན་དུ་བུད་མེད་རྣམས་ལ་བློ་གཏད་མེད་རབ་དང་བུད་མེད་རྣམས་ལ་འདྲ་མཉམ་བྱ་མི་རུང་བ་སོགས་ཀྱི་གཏམ་ངན་དུ“ཁྱི་མོ་བུ་མོ་ཁྱིམ་མཚེས་ཡིན”ཟེར་སྲོལ་ཡོད་ཅིང་། བུད་མེད་ཀྱི་མི་གཞིའི་ཐོབ་ཐང་དང་བུད་མེད་རང་ཉིད་ཀྱི་རང་བརྩི་བསམ་པ་ལ་རྡོག་རྫི་དང་ཁ་ངན་ཚིག་ལོག་བྱ་བཞིན་ཡོད། དོན་དམ་དུ་བུད་མེད་ལ་མཐོང་ཆུང་དང་དམན་འབེབ་བྱེད་པ་ནི་བོད་རང་གི་གནའ་དེང་དུས་བསྟུན་རིག་གནས་ལ་དགག་གཞག་དང་བཤད་པ་པོ་རང་ཉིད་ཀྱི་མ་ཡུམ་གཙོ་བྱས་པའི་གཅེན་གཅུང་ནུ་སྲིང་དང་བོད་བུད་མེད་ཡོངས་གྱི་ཐོབ་ཐང་ལ་ཁ་བཏང་པ་རེད། སྤྱིར་གོམས་སྲོལ་གྱི་ནད་ཡམས་དེ་ནི་མི་རིགས་སུ་དང་གང་། དེ་མིན་རྒྱལ་ཁབ་སོ་སོ་ལ་ཡང་དར་ནས་རྒུད་པའི་ལོ་རྒྱུས་ཡང་མང་དུ་མཆིས་སོ། དཔེར་ན། ཤེས་རིག་མ་དར་བའི་གོང་གི་སྤྱི་ཚོགས་སུ་དབྱིན་ཇིའི་ཁྱོ་ག་དག་དམག་ལ་འགྲོ་སྐབས་ཆུང་མའི་གསང་གནས་ལ་ལྕགས་ཟྭ་རྒྱག་པའི་སྲོལ་དར་ཞིང་། ཡང་ན་བུད་མེད་དེས་ལོག་གཡེམ་བྱས་པ་ཡིན་ན་སྲོག་གཅོད་པ་དང་སྣ་དང་རྣ་གཅོད་པ། གསང་གནས་དང་ནུ་བུམ་གཅོད་པའི་ཁྲིམས་སྲོལ་དར་བ་མ་ཟད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་དུ་ཡང་བུད་མེད་སྐོར་གྱི་ཁྲིམས་སྲོལ་ཡང་དར་ཡོད་པ་རེད། རང་ཅག་བོད་ལ་ཡང་དེ་བཞིན་དུ་གོང་གི་ཁྲིམས་སྲོལ་འཇིགས་གཡེར་ལྟ་བུ་རེ་དར་ཁྱབ་བྱུང་ཡོད་པ་རེད། ང་ཚོར་རིག་གནས་སློབ་གསོ་འམ་ལུགས་ཀྱི་གོམས་སྲོལ་བཞིན་དེ་ལས་ལྡོག་སྟེ། ཞན་ཤོས་ཞིག་ཡོད་པ་ནི་ཐུབ་བསྟན་ཆོས་ལུགས་འམ་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་འདི་བོད་ལ་དར་བ་དང་མཉམ་དུ་ཡུགས་ས་མའི་རིག་གནས་འདི་ཡང་ཁ་ཞོར་ལག་ཞོར་དུ་དར་འོངས་བ་ཞིག་རེད་སྙམ། གལ་ཏེ་མི་ཞིག་གི་ཐུབ་བསྟན་རིག་གནས་འམ་སངས་རྒྱས་ཆོས་ལུགས་ནི་ཡུགས་ས་མའི་རིག་གནས་ལ་འབྲེལ་བ་ཅི་ཞིག་ཡོད་ཅེས་དྲི་བ་ཞིག་དྲིས་བྱུང་ཚེ། དེ་ནི་ཧ་ཅང་ལས་སླ་མོ་ཞིག་གིས་སྒོ་ནས་འདི་ལྟར་བཤད་ན་ཆོག་འདོད། སངས་རྒྱས་ཆོས་ལུགས་སམ་ཐུབ་བསྟན་རིག་གནས་འདི་བོད་ལ་དར་ནས་བཟུང་སྟེ། བོད་ཀྱི་སྐྱེས་ཕོ་རེ་རེ་དགོན་པའི་འདུ་ཁང་དུ་བསྡད་ནས་དགེ་སློང་འམ་དགེ་ཚུལ་གྱི་སྡོམ་པ་བཞེས་སྟེ་འཇིག་རྟེན་འཁོར་བར་སྙིང་བོ་མེད་རབ་དང་བུད་མེད་རྣམས་ལ་ཡང་བདུད་ཀྱི་སྲས་མོའམ་ཆོས་ཀྱི་གནོད་བྱེད་དུ་བསྒོམས་ནས་ཡིད་ཀྱི་དོར་དགོས་ཟེར་ཞིང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ནང་བའི་རིག་གནས་འདི་ཤིན་དུ་དར་ཁྱབ་དུ་སོང་ནས་གྲྭ་བ་གཅིག་དུད་ཁྱིམ་བདུན་གྱིས་གསོ་དགོས་པའི་ཁྲིམས་སྲོལ་དར། རྐྱེན་འདིའི་དབང་གིས་སྐྱེས་ཕོ་མང་ཆེ་བ་དགོན་པར་གནས་སྤོར་བྱས་སོང་བའི་ཡུལ་ཤུལ་གྱི་བུད་མེད་རྣམས་ལ་འདྲེ་མོ་དང་བདུད་མོ། ཡུགས་ས་མ་སོགས་ཀྱི་ངན་མཚང་དང་དམོད་ཚིག་འཕེན། དེ་མིན་བུད་མེད་ཀྱི་སྐྱེས་པ་འཆི་བའམ་ཤི་ལམ་དུ་དྲངས་སོང་ཚེ། རུ་དང་ཁྱིམ་མཚེས་ཀྱི་ཁ་ཡ་དང་རོགས་སྐྱོར་མི་བྱེད་ལ་འདྲེ་མོ་འམ་བདུད་མོའི་རིགས་དུ་བགྲེང་ནས་ཆོས་སྤེལ་ཡུལ་དང་ཆོས་ཚོགས་ལ་ཞུགས་མི་ཆོག་པའི་ཆོས་དད་རང་དབང་བཙན་འགོག་བྱེད་པ་སོགས་ཀྱི་གོམས་སྲོལ་ཡང་ཡོད་པ་རེད། དེ་སྔོན་༢༠༡༡ལོའི་སྤྱི་ཟླ་༧པའི་ཚེས་༡༦་ཉིན་བོད་ཀྱི་ཕྱི་སྡོད་སྐྱེས་མ་རིག་འཛིན་སྐྱེས་པ་གཞན་ལ་ལས་འབྲེལ་བྱུང་བའི་རྐྱེན་གྱིས། ཁོ་མོའི་སྐྲ་བཞར་བ་དང་སྣ་ལ་ཇེམ་ཙེ་བརྒྱབ་པ། ལུས་པོ་དམར་ཧྲེང་དུ་ཕུད་དེ་ཁྲོམ་སྲང་དང་གྲོང་གསེང་དུ་བཙན་ཁྲིད་བྱེད་པའི་དོན་རྐྱེན་ཡ་ང་བ་ཞིག་བྱུང་བ་རེད། གོང་གསལ་གྱི་དོན་རྐྱེན་འདི་ལ་བསམ་གཞིག་ཞིག་བཏང་ན། བོད་རིགས་རང་ཅག་ལ་གོམས་སྲོལ་འདི་དར་ཡོད་པ་ར་སྤྲོད་བྱས་ཡོད་པ་རེད་སྙམ་ལ། ད་ལྟ་བོད་ནང་ཁུལ་དུ་ཡང་དེ་འདྲའི་ཚབས་ཆེན་རང་བཞིན་ཞིག་མིན་ཡང་རྙིང་སྲོལ་དེ་མཇུག་སྒྲིལ་མེད། ལྷག་པར་དུ་རོང་འབྲོག་ས་ཁུལ་དུ་ཕོ་མོའི་གོ་གནས་ལ་ཁྱད་པ་ཆེན་པོ་ཡོད་དོ། གལ་ཏེ་ཁྱིམ་ཚང་ཞིག་དུ་ཁྱོ་ག་དང་བུ་སྐྱེས་ཕོ་ཞིག་ཡོད་ཚེ་ཁྱིམ་ཚང་འདིའི་ལྕགས་ཐབ་བམ་མེ་ཐབ་གྱི་གྲལ་མགོར་འདུག་ཅིང་ཆུང་མ་དང་སྐྱེས་མའི་རིགས་རུས་ཞིག་ཡིན་ཚེ་མེ་ཐབ་གྱི་འདབས་རོལ་ནས་མོ་འདུག(མོ་འདུག་ཅེས་པ་ནི་དཀྱིལ་དཀྲུང་བྱ་མི་རུང་བར་པུས་མོའི་མགོ་འདུག་པ་ལ་ཟེར)བྱ་དགོས། ད་མིན་བསང་མཆོད་ལྷ་གསོལ་གྱི་ཆོ་ག་རུ་བུད་མེད་འགྲོ་མི་རུང་བ་དང་ལྟ་མི་ཆོག་པ་ཞིག་ཀྱང་དར་ཡོད། སྤྱིར་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་ཆོ་ག་སྤེལ་ཡུལ་དང་བྱེད་སྒོའི་ལག་ལེན་སྣ་ཚོགས་སུ་སོ་སྐྱེས་ཕོ་མོ་གང་ཡིན་ཡང་འདུ་ཆོག་པ་རེད་སྙམ། དེ་ན་སྲོལ་དང་ཁྲིམས་དེ་སྒྲིགས་འཛུགས་མཁན་སྐྱེས་པ་ཚོ་རང་ཡིན་ནམ། ཡང་ན་བུད་མེད་རང་ཉིད་ཀྱི་རང་ཉིད་ལ་དམན་འབེབས་དང་ཆོས་དད་བཙན་བཀག་བྱས་པ་ཡིན་ནམ།
  དེ་ཡང་གོང་གསལ་དུ་བཀོད་པ་བཞིན། བུད་མེད་ཅིག་གིས་ལོག་གཡེམ་བྱས་པ་ཡིན་ན། ཁྱི་མོ་ཟེར་བ་དང་ སྡེ་བའི་སོ་སྐྱེས་ཀུན་གྱི་མིག་འོག་ནས་མི་གྲལ་དུ་མི་ཚུད་པ་རེད། སྐྱེས་ཕོ་འམ་ཁྱོ་གའི་མིག་ནང་དུ་དེ་འདྲ་ཞིག་ཡིན་ན། ཁོ་པ་ཚོས་རང་སྣང་གང་འདོད་ཀྱི་ཁྱོ་མོ་དང་ཟུར་མོ་བསྟེན་པ་དང་། ལོག་གཡེམ་སོགས་ཐ་ན་བཙན་གཡེམ་བྱས་སོང་བ་ནི་ཁྲིམས་འགལ་དང་དུད་འགྲོ་ལས་བཙོག་པ་ཞིག་དུ་མི་བརྩི་དོན་ཅི་ཡིན་ནམ་བསམ་ཚེ། གནད་དོན་འདིའི་རྒྱབ་ལྗོངས་ནི་བུད་མེད་རང་ཉིད་ལ་རེག་ལས་པ་ཞིག་རེད། ང་རང་ཚོའི་བུད་མེད་ནི་བུད་མེད་གཞས་ལས་མི་འདྲ་བར་གཉོམ་ཆུང་དང་ཁ་མེད་བག་འཁུམ། མི་རུང་བ་དང་མི་འོས་པ་ཞིག་དུ་བསམ་ནས་སྡོད་པས་རེད་སྙམ།  

                              (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བུད་མེད་ཀྱི་འཚོ་གནས་སྐོར་ཅུང་ཙམ་གླེང་བ།

2014-12-12 ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།