ཞིང་གཤེགས་སློབ་གསོ་བ་རྒན་བཀྲ་ཤིས་ཚེ་རིང་ལགས་མཇལ་བའི་བག་ཆགས་གསུམ།

བསྟན་འཛིན་དགེ་ལེགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-12-12

  ཉེ་ཆར་ལྷ་ས་ནས་ཁ་པར་ནང་བོད་ཀྱི་སློབ་གསོ་བ་ཆེན་མོ་རྒན་བཀྲ་ཤིས་ཚེ་རིང་ལགས་སྐུ་གཤེགས་པའི་གནས་ཚུལ་བཤད་བྱུང་བས། དམ་པ་ཁོང་གིས་བོད་ཀྱི་སློབ་གསོ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བྱ་བའི་ནང་ལ་སྐུ་ཚེ་ཧྲིལ་པོར་ཕྱག་ལས་བསྒྲུབས་པའི་བཀའ་དྲིན་ཡིད་ལ་དྲན་བཞིན་ཁོང་གི་ཆེད་དུ་བསྔོ་བ་སྨོན་ལམ་ཞུ་བ་དང་། རྗེས་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ།
རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་སྐུ་ཚེའི་རྣམ་ཐར་ཞིབ་པར་ཐོན་ཟིན་ལ། དེ་ལས་ལྷག་པ་ཞུ་བ་ང་ལ་སྤོབས་པ་མ་མཆིས། དེ་བས་ཁོང་གི་གཞི་རྒྱ་ཆེ་བའི་མཛད་རྗེས་རྣམས་མཁས་དབང་རྣམ་པས་བགྲོ་གླེང་གནང་བཞིན་འདུག་པས་འདིར་བསྐྱར་ཟློས་ཞུ་བར་མི་བྱེད། འདིར་ངས་ཁོང་དང་སྒེར་གྱི་འབྲེལ་བ་བྱུང་བའི་སྐབས་ལ། ཁོང་གི་བཀའ་སློབ་འགར་དྲན་གསོ་བྱས་ནས་ཁོང་གི་མཛད་རྗེས་ཀྱི་ཟུར་གཅིག་སྟོན་རྒྱུ་དེ་ངའི་དམིགས་ཡུལ་ཡིན།
  རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་མཚན་དེ་ཐོག་མར་བརྒྱད་བཅུའི་ནང་གུས་པ་ལྷ་སར་ཡོད་དུས་ཐོས་ཤིང་། ཁོང་ཨ་རིར་སློབ་སྦྱོང་ལ་ཕེབས་པའི་ལོ་རྒྱུས་ཐུང་ངུ་ཞིག་ཐོས་པས་ཁོང་མཇལ་འདོད་དྲག་ཏུ་འཕྱུར་རུང་། རྐྱེན་དབང་གིས་ལམ་སེང་གོ་སྐབས་ཐོབ་མ་བྱུང་། ༡༩༨༧ ལོར་ངེད་ཚོ་ལྷ་སར་སྒེར་གཉེར་གྱི་དབྱིན་ཇིའི་འཛིན་གྲྭ་ཞིག་ལ་སྐྱོད་མུས་ཡིན་ལ། ལོ་དེའི་ཟླ་བ་བཅུ་པའི་ནང་གློ་བུར་དུ་ངེད་ཚོའི་དབྱིན་ཇིའི་དགེ་རྒན་དེ་འཛིན་བཟུང་བྱས་ནས་ལྷ་ས་སྦྲ་ནག་ཞོལ་གྱི་མགྲོན་ཁང་ནང་ལ་ཉིན་བཅུ་ཙམ་བཀག་ཉར་བྱས་སོང་།
  དབྱིན་ཇིའི་དགེ་རྒན་ཁོང་མགྲོན་ཁང་ནང་ལ་བཀག་ཉར་ཡོད་སྐབས། ལག་རྟགས་ཕྲན་བུ་འཁྱེར་ནས་ཁོང་ལ་བལྟ་བར་ཕྱིན། ངེད་གཉིས་ཐུག་དུས་དགའ་བ་དང་སེམས་སྡུག་འདྲེས་མས་སྐད་ཆ་འདི་བཤད་མེད་པར་ཡུད་ཙམ་ལུས། ཁོང་གིས། “ཁྱེད་རང་ལ་འདིར་ཏོག་ཙམ་སྡོད་པའི་དུས་ཚོད་ཡོད་པས། རྒན་བཀྲ་ཤིས་ཚེ་རིང་ལགས་ཕེབས་ཀྱི་ཡོད།”ཟེར། ངེད་གཉིས་སྐད་ཆ་མགོ་བཙུགས་མ་ཐག ཕྱི་ནས་བོད་ཀྱི་གཞུང་གི་ལས་བྱེད་པའི་ཆས་གོས་འདྲ་པོ་གྱོན་པ། དབུ་སྐྲ་ཅུང་རིང་ལ། བཞིན་རས་མཇལ་འདོད་པ། སྐུ་གཟུགས་རིང་ཞིང་། སྐད་སྦོམ་པོ་མིན་པར་ཤུགས་ཆེན་པོ་ཡིན་པ་ཞིག་གིས་དབྱིན་ཇིའི་ནང་ལ་གསུང་ཤུགས་ཆེན་པོས། “རོ་སྦར་ཊི། ཁྱེད་ཀྱི་བཙོན་པའི་ཉམས་མྱོང་འདི་གང་འདྲས་འདུག ངོས་ལེན་ཞུས་ཚར་པས། བསམ་བློར་དག་ཐེར་བྱས་པས།” ཅེས་ཀུ་རེའི་ཚུལ་དུ་སྐད་ཤུགས་ཆེན་པོས་གསུངས་པ་ཐོས། ངའི་སེམས་ལ་འཇིགས་སྣང་དང་དགེ་རྒན་ཁོང་གི་ཐུགས་ལ་གང་ཤར་རམ་སྙམ་པའི་འཚེར་སྣང་ཅུང་ཟད་བསླེབས། སྐབས་དེ་དུས་མགྲོན་ཁང་གི་ཕྱི་ལ་ལྟ་རྟོག་པ་མི་གཉིས་འདུག
  རྒན་རོ་སྦར་ཊི་ལགས་ཀྱིས་འཛུམ་མུལ་མུལ་ངང་སྒོའི་ཕྱོགས་ལ་ཕེབས་ནས་རྒན་བཀྲ་ཤིས་ཚེ་རིང་ལགས་ལ་ནུབ་ཕྱོགས་པའི་འཚམས་འདྲིའི་ལུགས་སྲོལ་བཞིན་ཁོང་ལ་འཐམ་ནས་འགྲམ་པ་སྦྱར་སོང་། དེ་ནས་ཁོང་ལ་འདི་ངའི་དབྱིན་ཇིའི་སློབ་མ་རེད་ཅེས་ངོ་སྤྲོད་བྱས་མ་ཐག རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ངའི་ལུས་ཡོངས་ལ་ཞིབ་བཤེར་བྱས་ནས། ཡུལ་སྐོར་སྣེ་ཤན་པ་ཡིན་པས་ཅེས་དྲིས་བྱུང་བས། “མིན་རྒན་ལགས།” ཅེས་ལན་བཏབ་པ་ཡིན།
  རྒན་བཀྲ་ཤིས་ཚེ་རིང་ལགས་བཀའ་མོལ་གནངདུས་གསུང་ཤུགས་ཤིན་དུ་ཆེ་བ། བློ་ལ་གང་དྲན་ངག་ནས་ཚིག་བདེ་པོས་བརྗོད་ནུས་མཁན། ཐེ་ཚོམ་མེད་པ། ཕྱི་ནང་གི་དབྱེ་བ་མེད་པ། དགྲ་གྲོགས་ཀྱི་འདུ་ཤེས་ཨེ་ཡོད་བསམ་པ་ཞིག་འདུག དེ་ནི་རྒྱུན་པར་དབུས་གཙང་མི་ཞིག་གི་གཤིས་ཀ་དང་སྤྱོད་པའི་རང་གཤིས་འགྲེལ་སྟངས་ལས་ལྡོག་པ་ཞིག་མ་རེད་དམ།
“རོ་སྦར་ཊི། སྔོན་མ་ང་ཞན་དབྱང་སློབ་གྲྭར་ཡོད་དུས། ཁྱེད་ལྟ་བུར་ཐོག་མ་ཁང་པ་ཞིག་གི་ནང་ལ་བཅུག་ནས་རང་དབང་ཅུང་ཡོད། ལྟོ་ཆས་དུས་ཐོག་ལ་འཁྱེར་ཡོང་གི་འདུག གཙོ་བོ་བསམ་བློ་ཐོངས། ནོར་འཁྲུལ་རྣམས་ལ་ངོས་འཛིན་ཡག་པོ་བྱོས། ནོར་འཁྲུལ་གྱི་གཞི་མ་ལྟ་བ་ལ་ཐུག་པས། ལྟ་བའི་སྐོར་ལ་ལེགས་ཉེས་ཀྱི་དཔྱད་བསྡུར་གྱིས། མ་ཁེ་སིའི་ལྟ་བར་སློབ་སྦྱོང་གྱིས།” ཅེས་སློབ་གསོ་གཏོང་བཞིན་གཅིག་པུར་བཞག་པ་རེད།
ཁྱེད་ཚོ་ཕྱི་རྒྱལ་གྱི་མི་ཡིན་པ་དང་། ཞར་ལ་སྐད་ཡིག་གི་དཀའ་ངལ་ཡོད་པས། སྣེ་ལེན་ཞུ་སྟངས་གཅིག་པ་ཡིན་གྱི་མ་རེད།” ཅེས་གསུངས་ཞོར་ཉལ་ཁྲིའི་སྟེང་གི་དབྱིན་ཡིག་དེབ་དེ་ཚོར་སྤྱན་ཤོར། “ཡིན་ནའང་། གོ་སྐབས་འདི་འདྲ་ཐོབ་རྒྱུ་ཤིན་དུ་དཀོན་པོ་ཡིན་པས། ཉིན་ཐོ་ཡག་པོ་རྒྱོབས། ཉིན་ཞིག་དེབ་རིང་པོ་ཞིག་འབྲི་དུས་བཀྲ་ཤིས་ཚེ་རིང་གིས་སྐབས་དེ་དུས་སློབ་གསོ་ཡ་མཚན་འདི་འདྲ་བརྒྱབ་བྱུང་རུང་། ད་ཆ་ཞིབ་ཆ་དྲན་གྱི་མིན་འདུག་ཅེས་འབྲི་དུས་འགྱོད་པ་རེད།” ཅེས་ཕྱི་རྒྱལ་གྱི་ལོ་གཞོན་དགེ་རྒན་འདིར་སེམས་ཤུགས་ཆེན་པོ་སྤྲད་པ་དྲན་གྱི་འདུག དེ་ནི་ངའི་བག་ཆགས་དང་པོ་དེ་རེད།
  དེ་ནས་ལོ་བཅུའི་རྗེས་ལ། སྤྱི་ལོ་༡༩༩༧ ལོར་གུས་པ་ཀུན་ཕན་ཐེབས་རྩའི་ལས་ཁུངས་ལ་ཞུགས་པའི་ལོ་དང་པོ་དེར་ནེའུ་ཡོག་ནས་རྒན་ལགས་ལ་ཁ་པར་ཐོག་འབྲེལ་བ་བྱས་ནས་བོད་ནང་གི་སློབ་གསོ་དང་སྤྱི་ཚོགས་ཡར་རྒྱས་སྐོར་ལ་ཐོག་མའི་བཀའ་མོལ་ཞུ་རྒྱུ་བྱུང་། སྐབས་དེ་དུས་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཁ་པར་ནང་ལ་བཀའ་མོལ་གནང་དུས་སེམས་ཤུགས་ཆེན་པོ། འཇིགས་སྣང་མེད་པ། ཕྱི་ནང་མེད་པའི་གཤིས་ཀ་དེ་སྔར་བཞིན་ཡོད་པ་མ་ཟད། དེའི་སྟེང་ལ་འདས་པའི་ལོ་ཤས་ནང་ལ་བྱ་བ་ཆེན་པོ་འགའ་ཤས་བསྒྲུབས་ཐུབ་པས་དེའི་སྤོབས་པ་དང་དགའ་ཚོར་དག་གསུང་གི་གདངས་ནས་ཤེས་ཐུབ།
  “བསྟན་འཛིན་ལགས། དེ་རིང་ངེད་གཉིས་ཆུ་ཚོད་གཉིས་ཙམ་ཁ་པར་ཐོག་བོད་ཀྱི་སློབ་གསོ་དང་སྤྱི་ཚོགས་ཞབས་འདེགས་སྐོར་ལ་སྐད་ཆ་བཤད་རྒྱུ་བྱུང་བ་འདི་དགའ་པོ་ཞེ་དྲག་བྱུང་། ད་ཕྱི་པོ་ཆགས་འདུག་པས་ང་ཉལ་རན་སོང་། རབ་བྱུང་ན་རེས་གཟའ་སྤེན་པའི་དགོང་མོར་ཁ་པར་གཏོང་རོགས། གཟའ་ཉི་མའི་ཞོགས་པ་ནང་ལ་ལྷོད་པོ་བྱས་སྡོད་རྒྱུ་ཡོད་པས་ཕྱི་པོ་ཆགས་རུང་སྐྱོན་མེད་”ཅེས་གསུངས་ནས་ཁ་པར་བཞག
  གང་ལྟར་དེ་ནས་ལོ་ཤས་རིང་རྒན་བཀྲ་ཤིས་ཚེ་རིང་ལགས་དང་ཁ་པར་ཐོག་འབྲེལ་བ་ཡོད་མུས་ལ། མི་འགྲོ་བརྒྱུད་ཡིག་འབྲེལ་དང་། སློབ་གསོའི་ལས་གཞི་རེ་གཉིས་ལ་མཉམ་ཞུགས་བྱེད་པའི་གོ་སྐབས་ཐོབ་ནས་ཁོང་གི་སློབ་གསོའི་བསམ་བློ་དང་། སྤྱི་ཚོགས་ཡར་རྒྱས་ཀྱི་ལྟ་བ། དེ་བཞིན་བོད་མི་ཞིག་གི་ལས་འགན་བཅས་ལ་ཤེས་རྟོགས་ཕྲན་བུ་བྱུང་།
  ཐེངས་གཅིག་རྒན་བཀྲ་ཤིས་ཚེ་རིང་ལགས་དང་། ལམ་བཟོའི་ལས་ཁུངས་ཀྱི་རྒན་རྒྱལ་མཚན་ལགས་བཅས་མཉམ་རུབ་ཐོག་བོད་ལ་སློབ་གྲྭ་བརྒྱ་དང་བརྒྱད་གསར་རྒྱག་དང་ཞིག་གསོ་བྱེད་པའི་ལས་གཞི་ཞིག་སྤེལ་བར་ཀུན་ཕན་ཐེབས་རྩ་ཚོགས་པས་མ་དངུལ་ཞལ་འདེབས་ཕུལ་ཡོད་པ་དང་། སྐབས་དེ་དུས་ང་རང་ཀུན་ཕན་གྱི་ཞབས་ཞུ་བའི་ངོས་ནས་རྒན་ལགས་རྣམ་པ་ལྷན་རྒྱས་དང་ལས་ཀ་བསྒྲུབ་རྒྱུའི་གོ་སྐབས་ཐོབ། ངེད་རྣམས་མཉམ་དུ་རོགས་དངུལ་གྱི་འགེངས་ཤོག་འགེངས་སྐབས། དེའི་ནང་གི་དྲི་བ་གཅིག་ལ། “གལ་ཏེ་ལས་གཞིའི་འགན་ཁུར་བ་གཙོ་བོ་ལ་གློ་བུར་གོད་ཆག་བྱུང་བའམ། ཡང་ན་རྐྱེན་ངན་འཕྲད་ནས་སྐུ་ཚེར་བར་ཆད་བྱུང་ན། ལས་གཞི་འདིའི་འཕྲོས་སྐྱོང་བར་འཆར་གཞི་གང་ཡོད་གསལ་པོར་ཕྲིས། ”ཅེས་གསལ་ཡོད་པ་འདི་ཕྱི་རྒྱལ་གྱི་བསམ་བློ་ལྟར་བྲིས་པ་ལས། ང་ཚོ་བོད་པའི་རིག་གཞུང་དང་། ཡུལ་གོམས་གཤིས་ལུགས་ལ་སྟབས་བསྟུན་བྱས་མེད་སྟབས། རྒན་ལགས་གཉིས་ཀས་དྲི་བ་དེར་སྔོན་མ་བསམ་བློ་བཏང་མེད་ཚོད། གུས་པར་ཁ་པར་ཐོག་དྲི་བ་དེའི་སྐོར་ལ་གྲོས་བསྡུར་བྱེད་དགོས་གསུངས།
  “མགོ་སེར་དེ་ཚོ་ག་དུས་ཡིན་ནའང་། ཆག་སྒོ་གཅིག་ལ་གཞི་བཅོལ་ནས་འཆར་གཞི་བསྒྲུབ་ཀྱི་རེད། ཧོ་ལི་ཝུ་ཊིའི་གློག་བརྙན་དེ་ཚོ་ཡང་དེ་འདྲ་མ་རེད་པས། ལཱ། ”ཅེས་ཁ་པར་ཐོག་བཀའ་བཀྱོན་མགོ་བཙུགས་པ་གསལ་པོར་དྲན། ངས་རྒན་ལགས་སུ་དེའི་སྐོར་ལ་འགྲེལ་བཤད་དང་གསལ་འདེབས་གང་ཐུབ་ཞུས་རུང་། རྒན་ལགས་ཀྱིས་སྲ་ཞིང་བརྟན་པའི་བསམ་བློ་དེར་གཡོ་འགུལ་ཐེབས་མ་ཐུབ། “སྔོན་ལ་མི་གསོན་པོར་སྡོད་སྐབས་དང་རང་ལུས་རང་ལ་དབང་བའི་སྐབས་ལ་ལས་ཀ་གང་བྱེད་རྒྱུ་འདི་གཙོ་བོར་བཏོན་ནས་འཆར་གཞི་འདི་བཟོས་ཚར་བ་བྱེད་ཀྱི་ཡིན། ཤི་ཚར་ན་ཁྱེད་རྣམ་པས་གང་བསྒྲུབ་དགོས་པ་དེ་ཁྱེད་རྣམ་པས་བསྒྲུབ་རོགས་ཞུ་རྒྱུ་དང་། བསྒྲུབ་མ་ཐུབ་པ་དེ་སྒྲུབ་མཁན་ཞིག་ལ་རེ་བ་བཅོལ་རྒྱུ་རེད། མ་རེད་པས། ལཱ། ང་ཚོ་སྐྱེས་བུ་དམ་པ་ཚོ་ནང་བཞིན་ཡང་སྲིད་ཡོང་རྒྱུ་ཡོད་ན་ཡང་སྲིད་ངོས་འཛིན་གྱི་འཆར་གཞི་ཞིག་འབྲི་རྒྱུ་རེད། དེ་མིན་ན་དྲི་བ་དེར་ང་ཚོའི་དུས་ཚོད་འཕྲོ་བརླག་གཏོང་གི་མིན། ད་ལྟ་གོ་སྐབས་ཡག་པོ་འདི་འདྲ་ཡོད་དུས་དྲི་བ་དྲིས་ལན་ཤ་སྟག་ལ་དུས་ཚོད་ནར་འགྱངས་བྱས་ན་འགྲིག་གི་མི་འདུག” ཅེས་ཚིག་ཐག་ཆོད་པོས་ལན་བསྐྱོན་ནས་ངེད་ཚོའི་ལས་གཞི་མགོ་འཛུགས་ཐུབ་པ་བྱུང་། དེར་བརྟེན་ལས་གཞིའི་དམིགས་ཡུལ་བསྒྲུབས་ཐུབ་པ་བྱུང་བ་དེ་རྒན་ལགས་ཀྱི་བློ་ཐག་ཆོད་པོ་འདི་དང་འབྲེལ་བ་ཆེན་པོ་ཡོད་སྙམ། དེ་ནི་ངའི་བག་ཆགས་གཉིས་པ་དེ་རེད།
  དེ་ནས་ལོ་བཅུའི་རྗེས་ལ། སྤྱི་ལོ་༢༠༠༧ ལོར་ང་རང་ལྷ་སར་འགྲོ་བའི་གོ་སྐབས་ཐོབ་ཤིང་། སྐབས་དེ་དུས་རྒན་ལགས་ནས་དེ་མཁྱེན་འདུག དེ་གར་འབྱོར་བའི་ཉིན་ཤས་རྗེས་གཉེན་ཚན་གྱི་ཆང་ས་ཞིག་ལ་ཞུགས་སྐབས། ཕྱི་དྲོ་གློ་བུར་དུ་རྒན་ལགས་ཁོང་ཡང་དེར་ཕེབས་སོང་། ཁོང་ནས་གཉེན་ཚན་ལ། “ད་རིང་འདིར་བསྟན་འཛིན་ལགས་ཐུག་པར་ཡོང་བ་ཡིན། སྟོང་མིན་ཙམ་ལ་ཞལ་འདེབས་ཤོག་ཆག་འདིར་ཡོད། སྐུ་མཁྱེན་ངེད་གཉིས་ཁུག་ཀྱོག་ཅིག་ལ་ཏོག་ཙམ་གཅིག་པུར་བཞག་རོགས་” གསུངས། ངེད་གཉིས་ཁང་པ་སྟོང་པ་ཞིག་ནང་ལ་ཟུར་དུ་འཛོམས་ནས་བཀའ་མོལ་ལྷུག་པོར་ཞུ་རྒྱུའི་གོ་སྐབས་ཐོབ། རྒན་ལགས་གྱོན་པ་ནུབ་ཕྱོགས་ཀྱི་སྟོད་གོས་ཁ་བཤག་པ་དེ་འདྲ་བཞེས་ཡོད་པ་དང་། སྤྱན་ལ་མིག་ཤེལ་སྔོན་པོ་མཐུག་པོ་ཞིག་དང་། ལག་ཏུ་ཀོ་བའི་ལྟོ་ཕད་ནག་པོ་ཞིག་བསྣམས། གསུང་ཤུགས་ཆེ་ལ་འཇིགས་སྣང་དང་འཚེར་སྣང་གི་རྣམ་པ་ཡེ་ནས་མེད་པས། གཉེན་ཚན་རྣམས་ཀྱིས་རྒན་ལགས་ནི་སྲིད་གཞུང་གི་དཔོན་པོ་ཞིག་རེད་སྙམ་འདུག
  “བསྟན་འཛིན་ལགས་ཀྱིས་སྔོན་མ་ང་ཤི་རྗེས་ངའི་ལས་མཇུག་སུས་སྐྱེལ་གྱི་རེད་གསུངས་པ་འདི་རྟག་ཏུ་བསམ་བློར་འཁོར་ནས། ཁྱེད་རང་ལ་འདིའི་སྐོར་གྲོས་བསྡུར་བྱེད་པར་ཡོང་བ་ཡིན། ད་དུས་ཚོད་མང་པོ་མིན་འདུག ཐད་ཀར་འདིའི་སྐོར་ལ་ཞུ་གི་ཡིན་དཱ།” གསུངས་ནས་ཁོང་གི་མིང་ཐོག་ལ་ཐེབས་རྩ་ཚོགས་པ་ཞིག་དེབ་སྐྱེལ་གནང་འཆར་དང་། ཁོང་སྐུ་ཚེ་མ་ཟིན་པའི་རྗེས་ཁོང་གི་དངུལ་དང་། མཁར་དབང་ཚང་མ་ཐེབས་རྩ་ཚོགས་པ་དེར་བཞག་ནས། ཁོང་ནས་བསྐོས་པའི་འཛིན་སྐྱོང་ཚོགས་ཆུང་ཞིག་གིས་ཁོང་གི་ཁ་ཆེམས་བཞིན་མ་དངུལ་རྣམས་བེད་སྤྱད་ནས་སྤྱི་ཚོགས་ལ་ཕན་བདེ་བསྒྲུབ་རྒྱུའི་འཆར་གཞི་འདི་ཡིན་ཞེས་ང་ལ་རྒྱ་ཡིག་ནང་ལ་ཡིག་ཆ་ཤོག་གྲངས་བཅུ་བཞི་ཅན་ཞིག་བསྩལ་བྱུང་། “འདི་ཉིན་ཤས་གཟིགས་རྗེས་ཚུར་གནང་རོགས། ཕར་ཨ་རིར་འཁུར་མི་ཆོག བཀླགས་རྗེས་ཡིག་ཆ་ཚུར་ངེས་པར་བསློག་དགོས་པ་དང་། དེ་དང་མཉམ་དུ་བསམ་ཚུལ་ཐུང་ཐུང་ཞིག་སྤྲོད་རོགས།” ཞེས་གསུངས།
  ངེད་ནས་ཡིག་ཆ་དེར་ཞིབ་པར་བཀླགས་རྗེས་ང་རང་གི་བསམ་ཚུལ་རྣམས་ཡིག་ཐོག་ཏུ་བོད་ཡིག་ནང་ལ་ཕུལ་བ་ཡིན། གུས་པའི་བསམ་འཆར་ནང་ལ་གཙོ་བོ་རྒན་ལགས་ཀྱི་དམིགས་ཡུལ་དང་རིམ་པ་ཚང་མ་ཞིབ་པར་འཁོད་འདུག་པས་བསམ་འཆར་ཞུ་རྒྱུ་མི་འདུག གཙོ་བོ་མ་དངུལ་རྣམས་སློབ་གྲྭའི་ཁང་པ་རྒྱག་རྒྱུ་དང་། འཕྲུལ་ཆས་ཉོ་རྒྱུ། དེ་བཞིན་ནང་ཆས་ཉོ་རྒྱུ་སོགས་ལ་ཡེ་ནས་གཏོང་བར་མི་མཛད་པར་གཙོ་བོ་ཆེད་ལས་མི་སྣ་གསོ་སྐྱོང་དང་། དགེ་རྒན་གསོ་སྐྱོང་། སློབ་མ་གསོ་སྐྱོང་སོགས་ཀྱི་སྟེང་ལ་བཀོལ་དགོས་པའི་གསལ་ཁ་ཞིག་ཡོད་ན་བཟང་། དེ་མིན་མ་དངུལ་འབོར་ཆེན་ཞིག་ཁང་པ་དང་འཕྲུལ་ཆས་ཐོག་བཏང་ནས་དངོས་སུ་ས་གནས་མི་ལ་ཕན་ཐོགས་ཡོང་མིན་བརྗོད་དཀའ་ཞེས་དང་།
  དེ་བཞིན་མ་དངུལ་གང་ཡིན་རུང་དེའི་ནང་ནས་གླ་ཆ་དང་། ཕྱིར་བསྐྱོད། ལམ་གྲོན་དང་ཟས་གྲོན་སོགས་ལ་མ་དངུལ་གྱི་བརྒྱ་ཆ་༡༥ ལས་བརྒལ་མི་ཆོག་ཅེས་གསལ་ཁ་ཡོད་ན་ལེགས། དངུལ་རྣམས་དོན་མེད་བཟའ་བཏུང་གི་ཕྱོགས་ལ་བག་མེད་ལོངས་སྤྱོད་བྱེད་པ་དེ་འགོག་ཐབས་ཞེས་དང་། མཐར་རྒན་ལགས་ཀྱི་རླབས་ཆེན་གྱི་དམིགས་ཡུལ་ལ་ཞབས་འདེགས་ལྟ་བུར་ང་རང་སྒེར་ནས་ཞལ་འདེབས་ཏོག་ཙམ་འབུལ་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་ལ་ཡོད་པའི་རང་གི་གྲོགས་པོ་རྣམས་ལ་ཡང་སྐུལ་ལྕག་བཏང་ནས་ཞལ་འདེབས་ཏོག་ཙམ་བསྡུ་རྒྱུ་ཡིན་ཞེས་ལན་ཕུལ།
རྒན་ལགས་ནས་བསམ་འཆར་གཞན་པ་ཚང་མ་ཡག་པོ་འདུག འོན་ཀྱང་ཞལ་འདེབས་རྩ་བ་ནས་ཞུ་རྒྱུ་མིན་ལ། གཞན་ལ་སྐུལ་ལྕག་གཏོང་མི་རུང་། དེ་ལྟར་བྱས་ནས་ངའི་ཐེབས་རྩ་འདི་ཕྱི་རྒྱལ་གྱི་དངུལ་དང་འབྲེལ་བ་ཆགས་པས་སྲིད་གཞུང་གི་སྒྲིག་གཞི་ལས་བརྒལ་གྱི་རེད་ཅེས་ལན་འབྱོར་བྱུང་།
  ལོ་རྗེས་མ་དེར་རྒན་ལགས་སུ་འཚམས་ཞུའི་ཁ་པར་ཞིག་ཕུལ་ནས་ཁོང་གི་འཕྲོད་བསྟེན་སོགས་ལ་ཁམས་འདྲི་ཞུ་སྐབས། “བསྟན་འཛིན་ལགས། ངས་སྔོན་མ་སྲིད་གཞུང་ལ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། བོད་སྐད་བཀོལ་སྤྱོད་ཀྱི་ལག་ལེན་ལ་བསམ་འཆར་ཡི་གེ་ཞིག་བྲིས་ནས་ཕུལ་བ་ཡིན། ཁྱེད་རང་གི་བརྙན་སྐྱེལ་ཨང་གྲངས་སྤྲོད་དང་། ལམ་གསེང་ཕར་གཏོང་ཆོག བསམ་འཆར་འདི་ཚོ་ཁྱེད་ཚོ་ལོ་གཞོན་རྣམས་ཀྱིས་ཤེས་ན་མ་འོངས་པར་བོད་ཀྱི་སྐད་ཡིག་དང་འབྲེལ་ཡོད་ཀྱི་ལས་ཀ་སྒྲུབ་སྐབས་ཕན་ཐོགས་ཡོད། ཐོག་མར་ཟིན་བྲིས་ཞིག་ཁྱེད་ལ་བསྐུར་འདོད་བྱུང་རུང་། ཡང་འདི་ཕྱོགས་ལ་བསམ་བློ་གུ་དོག་པས། ངའི་བསམ་ཚུལ་དེ་ལ་ཕྱི་རྒྱལ་གྱི་ཤུགས་རྐྱེན་ཐེབས་འདུག་ཅེས་ཁ་གཡོགས་ནས་ལས་དོན་ལ་བར་ཆད་ཡོང་སྲིད་སྟབས། བསམ་འཆར་འདི་སུ་གཅིག་ལ་བཤད་མེད། ང་རང་གིས་ཟིན་བྲིས་བརྒྱབ། དྲུང་ཡིག་ལ་གཙང་བཤུས་བརྒྱབ་བཅུག་ནས་ཕུལ་བ་ཡིན།” གསུངས། འདི་ནི་ངའི་བག་ཆགས་མཐའ་མ་དེའོ།
  བློ་ཕམ་པ་ནི་རྒན་ལགས་ད་ལྟ་བཞུགས་མེད་པ་དང་། རྒན་ལགས་ཀྱི་སེམས་ཁྲལ་དུ་མ་ཞིག་དང་། སེམས་ཁུར་དུ་མ་ཞིག འཆར་གཞི་དུ་མ་ཞིག རེ་བ་དུ་མ་ཞིག་ངེད་ཚོའི་ཁྲོད་དུ་བཞག་ནས་ཁོང་ཁུ་སིམ་མེར་ཕེབས་སོང་།
  ངའི་རེ་བར། རྒན་ལགས་ཀྱི་ཕྱག་ལས་མཇུག་སྐྱོང་མཁན་ཚང་མར་། རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་དགོངས་པ་བཞིན་བོད་ཀྱི་སློབ་གསོའི་བྱ་བར་སྔར་བཞིན་ཞབས་འདེགས་ཆེན་པོ་བསྒྲུབ་པར་བར་ཆད་མི་ཡོང་བའི་སྨོན་ལམ་ཞུ།
  མཐར་ད་རེབ་ཀྱི་དྲན་ཐོ་འདི་བཏོན་པར་རྒན་པད་མ་འབུམ་ལགས་ཀྱིས་སྐུལ་མ་དང་སློབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུའོ།།
 
རྩོམ་ཁུངས། དྲ་བ་གཞན།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞིང་གཤེགས་སློབ་གསོ་བ་རྒན་བཀྲ་ཤིས་ཚེ་རིང་ལགས་མཇལ་བའི་བག་ཆགས་གསུམ།

2014-12-12 བསྟན་འཛིན་དགེ་ལེགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།