གང་དྲན་ཅི་དྲན་ཕྱོགས་སྤུངས་མ།

             1
  མི་འདྲེ་རུ་དམོད་པ་དང་ལྷ་རུ་བཞེངས་པ་གཉིས་ཀྱི་ནག་ཉེས་གཅིག་ཡིན།

              2
  སྒྲུང་གླེང་དུས་སྒྲུང་ཤེས། ཁྲིམས་གླེང་དུས་ཁྲིམས་ཤེས། ས་ཡོམ་གླེང་དུས་ས་ཡོམ་ཤེས། བོད་སྐད་བརྙན་འཕྲིན་ནང་དུ་མི་དེའི་རིགས་རྒྱུན་དུ་མཐོང་།
            
             3

   སེམས་པ་སྐྱོམས་ཤིང་མིག་ཆུ་དབང་མེད་བརྡོལ་དུ་འཇུག་པ་ནི་ནམ་ཡང་ཕ་མེས་ཡང་མེས་ཚོའི་ངག་ནས་བརྒྱུད་ཡོང་བའི་ལ་གཞས་དང་དམངས་གླུ་དག་རེད།

             4
  ལར་བསམས་ན་སྒྲུང་ལ་ཆེས་གལ་ཆེ་བ་ནི་སྒྲིག་གཞི་དང་རྗོད་བྱེད་གཉིས་རེད། ཆེས་དཀའ་བའང་དེ་གཉིས་རེད། བོད་ཀྱིས་ཆེས་མཉམ་མི་འཇོག་པའང་དེ་གཉིས་རེད།

             5

  མངོན་སུམ་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཆ་མ་ཆོ་རིགས་སྣ་ཚོགས་ནི་རྩོམ་མཁན་གྱི་བསམ་བློའི་མཐོང་རྒྱ་ལས་རིང་དུ་འགོངས་འདུག

             6

  མིག་རྒྱང་ཇི་ལྟར་ཐུང་ཞིང་སེམས་པ་ཇི་ལྟར་གུ་དོག་ན་མདུན་ལམ་ཡང་དེ་ལྟ་དེ་ལྟར་རོ།།

              7
  ད་ནི་སུ་དང་གང་ལ་རྗེས་དྲན་བྱེད་པ་དེ་མི་གཙོ་བར་རང་གིས་ལམ་ཁ་གསར་པ་ཞིག་འཚོལ་རྒྱུ་དེ་རེད།

             8

  མཚམས་རེར་བསམས་ན།འཇིག་རྟེན་གནམ་འོག་ཏུ་ཆེས་སྐྱིད་པ་ནི་གཉིད་ལ་རོལ་རྒྱུ་དེ་རེད།

             9
  ནམ་ཡང་རྩོམ་ཟེར་བ་ཞིག་ལ་མགོ་འཐོམ་ནས་དུས་ཚོད་ཀྱི་འཁོར་ལོས་ལང་ཚོ་ཟེར་བའི་རྡོ་རྒན་དེ་ནམ་ཞིག་ཕྱེ་མར་བཏགས་ཟིན་པའང་མ་ཤེས།

             10
  སྒྲུང་འབྲི་བ་དེ་ནི་མཚམས་རེར་མགོ་རྨོངས་སྤྱད་ཅིག་སྟེ། སྒོ་དང་སྒེའུ་ཁུང་གང་དུ་ཡོད་པའང་མི་རྙེད།

              11
  མུན་ནག་གི་ཁྲོད་དུ། དུང་དཀར་པོ་ཐོགས་ཀྱང་ནག་པོ་ཡིན། རི་མཐོན་པོ་བསྟན་ཡང་དམའ་མོའོ།།

              12

  ཕོ་བ་སྔུན་ལ་འབུར་བ། མགོ་བོ་ཕྱི་ལ་དགྱེ་བ་དེ་ཚོ། ལོ་ཏོག་གི་སྙེེ་མའི་གསེང་དུ་མངོན་མི་སྲིད། ཁ་ཆར་བུ་ཡུག་ཀྱང་། དེ་ཚོར་གཏན་ནས་འབྲེལ་བ་ཡོད་མི་སྲིད།

(མཆོད་མེའི་རྩོམ་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གང་དྲན་ཅི་དྲན་ཕྱོགས་སྤུངས་མ།

2014-12-26 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

             1
  མི་འདྲེ་རུ་དམོད་པ་དང་ལྷ་རུ་བཞེངས་པ་གཉིས་ཀྱི་ནག་ཉེས་གཅིག་ཡིན།

              2
  སྒྲུང་གླེང་དུས་སྒྲུང་ཤེས། ཁྲིམས་གླེང་དུས་ཁྲིམས་ཤེས། ས་ཡོམ་གླེང་དུས་ས་ཡོམ་ཤེས། བོད་སྐད་བརྙན་འཕྲིན་ནང་དུ་མི་དེའི་རིགས་རྒྱུན་དུ་མཐོང་།
            
             3

   སེམས་པ་སྐྱོམས་ཤིང་མིག་ཆུ་དབང་མེད་བརྡོལ་དུ་འཇུག་པ་ནི་ནམ་ཡང་ཕ་མེས་ཡང་མེས་ཚོའི་ངག་ནས་བརྒྱུད་ཡོང་བའི་ལ་གཞས་དང་དམངས་གླུ་དག་རེད།

             4
  ལར་བསམས་ན་སྒྲུང་ལ་ཆེས་གལ་ཆེ་བ་ནི་སྒྲིག་གཞི་དང་རྗོད་བྱེད་གཉིས་རེད། ཆེས་དཀའ་བའང་དེ་གཉིས་རེད། བོད་ཀྱིས་ཆེས་མཉམ་མི་འཇོག་པའང་དེ་གཉིས་རེད།

             5

  མངོན་སུམ་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་ཆ་མ་ཆོ་རིགས་སྣ་ཚོགས་ནི་རྩོམ་མཁན་གྱི་བསམ་བློའི་མཐོང་རྒྱ་ལས་རིང་དུ་འགོངས་འདུག

             6

  མིག་རྒྱང་ཇི་ལྟར་ཐུང་ཞིང་སེམས་པ་ཇི་ལྟར་གུ་དོག་ན་མདུན་ལམ་ཡང་དེ་ལྟ་དེ་ལྟར་རོ།།

              7
  ད་ནི་སུ་དང་གང་ལ་རྗེས་དྲན་བྱེད་པ་དེ་མི་གཙོ་བར་རང་གིས་ལམ་ཁ་གསར་པ་ཞིག་འཚོལ་རྒྱུ་དེ་རེད།

             8

  མཚམས་རེར་བསམས་ན།འཇིག་རྟེན་གནམ་འོག་ཏུ་ཆེས་སྐྱིད་པ་ནི་གཉིད་ལ་རོལ་རྒྱུ་དེ་རེད།

             9
  ནམ་ཡང་རྩོམ་ཟེར་བ་ཞིག་ལ་མགོ་འཐོམ་ནས་དུས་ཚོད་ཀྱི་འཁོར་ལོས་ལང་ཚོ་ཟེར་བའི་རྡོ་རྒན་དེ་ནམ་ཞིག་ཕྱེ་མར་བཏགས་ཟིན་པའང་མ་ཤེས།

             10
  སྒྲུང་འབྲི་བ་དེ་ནི་མཚམས་རེར་མགོ་རྨོངས་སྤྱད་ཅིག་སྟེ། སྒོ་དང་སྒེའུ་ཁུང་གང་དུ་ཡོད་པའང་མི་རྙེད།

              11
  མུན་ནག་གི་ཁྲོད་དུ། དུང་དཀར་པོ་ཐོགས་ཀྱང་ནག་པོ་ཡིན། རི་མཐོན་པོ་བསྟན་ཡང་དམའ་མོའོ།།

              12

  ཕོ་བ་སྔུན་ལ་འབུར་བ། མགོ་བོ་ཕྱི་ལ་དགྱེ་བ་དེ་ཚོ། ལོ་ཏོག་གི་སྙེེ་མའི་གསེང་དུ་མངོན་མི་སྲིད། ཁ་ཆར་བུ་ཡུག་ཀྱང་། དེ་ཚོར་གཏན་ནས་འབྲེལ་བ་ཡོད་མི་སྲིད།

(མཆོད་མེའི་རྩོམ་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།