《སོ་ཧྥེའི་འཇིག་རྟེན》བཀླགས་པ།

  《སོ་ཧྥེའི་འཇིག་རྟེན་》ནི་ཁོ་བོས་བཀླགས་པའི་འཛམ་གླིང་གི་བརྩམས་སྒྲུང་གྲགས་ཅན་ཨང་ལྔ་བ་དེ་ཡིན།དམའ་འབྲིང་གསུམ་པའི་སྐབས་སུ་ནོར་རྗེས་ནས་《ངར་ལྕགས་ལྟ་བུའི་མི་ནི་ཇི་ལྟར་བྱུང་བ་ཡིན་》ཞེས་པའི་བོད་འགྱུར་སྒྲུང་རིང་དེ་བཀླགས་དུས་ཕོ་རྒོད་ཁོ་ཁྲ་ཅིན་དང་གཞོན་ནུ་མ་ཏུང་ཉི་ཡཱ་གཉིས་ཀྱི་གཏམ་རྒྱུད་ཀྱིས་ཁོ་བོའི་མིག་ཆུ་དབང་མེད་དུ་ཤོར་དུ་བཅུག་མྱོང་ལ་ཤོང་དཀའ་བའི་མཛེས་པ་ཞིག་གིས་བློ་ཁོག་ཡོད་ཚད་བསྡམས་པས་སྐབས་ཐོག་ཏུ་བསྐྱར་དུ་ཐེངས་གཅིག་བཀླགས་པ་ཡིན།དེ་ནས་མཐོ་འབྲིང་གསུམ་པའི་སྐབས་སུ་ཨ་རིའི་རྩོམ་པ་པོ་ཧེའི་རྨིན་ཝིན་གྱིས་བརྩམས་པའི་《བགྲེས་པོ་དང་རྒྱ་མཚོ་》ཞེས་པའི་སྒྲུང་འབྲིང་གི་དེབ་དེ་མྱོང་རོལ་བྱས་དུས་ཡང་རྩོམ་པ་པོའི་སོར་རྩེ་ལས་འཁྲུངས་པའི་དཔའ་མཛངས་རྟུལ་ཕོད་ཀྱི་བགྲེས་པོའི་སྙིང་སྟོབས་དང་དེ་དང་འབྲེལ་བའི་གཏམ་རྒྱུད་ཡ་ང་བ་དེས་ཁོ་བོའི་ཞེ་རྩ་འབར་དུ་བཅུག་སོང་བ་མ་ཟད།རང་གིས་འདི་ལྟ་བུའི་སྒྲུང་གཏམ་ཞིག་འབྲི་ཐུབ་ན་ཅི་མ་རུང་སྙམ་པའི་ཧམ་སེམས་ཤིག་ཀྱང་སྐྱེས་སུ་བཅུག་སོང་།ཟླ་འདིའི་སྔོན་དུ་མངོན་མཚོན་རིང་ལུགས་པ་ཁབ་ཁཱའི་《གཟུགས་འགྱུར་ཟིན་ཐོ་》དང་《མཁར་རྫོང་》གཉིས་ལ་བལྟས་པ་ཡིན།དེ་ལས་《གཟུགས་འགྱུར་ཟིན་ཐོ་》ནི་སྐབས་དེའི་པགས་ནད་འགོས་པའི་སྤྱི་ཚོགས་ཀྱི་ངོ་གདོང་གསོན་པོ་ཞིག་དམར་བཤུས་བརྒྱབ་པ་ཞིག་ཡིན་འདུག་སྙམ་བྱུང་ལ་དེའི་མཚོན་ཐབས་ནི་དངོས་ཡོད་ལས་བརྒལ་བ་དང་སྒྱུ་འཕྲུལ་དང་ལྡན་པ་ཞིག་རེད།འབྲི་འཕྲོར་ལུས་པའི་《མཁར་རྫོང་》ནི་དེ་ལས་ལྡོག་སྟེ་མཚོན་བྱེད་དང་མཚན་ཉིད།ལྐོག་གྱུར་དང་བསྡུས་བརྗོད་ཀྱིས་ཀུན་ནས་ཕྱུག་ཅིང་ནམ་ཡང་བཀླགས་ནས་ཚར་ཐབས་མེད་ལ།གཞར་ཡང་མཛེས་པ་རྫོགས་པ་མེད་པའི་འཇིག་རྟེན་ཆེན་པོ་ཞིག་ཡིན་སྙམ་བྱུང་།
  ད་ཐེངས་འཆར་གཞི་ལྟར་《སོ་ཧྥེའི་འཇིག་རྟེན་》བཀླགས་པ་ཡིན།དེའི་ཀུན་སློང་ནི་《རྩོམ་རིག་ནི་ཅི་ཞིག་ཡིན་》ཞེས་པའི་དཔེ་ཆ་དེས་བསླངས་པ་ཡིན་ལ་ད་ལྟ་དཔེ་ཆ་དེར་སྙིང་ནས་བཀའ་དྲིན་ཞུ་དགོས་འདུག་བསམས་སོང་།རྒྱུ་མཚན།གལ་ཏེ་དཔེ་ཆ་དེར་འཕྲད་མེད་རྒྱུ་ན་ཁོ་བོས་ད་རུང་སོ་ཧྥེའི་འཇིག་རྟེན་བཀླགས་ཚར་ཐུབ་པ་ལྟ་ཞོག་བལྟ་འགོ་ཡང་བརྩམས་ཡོད་མི་སྲིད།དེ་བས་ཞོར་དུ་ང་ཚོས་བྱ་བ་གང་ཞིག་རྩོམ་ཀྱང་དེ་ནི་རྟེན་འབྲེལ་ཞིག་དང་རྒྱུ་འབྲས་ཤིག་གི་རྒྱུན་ཐག་གཅིག་ལས་ཐར་མེད་པར་བསམས་སོང་ལ།སོ་ཧྥེ་དང་ངེད་གཉིས་ཀྱི་བར་ན་ཡང་སྔོན་བསགས་ཀྱི་ལས་དབང་ཞིག་འདུག་སྲིད་པར་སྙམ་པའི་འཁྲུལ་སྣང་ཞིག་ཀྱང་བྱུང་སོང་།
  སོ་ཧྥེ་ནི་ལང་ཚོ་སྨིན་སྒང་བའི་བུ་མོ་ཞིག་རེད།བུ་མོ་གཞན་དག་དང་འདྲ་བར་སྤྱིར་བཏང་གི་བུ་མོ་ཞིག་རེད།དེ་བཞིན་ཨ་མར་ཁེན་པར་དགའ་བའི་བུ་མོ་ཞིག་ཀྱང་རེད།འོན་ཀྱང་ཁོ་མོའི་འཇིག་རྟེན་ནི་རྨི་ལམ་ལྟ་བུའི་འཕྲུལ་ལྗོངས་ཤིག་རེད་ལ་དེ་ཡང་ཁོ་མོ་དང་ན་ཚོད་མཉམ་པའི་བུ་མོ་ཞི་ཐེའི་འཇིག་རྟེན་རང་རེད།དེ་ཡང་གཞན་ཞིག་གི་རྨི་ལམ་ཞིག་ཡིན་པ་སྨྲོས་མ་དགོས།རྨི་ལམ་སྒྱུ་མ་ལྟ་བུའི་འཇིག་རྟེན་དེ་རུ་ཡང་ན་མཚན་ཉིད་རིག་པ་བ་ཞིག་གི་རྟོག་བཟོ་ལས་བྱུང་བའི་འཕྲུལ་ལྗོངས་དེ་རུ་སོ་ཧྥེ་ཆ་མེད་རྒྱུས་མེད་ཀྱི་མི་ཞིག་གི་རོགས་རམ་ལ་བརྟེན་ནས་ནུབ་གླིང་གི་མཚན་ཉིད་རིག་པའི་མགོ་ཁུངས་ས་དབུས་རྒྱ་མཚོའི་བྱང་འགྲམ་གྱི་ཀེ་རི་སིའི་ཐེ་ལེ་སི་ནས་སོ་ཁི་ར་ཐེ་དང་དེ་ནས་དུས་རབས་བར་མའི་པོའོ་ལོ།དེ་ནས་རིག་རྩལ་བསྐྱར་དར་སྐབས་ཀྱི་ཏེ་ཁར་དང་ལོའོ་ཁེ།དེ་ནས་ཞིའུ་མོའུ་དང་དེ་ནས་ཧེ་ཀེལ།དེ་ནས་ཧྥུ་ལོ་དབྱི་ཐེ་དང་དེ་ནས་སཱ་ཐེ་སོགས་མཚན་ཉིད་རིག་པ་བ་ཡིན་ཟེར་མཁན་ཐམས་ཅད་ཀྱིས་མཉམ་དུ་བསྐྲུན་པའི་མཚན་ཉིད་རིག་པའི་བགྲོད་ལམ་ཆེན་པོ་དེ་རུ་ཞུགས་འགོ་བརྩམས་ཤིང་།དང་པོར་མཚར་སྣང་ཞིག་ནས་རིམ་བཞིན་སྤྲོ་སྣང་ཞིག་ཏུ་གྱུར་ལ་མཐའ་མར་ཆང་རག་ཇི་བཞིན་ཏུ་ཡོངས་སུ་བཟི་བར་བྱས་པས་ཁོ་མོའི་འཇིག་རྟེན་ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཞིང་དེ་བཞིན་ཁོ་མོའི་འཇིག་རྟེན་ཀློག་བཞིན་པའི་ཞི་ཐེའི་འཇིག་རྟེན་ལ་ཡང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་ཅིག་བྱུང་སོང་།ཡིན་ཡང་སོ་ཧྥེས་འཇིག་རྟེན་ཟེར་བ་དོན་ངོ་མར་ཇི་འདྲ་ཞིག་ཡིན་པ་ངོས་ཟིན་ཏེ་མི་ཚེ་ཟེར་བ་དོན་དངོས་ཐོག་གང་འདྲ་ཞིག་ཡིན་པ་རྟོགས་སོང་ནས་ཁོ་མོའི་འཇིག་རྟེན་ལ་འགྱུར་ལྡོག་གང་འདྲ་ཞིག་འབྱུང་དུ་བཅུག་ཀྱང་དེ་ནི་བུ་མོ་ཞི་ཐེའི་འཇིག་རྟེན་གྱི་ཆེད་དུ་ཡིན་འདུག་ལ།ཡང་དེ་ནི་ཞི་ཐེ་དང་ན་ཚོད་མཉམ་པའི་ལོ་ཆུང་ཡོད་ཚད་ཀྱི་འཇིག་རྟེན་གྱི་ཆེད་དུ་ཡིན་འདུག་པར་མ་ཟད།མདོར་དེད་ན་མིའི་རིགས་ཡོད་ཚད་ཀྱི་ཆེད་དུ་ཡིན་པར་འདུག་གོ།
  འདི་ནི་ཁོ་བོས་སོ་ཧྥེའི་འཇིག་རྟེན་བཀླགས་པའི་མྱོང་ཚོར་ཐན་ཐུན་ཙམ་ཡིན་ཏེ།རྩོམ་པ་པོའི་འཁྱུག་ཤེད་ཆེ་བའི་རྟོག་པ་དང་ཞིབ་གསལ་དོད་པོའི་བསམ་གཞིག དེ་བཞིན་ཧ་ལས་ཧང་སང་བར་བྱེད་པའི་བྱུང་རིམ་མམ་ཐབས་རྩལ་གྱིས་ཁོ་བོའི་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་ལ།འདི་འདྲའི་བརྗོད་བྱ་མཚན་ཉིད་རིག་པ་ཅན་དང་བརྗོད་སྙིང་མཚན་ཉིད་རིག་པའི་གནད་དོན་མཐིལ་སྟོན་པར་མཛད་པའི་བརྩམས་སྒྲུང་འདིས་ཁོ་བོའི་སེམས་པའི་གསེབ་ལ་ཆུ་ཐིགས་མང་པོ་ཞིག་སྟོར་སོང་བར་མ་ཟད།སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་ད་རུང་ཡང་ཕྱི་ནང་གཉི་ག་བསྐོར་འདུག་སྟེ།བསམ་གྱིས་མི་ཁྱབ་པའི་འཇིག་རྟེན་འདི་རུ་བསམ་གྱིས་མི་ཁྱབ་པའི་ཆོས་སྣ་ཚོགས་དང་སྣང་ཚུལ་སྣ་ཚོགས།གནས་ལུགས་སྣ་ཚོགས།ལྐོག་གྱུར་སྣ་ཚོགས་ང་ཚོས་བློས་དཔོག་དཀའ་བའི་ཚུལ་དུ་གནས་འདུག་པས།ང་ཚོས་ནམ་ཞིག་རང་ཉིད་དངོས་མ་དེ་རྟོགས་སྲིད་ཨང་།ང་ཚོས་ནམ་ཞིག་འཇིག་རྟེན་གྱི་གསང་བ་ཡོད་ཚད་བརྟོལ་ཐུབ་སྲིད་ཨང་།ང་ཚོས་ནམ་ཞིག་དངོས་པོ་དང་རྣམ་ཤེས་བར་གྱི་འབྲེལ་བ་དེ་གསལ་བོར་མཐོང་ཐུབ་ཨང་ཞེས་པའི་དོགས་པ་ཞིག་ཀྱང་སྐྱེས་བྱུང་།དགའ་འོས་པ་ཞིག་ལ་སོ་ཧྥེའི་འཇིག་རྟེན་ལས་ངས་རང་ཉིད་ཀྱི་ཆ་ཤས་དངོས་མ་ཆུང་ཆུང་ཞིག་མཐོང་སོང་བ་མ་ཟད་འཇིག་རྟེན་འདིའི་ཆ་ཤས་ཤིག་ཀྱང་དངོས་སུ་རིག་སོང་།ཡིན་ཡང་འདི་ནི་ཁབ་ཁཱའི་《མཁར་རྫོང་》ཇི་བཞིན་ཀློག་ཐེངས་གཅིག་གིས་གཏན་ནས་བཀླགས་ཚར་ཐབས་བྲལ་བ་ཞིག་རེད་ལ།མི་སུ་ཞིག་གིས་ཀྱང་སོ་ཧྥེའི་འཇིག་རྟེན་ནི་འདི་འདྲ་ཞིག་རེད་ཅེས་གདེང་ཚོད་ཆེན་པོའི་སྒོ་ནས་བརྗོད་མི་བཏུབ་པར་སྙམ་མོ།།གལ་ཏེ་བརྗོད་ཐུབ་མཁན་ཞིག་ཡོད་ཚེ་དེ་ནི་སོ་ཧྥེ་རང་ཉིད་མ་གཏོགས་གཞན་སུ་ཡང་ཡིན་མི་སྲིད།

             2014/10/27ཉིན་གྱི་མཚན་རྒྱབ་ཏུ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《སོ་ཧྥེའི་འཇིག་རྟེན》བཀླགས་པ།

2015-02-12 འབུམ་ཕྲག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།