རང་བཞིན་གྱི་མཛེས་བར་འགས་གཏོར་མི་བྱེད་རོགས།

རྟ་མགྲིན་དབང་རྒྱལ།༼ ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-23

  རེ་ཞིག་སློབ་གསོ་གཏོང་མཁན་གྱི་གོ་གནས་ནས་མར་བབས་ཏེ་སློབ་གསོ་མྱོང་མཁན་གྱི་རིམ་གྲས་སུ་བསྡད།རིམ་གྲས་འདིར་དུས་ད་ལྟ་ལོ་ཚོད་དང་ལང་ཚོའི་ཚད་ཐིག་ཅིག་གིས་རང་ཉིད་འདེད་རྒྱག་གཏོང་གྲབས་འདུག་ཀྱང་།སློབ་གསོ་ཧྲིལ་བོ་ཞིག་ཚེ་གང་བོར་མྱོང་ཡང་རྫོགས་མཐའ་ཅིག་ཡོད་མ་ཡིན།རྒྱུ་མཚན་ནི་མིའི་ཚེ་ཚད་ཀྱི་འགོག་རྐྱེན་མེད་ཚེ་ཤེར་ཕྱིན་དང་བློ་སྦྱོང་གི་བརྒྱུད་རིམ་དུ་འཁུམས་པའི་སློབ་གསོ་འདི་བདེ་ལེགས་ངང་འགྲུབ་འགྲོ་བར་ཡིད་ཆེས་ཡོད།མིའང་རང་བཞིན་གྱི་ཚད་ཐིག་དེ་ལ་ཐོན་སོང་ཞེས་བཤད་མཁན་གྱི་ཅོལ་ཆུང་གི་རྣམ་པ་དེའང་ཐོན་མི་སྲིད་སྙམ།གསར་བུ་ཚོས་བལྟས་ན་ཁོ་ཚོས་ལས་ལོ་བཅུའི་རྒན་པ་ཞིག་དང་མཉམ་དུ་སློབ་སྦྱོང་བྱེད་པར་དེ་འདྲའི་མཚར་སྣང་ཡ་ང་བ་ཞིག་སྐྱེས་དགོས་དོན་ཅི་ལ་ཡོད།མཚར་སྣང་མང་བའི་དུས་རབས་འདིར་མཚར་འཛིན་གྱི་བསམ་བློ་གུ་དོག་པ་ཞིག་གིས་ཅི་ཞིག་གི་གོ་ཆོད་འདུག ཡང་གཅིག་བཤད་ན་ཤེས་བྱ་སྦྱངས་བ་ནི་དུས་རབས་ཤིག་ལ་འཚོ་དགོས་པའི་རྒན་དར་གཞོན་གསུམ་གྱི་གཞོལ་མེད་ཀྱི་འོས་འགན་ཞིག་དང་།བསྒྱུར་མེད་ཀྱི་ལས་དབང་དུ་ངེས་པས་ན།ངས་ལས་དབང་ཞིག་གིས་བསྩལ་བའི་འགན་འཁྲི་དེང་དུ་བླངས་ཡོད་ལ།ལས་དབང་ཞིག་གི་ངོ་བོ་ཆག་པོ་དེ་ལ་འགྱུར་བཅོས་གཏོང་འདོད་ཀྱི་འདུན་པ་བརྟན་པོ་ཡོད་པས་སོ།།
  རྗེ་ས་པཎ་གྱི་མི་ཚེའི་ཤེར་སྦྱོང་དུ་ཚེ་ཚེ་རབས་རབས་སུ་ཤེས་བྱ་སྦྱོང་དགོས་བའི་གནས་ལུགས་ཟབ་མོ་བརྟན་ཞིང་།གང་བ་མེད་པའི་བློ་སྦྱོང་གི་རྒྱུན་ཆགས་རྣམ་པ་རྒྱུན་བསྲིངས་ན་སྦྱངས་སྟོབས་ཀྱི་ཡོན་ཏན་གྱིས་སྐྱེས་སྟོབས་ཀྱི་ཤེས་རབ་ཅིས་ཀྱང་འབྱུང་བའི་ལྟ་བ་བསྟན་པར་མ་ཟད།སྦྱངས་ཤིང་བརྩོན་པར་བྱས་གྱུར་ན་དུད་འགྲོ་ལ་ཡང་གོ་བ་སྐྱེས་བའི་གདམས་པ་གནང་བ་དེས་ཀྱང་ང་ཚོ་གསལ་བའི་གནད་ཅིག་བསྟན་པའོ།།
  ལྷག་པར་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཤེར་ཕྱིན་གྱི་དུས་ཚོད་དེའམ་བརྩོན་པའི་རིམ་གྲས་ལ་ལོ་ཚོད་ཀྱི་དབྱེ་བ་མེད་ལ།ལོ་ནའི་བཅད་བཟུང་གི་ལྟ་བ་ཡོད་ཚེ་ཤེས་རྟོགས་དམན་པའི་གྲས་སུ་འཇོག་ལ།ཚེ་གང་གི་འབྱོར་ཕྱུག་ཤེར་སྦྱོང་བློ་རྟོགས་ཀྱི་མྱོང་བརྒྱུད་དེར་འཇོག་པས་སོ།
  དེ་བས་ངས་སྔ་ཕྱི་དྲོའི་དུས་ཚོད་ཧབ་ཐོབ་ཀྱིས་བཀོད་སྒྲིག་བྱས་ཤིང་།ལྷག་པར་དུ་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་བྱུང་བའི་དཔེ་ཀློག་མ་འདང་བའི་སྟོང་ཆ་དེ་དག་ཡིད་ལ་ཤར་བ་ན།ཧབ་ཐོབ་ཀྱིས་དཔེ་ཀློག་བྱེད་པའི་རང་འདུན་ཞིག་འགོག་མེད་དུ་སྐྱེས་ལ།ད་དུང་རབ་འབྱམས་པའི་སློབ་གནས་འདིར་རྒྱུགས་སྤྲོད་པའི་ཐོག་མའི་འཆར་སྒོའང་ངོམ་འདོད་དང་གླ་ཕོགས་འཕར་སྣོན་གྱི་དམིགས་ཚད་དེར་བཞག་མེད་ལ།གཞོན་སྐྱེས་ཚོའི་འཚོ་བ་དེར་ཡིན་གཅིག་མིན་གཉིས་སྒོས་ཟབ་ཞུགས་བྱེད་འདོད་པའམ་རྗེས་འདེད་ཁོ་ན་ཞིག་གི་སྦྱོར་བ་དེ་སྤེལ་འདོད་པའང་གཏན་ནས་མ་ཡིན་ལ།ལྷག་པར་དུ་རང་གིས་ལང་ཚོ་བསྐྱར་མངོན་གྱི་ལོ་ཟླ་ཞིག་གཟི་བརྗིད་ངང་བསུ་འདོད་པ་དེ་བས་ཀྱང་ག་ལ་ཡིན།ཁ་གསབ་དང་ཆད་ལྷག འགན་འཁྲི།འདུ་ཤེས་གསར་བ།ཚོར་སྣང་གསར་བ།དེང་བླངས་གསར་བ།ཐབས་ཤེས་གསར་བའི་ལས་འགན་ཞིག་ལ་ཆ་སྤྲོད་པའི་ལས་དེར་འཇུ་དགོས་པ་དེ་ཡིན།
  ཕར་བལྟས་ཚོད་ཀྱིས་ལས་དོན་ཕལ་བ་དེང་དུ་ལེན་པའི་བརྒྱུད་རིམ་འདིར།བདེ་ཐང་དང་དུས་ཚོད་ཀྱི་བཀོད་སྒྲིག་འོས་འཚམས་ཤིག་བྱེད་དགོས་པ་དེ།དུས་ཚོད་ཀྱི་བཀོད་སྒྲིག་འོས་འཚམ་མིན་ཚེ་གྲུབ་འབྲས་མངོན་དཀའ་བས།བདེ་ཐང་དང་འབྲེལ་ཞིང་བབ་བསྟུན་གྱི་བཀོ་སྒྲིག་བྱེད་རྒྱུ་ནི་ངའི་སྐབས་འདིའི་བགྱི་བ་ཀུན་གྱི་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་དེ་ཡིན་དགོས།དུས་ཚོད་ནི་འབྱོར་ཕྱུག་གི་མ་རྩ་ཡིན་ཞེས་པ་ལྟར་དེ་ནི་འོས་འཚམས་དང་རྒྱུན་འཁྱོངས་ཀྱི་བཀོད་སྒྲིག་ལ་རག་ལས་པ་ནི་ཤེས་རིག་གི་འབྱོར་ཕྱུག་ཅན་ཀུན་གྱི་མྱོང་བ་དངོས་ཡིན་ལ།སློབ་གཉེར་གྱི་བརྒྱུད་རིམ་ཕུན་སུམ་འཚོགས་ཤིང་ཤེས་ཡོན་དར་བའི་མི་རིགས་དང་རྒྱལ་ཁབ་ཡོངས་ཀྱིས་བརྩོན་ལེན་དང་ལག་ལེན་བྱས་དང་བྱེད་བཞིན་པའི་བདེན་ལུགས་འབའ་ཞིག་ཏུ་འཁུམས།དེ་བས་བདེན་ལུགས་རྩོད་བཞིན་སློབ་ལ་འབད་པ་ནི་ང་སྐབས་ཐོག་གི་དམིགས་བྱ་ཉག་ཅིག་དང་།དཔེ་ཀློག་དང་བསམ་གཞིགས།ཐབས་ཤེས་འདྲེས་སྦྱོར་གྱིས་འཚོ་བ་གསར་བ་ཞིག་གདོང་གིས་བསུ་བ་ནི་ང་རང་ཡང་བསྐྱར་སློབ་མའི་གནས་འདི་ལ་ཞུགས་འདོད་ཀྱི་འདུན་པ་བརྟན་པོ་དེའོ།།
  ཡང་གཅིག་བཤད་ན།སློབ་གསོའི་ལས་གནས་ནས་ལོ་ངོ་བཅུ་ཕྲག་ལྷག་ལ་བཟང་ངན་གྱི་སྤུས་གང་ཡིན་འབྱེད་དཀའ་བའི་སློབ་ཁྲིད་གང་ཡིན་གཅིག་ལྕོགས་སུ་བཞེས་ཤིང་།སློབ་བུ་ཚོ་དང་ཟབ་འབྲེལ་བྱས་པའི་བརྒྱུད་རིམ་མང་པོ་ཞིག་ལོ་ཟླ་འདི་དང་དུས་རབས་འདི་ལ་སྐྱེས་སུ་ཕུལ་སོང་ཞེས་བཤད་ན་ཁ་ཕོ་ཆེ་སོང་བ་འདྲ་མོད།ངོ་མ་བསམ་བློ་ཞིབ་མོ་ཞིག་བཏང་ན་རང་ལ་བློ་ཚུགས་བརྟན་པོ་ཞིག་གིས་རང་ཤུགས་ཀྱིས་སྒུལ་ཏེ་ཡོང་ལ།ལྷག་པར་དུ་རང་ཉིད་བསྡད་མྱོང་སའི་སློབ་གྲྭའི་ཁོར་ཡུག་གང་ཞིག་དྲན་རུང་།མནོང་འགྱོད་དང་སྐྱོ་སྡུག ཞེ་མེར་བའི་སྣང་བ་གང་ཡང་ཡོང་གིན་མེད་ལ།སློབ་སྐབས་སྔོན་མའི་སློབ་མཇུག་ཏུ་ངས་དངོས་སུ་སློབ་བུ་ཚོར་གྱེས་ཁ་མའི་སྐད་ཆ་བཤད་དུས་ཀྱང་།ཁྱེད་ཚོ་ནི་ངའི་འབྱོར་ཕྱུག་ཡིན་ལ།ངའི་འཚོ་བའི་བཞུད་ལམ་གྱི་བློས་ཐུབ་གྲོགས་པོ་དེར་རྩིས་ཆོག་ཆོག་ཡིན་ཞེས་བཤད་མྱོང་།ངོ་མ་དེ་འདྲ་ཞིག་ཡིན་ཏེ།རང་ཉིད་འབྲིང་རིམ་སློབ་གྲྭ་ནས་མཐར་ཕྱིན་ཏེ་དགེ་རྒན་གྱི་ལས་གནས་འདི་ཞུགས་ཏེ་ཕལ་ཆེར་ལོ་ངོ་བཅུ་བདུན་ལྷག་འདས་སོང་ལ།སློབ་བུ་ཆེ་མ་ཆུང་གསུམ་གང་མང་ཞིག་ལ་སློབ་ཁྲིད་ཧུར་ཐག་བྱས་ཤིང་།གཅེས་སྐྱོང་གང་ལེགས་བྱས་པས་ཁྱིམ་བདག་དང་གཉེན་ཉེ་འབྲེལ་གང་གི་ཆ་ནས་གྲོགས་པོར་མ་གྱུར་གཅིག་ཀྱང་མེད་ཅེས་བཤད་ཆོག དེ་བས་དགེ་གྲོགས་ཚོས་བདག་ལ་སློབ་མ་ཚོས་ཁྱོད་ཀྱི་ཁ་ལེན་ཚིག་བརྩི་བ་ནི་ཁྱོད་ཀྱི་ཁ་བདེ་བས་རེད་ཟེར།གང་ལྟར་ཀྱང་ངས་དགེ་སློབ་བར་གྱི་འབྲེལ་བ་དེ་རྒྱུན་ལྡན་དུ་གཏོང་ཐུབ་པར་མ་ཟད།ཡིད་ཆེས་དང་དུང་ཞེན་ཞིག་གིས་སློབ་ཁང་ནང་གི་མཁའ་དབུགས་དེ་ནམ་ཡང་ཞིམ་མངར་ལྡན་པ་ཞིག་ཏུ་གཏོང་བ་ལ་འབད་པས་ཐབས་ལམ་བཙལ་བ་ཡིན།
  ནམ་རྒྱུན་ང་ཚོའི་དགེ་གྲོགས་ཚོའི་གཏམ་དུ་སུན་སྣང་དང་གནོན་ཤུགས།འཚོགས་འདུ།ཁྲིད་ཐོ་ཞེས་སྐྱོ་གཏམ་ལྷང་ངེ་བ་མཆིས་མོད།དེའང་རྒྱུ་རྐྱེན་མེད་པ་ཞིག་གཏན་ནས་མ་ཡིན་ཏེ།ད་ལྟའི་སློབ་གསོ་འམ་སློབ་སྒྲུབ་ཀྱི་གོ་རིམ་ལ་སྲིད་ཀྱི་ཐེ་གཏོགས་བྱེད་རྒྱུ་མང་དྲགས་ལ།སྲིད་འདྲེས་སློབ་གསོ་སྤེལ་བའི་དབུལ་བསུ།རྒུད་འདྲེན་གྱི་ཆུ་སྣ་གར་ཡང་འདིར་ཡང་མེད་པར་ཁུ་སིམ་བདེ་ཐང་གི་སློབ་གསོའི་མཁའ་དབུགས་ཁྲོད་སིམ་འཛུལ་བྱས་ཤིང་།ནད་དུག་ལྟ་བུའི་སྨུག་རླངས་ཉོབ་གཤིས་ཅན་ཞིག་རང་ཤུགས་ཀྱིས་བསྐྱིལ་བས་རྣམ་ཤེས་གསར་བའི་ཚོགས་དེ་ནད་པར་གཏོང་གིན་འདུག དེ་བས་ན་ཚ་དང་ན་ཟུག་སྐྱེས་ན་ངུ་འབོད་དང་ཤུགས་རིང་།སུན་སྣང་མི་བརྗོད་ག་ལ་སྲིད།དེ་ནི་རྒྱུན་ལྡན་ཞིག་དང་ནད་པ་ཞིག་གི་ཉམས་སྣང་ཟབ་མོ་མིན་པ་ག་ལ་སྲིད།དཔེར་ན།མཁའ་རླངས་རྫོབ་པོས་སྐྱེས་དངོས་རུལ་བར་གཏོང་སྲིད་ལ།འཇིག་རྟེན་སྟོང་བར་ཡང་གཏོང་སྲིད་པས་ཆེས་དག་གཙང་གནས་མཆོག་ལ་རྫོབ་རླངས་འདྲེན་པ་ནི་དམངས་ཡོངས་ཀྱིས་དོ་སྣང་བྱེད་དགོས་པའི་དོན་ཞིག་དང་།ལྷག་པར་དུ་དགེ་རྒན་གྱི་ཐོབ་ཐང་བརྩི་འཇོག་བྱེད་དགོས་པ་ནི་འགྲོ་བ་མི་ཡིན་པའི་མཚན་ཉིད་འཁྲུལ་མེད་ཡིན་པར་རློམ།དེ་བས་དགེ་རྒན་ལ་བཀུར་བ་ནི་ཤེས་རིག་བཀུར་བ་དང་རིག་གནས་ལ་མཐོང་ཆེན་བྱས་པའི་མཚོན་རྟགས་དང་བླ་མེད་ཤེར་སྦྱོང་གཙིགས་ཆེན་དུ་འཛིན་པའི་མཐོར་སྙེགས་རྩེར་འཇུག་གི་རླབས་ཆེན་བགྱི་བ་ཅི་ལ་མིན།ལྷག་པར་དུ་དགེ་རྒན་ལ་བཀུར་བ་ནི་རང་ག་བའི་བླ་དཔོན་སོགས་བཀུར་བ་དང་མི་འདྲ་སྟེ།བརྩེ་བའི་གསོ་སྦྱོང་གི་བརྒྱུད་རིམ་ལ་མཐོང་ཆེན་དང་མིའི་ཤེས་རྟོགས་བློ་སྦྱོང་ལ་གཟབ་ནན་བྱེད་པའི་སྣང་བརྙན་ལེགས་པོར་མཆོད་བཀུར་བབ་ཆགས་ཤིག་བྱེད་ཅི་ལ་མིན།
  རྒྱལ་ཁབ་སོ་སོ་དང་མི་རིགས་སོ་སོས་དགེ་རྒན་གྱི་དུས་ཆེན་ཉིན་མི་འདྲ་གཏན་དུ་འཁེལ་ཞིང་།དུས་ཆེན་དེར་དོ་སྣང་གཟབ་རྒྱས་བྱེད་བཞིན་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད་ཨང་།དེ་བས་ཁྱབ་ཆེ་ས་ནས་གླེང་ན་མིའི་བླ་སྲོག་བཟོ་མཁན་ཞེས་པའི་ཐ་སྙད་བསྩལ་བའང་དོན་མི་མཐུན་མི་སྲིད།རྒྱུ་མཚན་ནི་དགེ་རྒན་གང་མང་མང་ཞིག་གིས་སློབ་བུ་ཚོར་གཅེས་ཤིང་།སློབ་བུ་ཚོའི་མདུན་ལམ་ཡིད་ལ་བཅངས་ཏེ་དུས་ཚོད་གང་མང་གཏོང་བཞིན་པ་ནི་མིག་མཐོང་ལག་ཟིན་དང་།སྐད་ཆ་ཚིག་གཅིག་དང་སྤྱོད་སྟངས་ཉག་ཅིག་ཡིན་ནའང་གཟབ་ནན་ཆེས་ཆེར་བྱེད་ལ།ལས་འདིར་སྤྲོ་བ་འབུམ་གྱིས་བརྟས་བཞིན་དེ་ནི་ཚེ་སྲོག་འོད་ཀྱི་ཉག་མའམ་བླ་སྲོག་རྣལ་མའི་རང་གཤིས་སུ་ངོས་འཛིན་གནང་བཞིན།སྙིང་རྗེ་ཡི་གོ་ཆ་ ལུས་ལ་བགོ་བཞིན།བྱམས་སེམས་ཀྱི་ལག་ཟུང་རིང་དུ་བརྐྱོངས་བཞིན་གཏོང་ཕོད་ཀྱི་སྒོ་འཕར་ཡངས་པོར་འབྱེད་བཞིན་རིག་པའི་ཁྱུ་ཚོགས་ལ་ཤེས་རིག་ནམ་མཁའ་བསྟན་དང་སྟོན་བཞིན་མཆིས།དེ་བས་མི་སུ་དང་སུ་ཞིག་ཡིན་རུང་ལས་ཁུར་དང་འགན་འཁྲི།བརྩེ་སེམས་དོན་གཉེར་གྱི་བྱ་བ་འདིར་རྒྱབ་སྐྱོར་གནང་རྒྱུ་ནི་དུས་ཆེན་འདིའི་འགྲོས་དང་འགྲོགས་ཕུལ་བའི་སེམས་གཏམ་དམར་པོའོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་བཞིན་གྱི་མཛེས་བར་འགས་གཏོར་མི་བྱེད་རོགས།

2015-02-23 རྟ་མགྲིན་དབང་རྒྱལ།༼ ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།