གཞི་རིམ་ན་དཔེ་ཆ་བོར་ཡོད་པའི་དགེ་རྒན་དེ་ཚོ།

   ལར་ཞིང་གྲོང་ནས་འཚར་ལོངས་བྱུང་ཞིང་།ཞིང་གྲོང་གི་འཚོ་བར་གོམས་ལོབས་སུ་སོང་ཡོད་པའི་ཁོ་བོར་མཚོན་ན།གཞི་རིམ་དགེ་རྒན་དག་གི་སློབ་གསོ་དང་ཀུན་སྤྱོད་ནི་ཀུན་གྱི་འཇལ་བྱེད་ཚད་གཞིར་ལྟ་བུར་གྱུར་ཡོད་པ་ཧ་ལམ་རོང་འབྲོག་སློབ་མ་ཀུན་པོ་དང་གཅིག་མཚུངས་སུ་གྲུབ་ཡོད་ཚོད་རེད།འོན་ཏེ།སློབ་ཆུང་ནས་སློབ་འབྲིང་རིམ་བཞིན་སློབ་གྲྭ་ཆེན་མོ་སོགས་ཀྱི་སློབ་གསོའི་ཐེམ་སྐས་འཛེགས་ཏེ་ཕྱིར་རྟོག་བྱས་ཚོད་།གང་དང་གང་ཞིག་གི་སྟོང་ཆ་ལྷག་ཡོད་པའི་དོགས་པ་རྒྱུན་དུ་ཆགས་མྱོང་།སྐྱོན་གྱི་མཛུབ་མོ་རི་སྟོན་གྱིས་ཚུལ་དུ་བཤད་འདོད་ཀྱང་སྨྱུག་ཐོགས་པ་མང་པོ་ཞིག་གི་མིག་ནང་གི་ཚར་མ་རུ་གྱུར་ནས་ཚིག་ངན་འདྲ་ཕོག།སྡང་སེམས་འདྲ་བཟོ་བར་དོགས་ནས་རང་ཁ་གསེར་གྱི་སྒོ་མོ་རེ་ཞིག་མི་གཅོད་ཐུབ་མེད་དུ་གྱུར་སོང།ཡིནཡང།སློབ་གསོ་རག་མཁན་ཞིག་དང་རིག་གནས་སྦྱོང་མཁན་ཞིག་གི་ངོས་ཐད་ནས་གླེང་ན་བརྣག་ཐོག་ཁབ་གཙག་གི་ལས་ལ་གཞོར་རྒྱུ་ནི་འགན་འཁུར་ཞིག་རེད་ལ་མ་འཁུར་ཀྱང་རུང།ཏག་ཏག་ཁོ་བོ་ཕྱི་མའི་ཕྱོགས་ནས་ལངས་ཤིང་གནས་ལུགས་འཆད་རྒྱུར་རྒྱུ་མ་འགུལ་བ།རྒྱུ་འབྲས་གླེང་བར་ཟ་འཕྲུག་ལངས་མཁན་ཡིན་པས་སྙིང་གཏམ་འདིའི་ཁོང་གསེང་ནས་དྲང་བདེན་ཞིག་ཅིའི་ཀྱང་བརྗོད་དགོས་པར་འདོད།
སྤྱིར་དགེ་རྒན་ཞིག་ཡིན་ཕྱིར་རིག་གནས་བཅུ་ལ་མཁྱེན་རྒྱ་ཡངས་བ།མ་མཐའ་ཡང་མི་རིགས་སློབ་གསོ་དཔྲལ་བའི་མིག་དང་ཁུང་གི་སྙིང་ལྟར་གཅེས་པ་ཞིག་ཡིན་ན་འགྲིག་ཀྱང་།ལྟོས་ས་ལྟོས་འཇོག་གི་བཤད་ན་དེ་འདྲ་ཞིག་ཚུགས་མི་ཡོངས་པ་ཁོར་ཡུག་དང་མ་འབྲེལ་བ་མེད་ལ།རང་ཉིད་ཀྱི་སྒལ་ཚིགས་བོར་བར་ཡང་ལེན་པར་འདོད།ནམ་རྒྱུན་ནུ་བོ་ཆུང་ཆུང་སློབ་གྲྭ་ནས་ཡར་སྐྱེལ་མར་ལེན་བྱེད་དུས།དགེ་རྒན་དེ་ཚོའི་སློབ་ཁྲིད་གཡུགས་ནས་ཤོ་རྒྱག་པ།མིག་མངས་འདེབས་པ།རྟག་དུ་སྡེ་འདབས་ཀྱི་ཡིག་རྨོངས་བ་དེ་དག་ལྷན་ཚོ་དང་མཉམ་དུ་མིང་ཚིག་དཔེ་མེད་རེ་བཤད་དེ་དུས་འདའ་བར་བྱེད་པ་མཐོང་འོངས་སྐད།བྱིས་པ་ཆུང་ཆུང་དག་གི་ལས་དབང་ནི་རྟ་རྔ་ལས་ཉག་ཕྲ་ཞིང་།ཨ་ལོང་ལས་འགག་དོག་པ།རུལ་ལ་ཉེ་བའི་བོད་རང་གི་སློབ་གསོའི་དུག་རླངས་འདི་ནམ་ཞིག་ཁ་དབུགས་གསར་བའི་སྒོ་མོ་ཕྱེས་ཏེ།ལྡེམ་མྱུར་གྱི་ཉ་མོ་ལ་རང་དབང་གི་འཁྱུག་རྕལ་ངོམས་སའི་གནས་མལ་བསྩལ་འོངས།ཤེས་རྨོངས་ཀྱི་ལུང་ཀྱོག་འདིར་ག་དུས་བློ་འབྱེད་པ་ཞིག་གི་གསར་བརྗེ་ཐོབ་འོངས་པར་ཉན་ཉན་ནས་ཡོད།ཡང་གཅིག་བཤད་ན།གཞི་རིམ་སློབ་གསོ་ནི་གཅེས་ཕྲུག་དེ་དང་དེ་ལྟ་བུའི་རྣམ་དཔྱོད་དང་ཕུགས་འདུན་གྱི་སྒོ་མོ་ཡངས་པར་ཕྱེས་བའི་སྟོབས་ཤུགས་ཉག་གཅིག་པུ་རང་ཆགས་ཡོད་པས།བློ་གྲོས་ཀྱི་མེ་སྟག་འབུར་འཇོམས་བྱེད་པ་པོ་དེ་དག་ནི་མི་རིགས་འདིའི་ཉེས་ཅན་རེད་ལ་ཁོ་རང་ཚོའི་ཉེས་དོན་དེར་མི་རིགས་འདིར་རྩིས་ཞིབ་མོ་ཞིག་རྒྱག་འོས། 
  གཞི་རིམ་ན་སློབ་གསོའི་ལས་དོན་ལ་འབད་འབུངས་གནངས་བཞིན་པའི་དགེ་རྒན་གྲོགས་པོ་ཞིག་གིས།ཁོང་གིས་མགོ་ལོག་ཐང་ན་རྩྭ་ས་མྱོས་ཡོད་སྟབས་ངས་རོགས་པ་བགྱིས་ནས་ཟླ་ངོ་གཅིག་ལྷག་ལ་སློབ་ཁྲིད་མ་ཆད་པར་བྱས་ན་སྒོར་སྟོང་གཉིས་ཡི་གླ་ཆ་སྟེར་ཚུལ་ལབ་བྱུང།ལྷང་ལྷོང་སྔོན་མོའི་འགྲམ་ངོགས་ན་ཁུ་སིམ་མར་གཞིས་སྡོད་བགྱིས་པའི་ཞིང་གྲོང་འདིར་གཅེས་ཕྲུག་ཚོའི་གྱེར་འདོན་གྱི་དབྱངས་རྟ་དང་རྨ་ཆུའི་བཞུར་སྒྲ་ནི་གནས་འདི་གའི་གྲགས་འགུལ་བཟོ་མཁན་གཅིག་པུ་གཅིག་རྐྱང་དུ་ཆགས་ཡོད་པས།ཚོད་ཚོད་ལ་ཕྱི་ཐག་རིང་བའི་འབྲོག་སྡེ་གང་ན་འབྲོག་པ་དེ་ཚོ་སྦྱིན་བདག་བྱས་ཏེ་ཨུ་ཚུགས་བཅོས་ཡོད་ཁུལ་དང་གཉེན་ཉེ་མང་པོས་དབྱར་རྩྭ་དགུན་འབུ་བརྐོས་ཏེ་རང་བྱུང་ཁོར་ཡུག་གི་ལུས་ཟུང་ལ་ལྕགས་དབྱུག་འཕྱར་བཞིན་པའི་སྣང་ཚུལ་ཡང་རྗེན་པར་མིག་ལམ་དུ་ཤར་ཡོངས་བའི་མོད།ང་ཚོའི་མི་རིགས་འདི་དང་ང་ཚོ་ལ་རེ་བ་ཁྱོན་ནས་ཡོད་ཀྱི་མ་རེད་སྙམ་པའི་བསམ་བློ་ཞིག་གིས་ངའི་སེམས་པ་འཁྱགས་པར་བཟོས་སོང་།ཀུ་རེ་འདྲེས་མའི་ཚུལ་གྱིས“ཕལ་ཆེར་རྒྱལ་ཁབ་ཀྱིས་ཀྱང་འདིའི་སྐོར་ནས་ཡིག་ཆ་གསར་བ་ཞིག་ཐོན་ཡོད་ཚོད་རེད།གཞི་རིམ་དགེ་རྒན་ཚོ་དབྱར་རྩྭ་དགུན་འབུ་བརྐོ་རུ་སོང་ཏེ་གློ་ཁུག་ཇེ་མཐུག་གཏོང་བའི་སྐད་ཅིག་མ་རེ་རེར་སློབ་ཆེན་པ་ཚོས་ཁྱེད་ཚོའི་མིད་དག་བྱ་དགོས་ཀྱིན་འདུག”སྐབས་འདིར་ངས་ལམ་སང་ཨ་རིའི་སྲིད་འཛིན་བྷི་ར་ཁི་ཨོ་བྷ་མས་སྤྱི་ལོ་༢༠༠༩ལོའི་ཟླ་༩་བར་ཨ་རིའི་ཝིར་ཅི་ཉི་ཡི་ཁུལ་ཨར་ལིང་ཐོན་དུ་སློབ་མ་ཡོངས་ལ་སློབ་མགོ་ཚུགས་སྐབས་སྤེལ་བའི་གཏམ་བཤད་ཞིག་ཝ་ལེར་ཡིད་ལ་འཁོར་བྱུང །“ངས་སློབ་གསོ་དང་འབྲེལ་བའི་གཏམ་བཤད་མང་པོ་ཞིག་ཏུ་ནམ་ཡང་འགན་འཁྲི་ཞེས་པའི་ཐ་སྙད་སྤྱད་མྱོང་ལ།བདག་གིས་དགེ་རྒན་ཞིག་ཡིན་ཕྱིར་ཁྱོད་ཚོར་སྐུལ་ལྕག་དང།སློབ་སྦྱོང་བྱེད་པར་སྐུལ་འདེད་བྱ་རྒྱུའི་འགན་འཁྲི་འདུག་ཅེས་བརྗོད་མྱོང་།ཁྱིམ་བདག་ཞིག་ཡིན་ཚོར་ཁྱེད་ཚོ་ལེགས་ལམ་དུ་འགྲོ་རུ་འཇུག་རྒྱུ་དང།ཁྱིམ་གྱི་ལས་བྱ་འགྲུབ་ཏུ་འཇུག་རྒྱུ།རྟག་པར་བརྙན་འཕྲིན་ལ་བལྟ་བའམ་རོལ་རྩེད་ལ་གཡེང་དུ་མི་འཇུག་རྒྱུའི་འགན་འཁྲི་འདུག་ཅེས་བཤད་མྱོང།མདོར་ན་ཁྱོད་ཚོ་མི་རེ་རེས་རང་ཉིད་ཀྱི་སློབ་གསོར་འཁུར་དགོས་པའི་འགན་འཁྲི་ཡོད།”ལྷག་པར་དུས་རབས་གསར་བའི་ན་གཞོན་ཞིག་དང་འགན་འཁྲི་ཅན་ཞིག་གི་ལངས་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན།སྤྱི་ཚོགས་ལ་གདོང་གཏོད་ཞོར་ལག་རྟེན་ལ་བསྔས་ཏེ་བདེན་དོན་རྩོད་དུ་འགྲོ་བ་ནི་མ་རུང་དང་མི་རུང་བ་ཞིག་ཏུ་ཁོ་བོས་གཏན་ནས་མི་འདོད།བགྲེས་པོ་ཧྥོལ་ཐེར་གྱིས“ཁྱོད་ཀྱི་ལྟ་ཚུལ་ལ་ང་འཐད་པ་མིན་རུང།ཁྱོད་གྱིས་རང་ལུགས་འདོན་པའི་དབང་ཆ་ལ་ངས་ནི་རང་གིས་གཅེས་སྲོག་གིས་སྲུང་སྐྱོབ་བྱེད་ངེས”ཟེར་བ་ནང་བཞིན།བདེན་དོན་གྱི་རྒྱབ་ན་མི་བུ་སྒེར་ཚིགས་ཅན་ཁྱུ་ཞིག་དང་བསམ་བློ་འཁྲུག་ཆ་དོད་པའི་མི་བུ་སྐོར་ཞིག།ད་དུང་ཡང་རྣམ་དཔྱོད་ཅན་མོད་པོ་ཞིག་གིས་དྲང་བདེན་གྱི་དཔུང་བ་ཡར་བསྒྲེང་སྲིད་པ་སྤྱི་ཚོགས་སྤྱིའི་ཡོངས་ཁྱབ་ཀྱི་འགྲོ་ལུགས་རེད།ངས་འདི་ལྟར་བྲིས་པ་ཡིན་ཙ་ན་ཀློག་པ་པོ་སྐོར་ཞིག་གིས་རང་དོན་མ་འཁྱོངས་བར་གཞན་དོན་བཤད་པ།ཡང་གསར་བུ་ཁ་མཁས་ཞིག་རེད་ལ་སོགས་པའི་ཁ་མིང་སྣ་མིང་ཧྲིལ་གྱིས་བཏགས་ཡོངས་བར་གདོན་མི་ཟ།རེད་དེ།“གནས་ལུགས་ཅི་ལྟར་ཤུགས་ཆེ་ན།།དུང་ཞེན་དེ་ལྟར་གནོད།།”ང་རང་ཚོའི་ཁོར་ཡུག་ན་ཁ་ཁོམ་སོང་བའི་མི་དེ་ལྟ་བུ་མང་པོ་འཚང་ཁ་ཤིག་ཤིག་གིས་ཡོད་པས།རང་སྐྱོན་མི་ཤེས་པ་ཕར་ཞོག་གཞན་གྱི་ལྟ་ཚུལ་འདོན་པ་དེ་ཡང་མ་མི་མིན་མེད་ཀྱི་བཅད་རྒྱ་ཞིག་གིས་དགག་གཞག་བཏང་ཡོངས་བས།མིག་སྔར་གྱི་གནས་བབ་རྫོབ་ཏོ་འདི་འདྲ་མི་ཆགས་རང་ཆགས་སུ་གྱུར་ཡོད་ཚོད་རེད།རྒྱུ་ཤུགས་ཅན་ཚོས་དཔལ་འབྱོར་ལ་བརྟེན་ནས་དབང་ཤུགས་ཉོ་བ་དང་དབང་ཤུགས་ཅན་དག་གིས་དབང་ལ་བརྟེན་ནས་དབང་གང་བྱུང་མང་བྱུང་བྱེད་ཞོར་རང་གི་ཡོངས་འབབ་གཉེར་ཡིན་ཡོད་པ་ནི་སྨུག་པ་ཇི་བཞིན་འཐིབས་ནས་ཡོད་སྟབས་།སློབ་གསོའི་ལས་རྐང་མི་རབས་ནས་མི་རབས་སུ་གཏིང་རྡོ་བཞིན་འཇིང་རུ་སྡོད་པའི་སྤྱི་འགྲོས་ལས་བརྒལ་མ་ཐུབ་པས་རེད་སེམས།གལ་སྲིད་མི་བུ་སུ་ཞིག་གིས་བདེན་དོན་གྱི་མདུན་ནས་གནས་ལུགས་སྲུང་མ་ཐུབ་པ་དང་གཟུར་བོར་འགྲེང་མ་ཐུབ་པ་ཡིན་ཕྱིན་།མི་བུ་རང་གི་བརྩི་ཐང་བོར་སོང་བས་རེད་ལ་སྒེར་ཚུགས་ནི་དེ་བས་ཀྱང་གླེང་རིན་མེད་པ་ཞིག་རེད།སྐད་ཆ་གཞན་ཞིག་གི་བཤད་ན་གནས་སྐབས་ཀྱི་རྒྱལ་ཕམ་ནི་སྟོབས་ཤུགས་ཀྱི་འབྱེད་རུང་མཐའ་མཇུག་གི་རྒྱལ་ཁ་ནི་བདེན་པ་དང་གནས་ལུགས་ལ་དབང་འགྲོ་བ་མིའི་རིགས་ལོ་རྒྱུས་ཀྱི་བཤུལ་ལམ་ལས་ཤེས་འོངས།
  “བཤུལ་རིང་ལམ་དུ་བགྲོད་པའི་འགོ། གོམ་པ་ཐོག་མ་སྤོས་ནས་རྩོམ།།
  གོམ་པ་གང་གི་ལམ་ནོར་ཚེ།།གོམ་པ་ཁྲི་ཡི་ལམ་དུ་གོལ།།” མི་རིགས་རིགས་རྒྱུད་ལ་དོ་འཁུར་བྱེད་པ།སློབ་གསོའི་ལམ་སྣེ་གསོན་སྡོང་ཇི་བཞིན་མི་རབས་ནས་མི་རབས་འདིར་འཚོ་གཞེས་ཐུབ་དགོས་ན།དུས་ད་ལྟའི་སྐད་ཅིག་མ་རེ་རེར་ང་རང་ཚོར་ཕྱི་འབྲེལ་ནང་འབྲེལ་དུ་ཡོད་པ།ལྷག་པར་ཏུ་གཞིན་རིམ་དགེ་རྒན་དག་གི་བློ་སྦྱོང་སློབ་གསོ་ལ་ཐད་ཀར་འབྲེལ་འདུག་པས་ཕོག་ལེན་སྣ་གཅིག་དམིགས་བྱར་གཟུང་ཚེ་འབྱུང་འགྱུར་བོད་ཀྱི་སྡེ་ནི་སྙིང་རེ་རྗེ།ཡ་རེ་ང་།ནུབ་ཕྱོགས་རྒྱལ་ཁབ་དག་གི་ཕྱི་དངོས་པོའི་དཔལ་ཡོན་ནམ།ནང་བཅུད་ཀྱི་སེམས་ཟུར་གང་ནས་ཀྱང་ལྟོས་ས་ལྟོས་འཇོག་གི་སྟོབས་ཆེན་ཆགས་སོང་བ་ག་རེ་རེད་།གཙོ་བོ་མི་རིགས་ཀྱི་འདུ་ཤེས་སམ་འགན་འཁྲིའི་འདུ་ཤེས་འཐུས་ཚང་ཡོད་པ།ཆུང་ཆུང་ཕར་སྤྲད་ནས་ཆེན་པོ་ཚུར་ལེན་རྒྱུའི་ལག་པ་ཕྱིར་སྐུམ་པ།ཁེ་ཕན་སྣ་རྐྱང་གི་དོན་ལ་འདུར་རྒྱུགས་བྱེད་པོ་ཉུང་དུ་ཕྱིན་པས་རེད།འུ་ཚང་ནི་སྔོན་མ་དག་དང་ལྡོག་སྡུར་རྐྱང་རྐྱང་དུ་གྲུབ་ཡོད་པ་ཡོངས་ཁྱབ་ཀྱི་ཧ་གོ་ཐུབ་གི།དེ་བས་ཁོ་བོའི་སེམས་པར་མི་ཞིག་གི་རྒྱུ་སྤུས་མཐོར་འདེགས་དང་རྒྱུ་འབྲས་བློ་མིག་ཅན་སྐྱེད་སྲིང་བྱ་དགོས་པར།གཞི་རིམ་དགེ་རྒན་གྱི་སློབ་གསོ་ད་གཟོད་ལུད་རྫས་ལྟ་བུར་གྱུར་ཡོད་པར་མཐོང་།ཕྱི་ཕྱོགས་རྒྱལ་ཁབ་ཀྱི་འབུམ་རམས་པ།རབ་འབྱམས་པའི་དཔུང་སྡེ་མང་པོ་ཞིག་སློབ་མཐར་ཕྱིན་ཏེ་གཞི་རུམ་དུ་སྐྱོད་པ་ཡང་མི་རིགས་སྟོབས་ལྡན་འགྱུར་བའི་དཀྱོགས་མཚམས་ཅི་ལ་མིན།ཤེས་ཡོན་པའི་ལས་ཀ་ངོ་མ་དེ་ཡང་རང་གི་ཞན་ཆ་མངོན་པར་མཐོང་བ་དེ་དུས་ཐོག་དུ་བསྒྱུར་བཅོས་བྱས་ཏེ།འཛམ་གླིང་ནས་རྒྱལ་ཁབ་ལ་བལྟ་བ་དང་སླར་ཡང་རྒྱལ་ཁབ་དང་མཉམ་དུ་མི་རིགས་ལ་ཁ་འདྲེས་ལག་གོམས་བྱེད་པར་ངེས་པར་བརྒྱུད་དགོས་པའི་ཉག་ག་དང་།མིའི་རིགས་ལོ་རྒྱུས་སུ་སོང་མ་མྱོང་བའི་ལམ་ཆེན་ཞིག་ནི་ཅི་ལ་མིན།ཡིན་ཏེ།དབྱི་ཐ་ལའི་ཧྥེ་ལི་སི་ཐོ་ཧྥུ•ཁུ་ལན་པི་ཡས་སྙིང་སྟོབས་ཆེར་སྐྱེད་དང་གོམ་གང་མདུནསྤོས་ཀྱི་མེ་གླིང་སྐམ་ས་གསར་རྙེད་བྱུང་བ།རླབས་ཆེན་གྱི་དངོས་ལུགས་རིག་པ་ཉིའུ་ཏིན་གྱིས་སའི་གོ་ལར་འཐེན་ཤུགས་ཡོད་པའི་རྩ་དོན་གོ་རྟོགས་བྱུང་བ་དག་ནི་ཅི་འདྲའི་རླབས་ཆེན་གྱི་ཐོལ་བརྒལ་ཞིག་རེད་ཨང་།གནས་བབ་ངོ་མར་བསམ་མནོ་མ་བཏང་བ་ཡིན་ན་སྡོང་མགོ་རུ་ཉྭ་མོ་འཚོལ་བའི་བླུན་རྟགས་མི་འབྱུང་པ་སུའི་ཀྱང་བཤད་དཀའ་འོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞི་རིམ་ན་དཔེ་ཆ་བོར་ཡོད་པའི་དགེ་རྒན་དེ་ཚོ།

2015-03-06 གཙགས་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།