ཞེ་སྨྲེང་བ།

             1
  དོ་དགོང་ཡང་དགུན་ཟླ་རིང་མོའི་མཚན་མོ་ཞིག་ཡིན། ཕྱི་རོལ་ཏུ་མུན་པ་ཧ་ཅང་སྟུག་ཅིང་ཁ་བ་ལྷབ་ལྷབ་དུ་འབབ་ཀྱིན་འདུག མིའི་ལྷིང་འཇགས་ལ་ཆེད་དུ་གཏོར་བརླག་གཏོང་དུ་ཡོང་བའི་གྲང་རླུང་གིས་ནི་སྒོ་དང་སྒེའུ་ཁུང་ཁྲོག་ཁྲོག་ཆོམ་ཆོམ་དུ་བྱེད་ཅིང་དེ་ནི་ཞེ་སྡང་ཅན་སུ་ཞིག་ཕྱི་རོལ་ཏུ་ཆང་གིས་མྱོས་རྗེས་རང་གི་ཆུང་མ་ལ་སྡང་སྡིགས་གཏོང་བཞིན་པ་དང་ཀུན་ནས་མཚུངས།  འདིའི་རྐྱེན་གྱིས་ང་རང་ཡང་གཉིད་མི་ཁུག གཉིད་མི་ཁུག་པས་ན་ཕྱིར་དྲན་མང་ཙམ་བྱས། སྐབས་ཤིག་ལ་ཕྱིར་དྲན་གྱི་ཁྲོད་ནས་འབྲོག་ཐང་གི་ཨ་མ་མཐོང་བྱུང་། སྙིང་རྗེ།
  ཨ་མས་དོ་དགོང་དང་འདྲ་བའི་མུན་ནག་པའི་མཚན་མོ་གྲངས་མེད་ལ་དྲོད་ཆུང་བའི་རས་སྦྲ་རལ་བོའི་ནང་རོལ་དུ། འོད་ཆུང་བའི་སྒྲོན་མེ་ལ་བརྟེན་ནས་ཉམས་ཆུང་བའི་བུ་ཕྲུག་ཚོའི་སླད་དུ་ལག་བསྐོར་ལ་རྩམ་པ་འཐག་ནས་བསྐྱལ། དེ་དུས་གཉིད་ཀྱིས་མནན་པའི་ཨ་མའི་མགོ་བོ་རྡོ་བའི་ལག་བསྐོར་ལ་ལྗིད་ཀྱིས་ལྷུང་ན་ཡང་ཨ་མས་རང་ལ་ལེ་བདའ་ཙམ་གྱིས་ཨམ་གཙིགས་བསྡམས། དེ་དུས་ཨ་མའི་རྐང་ལག་ཙག་གིས་ཁེངས་ཤིང་རེངས་བར་གྱུར་ན་ཡང་ཨ་མས་རང་ལ་ལེ་བདའ་ཙམ་གྱིས་ཨམ་གཙིགས་བསྡམས། དེ་དུས་ཨ་མའི་ཕོ་བ་ལྟོགས་ཀྱིས་གཟེར་ཅིང་སྐོམ་པས་གདུང་ན་ཡང་ཨ་མས་རང་ལ་ལེ་བདའ་ཙམ་གྱིས་ཨམ་གཙིགས་བསྡམས། དེ་ལྟ་དེ་ལྟར་དུས་ཚོད་ཀྱི་སྐྱ་མོའི་ལམ་དུ་ཨ་མས་འཇིག་རྟེན་གྱི་དཀའ་སྡུག་ཡོད་ཚད་བདེ་སྐྱིད་དུ་སྒོམ་ཏེ་བུ་ཕྲུག་ཚོར་ཁྱིམ་གཞི་བཙུགས་ཤིང་འཇིག་རྟེན་བསྐྲུན་ནས་དོ་དགོང་གི་བར་དུ་སླེབས། དོ་དགོང་གི་བར་ཏེ་མིག་གིས་འདོམ་གང་གི་རྒྱང་ཐག་མི་ཆོད། རྣ་བས་དུང་ཆེན་གྱི་སྒྲ་མི་ཚོར། ཁ་ཡི་དུང་སོ་འཐོར། མགོ་ཡི་སྐྲ་ལོ་ཤུལ། ལུས་སྒུར། ཟུངས་ཟད། མདངས་ཉམས།
  དོ་དགོང་གི་བར་ཏེ་བརྗེད་ངེས་རྐུན་པོས་ནང་གི་ཤེས་བ་ཁྱེར། དུས་ཀྱི་ཆོམ་པོས་ཕྱི་ཡི་མཛེས་པ་འཕྲོག
  དོ་དགོང་གི་བར་ཏེ་དྲུག་ཅུ་འདྲེ་མོས་ཞོལ་ནས་གཏོད་ཅིང་བདུན་ཅུ་བདུད་མོས་གཉའ་ནས་འཐེན་ཏེ་རྒ་བའི་བཙོན་ཁང་དུ་ཚུད་ཀྱང་ད་དུང་ཡང་ང་ལ་བརྩེ་བའི་ཞལ་གྱིས་ཕྱོགས། འཛུམ་པའི་སྤྱན་གྱིས་གཟིགས། དགྱེས་པའི་པའི་ཐུགས་ཀྱིས་དགོངས་བཞིན་ལག་ཟུང་འདར་འདར་གྱིས་བྱིལ་བྱིལ་གཏོང་འདོད་ཅིང་། གྲེ་བ་འགྲགས་འགྲགས་གིས་ངག་བཀོད་གནང་འདོད་པས། ཨ་མ། ངོ་མ་སྙིང་རེ་རྗེ།
             2
  གྲང་རླུང་འཇགས་སོང་། ཡིན་ནའང་ཁ་བ་སྔར་བས་འབབ་ཤུགས་ཇེ་ཆེར་སོང་འདུག ཁ་བས་མུན་པ་བརྟོལ་ཅིང་རླུང་བུར་རྒོལ་བཞིན་མི་ཡུལ་གྱི་ལུང་པ་གང་སར་འབབ་ཀྱིན་འདུག རེད་དེ། ཁ་བ་འབབ་སྟངས་འདིས་ང་ལ་གནས་ལུགས་ཤིག་སྟོན་གྱིན་གདའ། ཨ་མ་ནི་ཁ་བ་དང་འདྲ་བར་ངེད་མིང་སྲིང་ཚོའི་འཇིག་རྟེན་དུ་དཀར་བོང་བོང་གིས་བབས་ནས་དགའ་སྐྱོ་ཆགས་སྡང་གི་ཧྲག་བར་ཡོད་ཚད་ཆ་སྙོམས་པོར་བྱས་མོད། ཁ་བ་རིམ་རིམ་གྱིས་གྱིས་འཐུག་པོར་ཆགས་ཀྱང་ཐ་མར་ཉི་མས་ཞུ་འགྲོ་བ་ནང་བཞིན་ཨ་མ་ཡང་དུས་ཚོད་ཀྱིས་བཞུས་ནས་ས་བཞིར་འཐིམ་ལ་ཉེ་རུང་ཁོ་མོས་རང་ཉིད་འདི་ལྟར་ཞུས་ནས་ས་ལ་འཐིམ་ཚེ་བུ་ཕྲུག་ཚོའི་བདེ་སྐྱིད་ཀྱི་མྱུ་གུའི་རྩ་བ་བརླན་ཐུབ་སོང་སྙམ་བཞིན་དགའ་བ་འཕེལ་གྱིན་འདུག་པས། ཨ་མ་ནི་དངོས་ནས་ཐེག་ཆེན་ཆོས་གཞུང་དུ་བཤད་པའི་འཕགས་པའི་གང་ཟག་མ་ཡིན་ནམ།
  ཡིན་ནའང་། ངས་ནི་འདི་ལྟར་ཨ་མ་ཤེས་མེད་ཚོར་མེད་ངང་རྒས་སུ་བཅུག་ཅིང་། ངས་ནི་དེ་ལྟར་ཨ་མ་རིན་མེད་གོང་མེད་དུ་བཀོལ་རྐྱང་བྱས་ནས་དོ་དགོང་གི་མཚམས་འདིར་སླེབས་དུས་ད་གཟོད་སེམས་ལ་དངངས་སྐྲག་ཅིག་འཁོར་ཡོང་། དེ་ནི་ཕྱི་རོལ་གྱི་མུན་པ་ལས་ཀྱང་འཇིགས་ཡེར་བ། སྐྱི་གཡའ་བ། ཞེ་འ྇ཁྲུག་པ་ཞིག་རེད་་་་་་་་་་
             3
  ཕྱི་རོལ་དུ་ཁ་བ་འབབ་མཚམས་བཞག་ཅིང་ཁ་བའི་འོད་ཀྱིས་མུན་པ་ཡང་ཤར་བདའ་ནུབ་འདེད་བྱས་ཡག་གིས་དཀར་གསལ་གསལ་དུ་སྣང་ཞིང་། ལྷིང་འཇགས་སེ་འདུག
  འོན་ཀྱང་བདག་གི་སེམས་སུ་ཁ་བ་འབབ། རླུང་བུ་ལྡང་། མུན་པ་གཏུབས། གྲང་ངར་འཁོར་ནས་ཟད་མི་ཤེས་པའི་ཚོར་བས་གདུང་ཞིང་།རབ་རུབ་མག་མོག་གི་ཁང་ཆུང་འདིར་ཡང་དངོས་གནས་གནས་ཐབས་མི་འདུག
  དེ་ནི་ངས་ཨ་མ་དྲན་པས་ཡིན། ཨ་མའི་བྱམས་བརྩེ་དྲན་པས་ཡིན། ཨ་མས་བསྐྲུན་པའི་ཕུན་ཚོགས་དྲན་པས་ཡིན། ཨ་མས་གནང་བའི་བདེ་སྐྱིད་དྲན་པས་ཡིན།ཡིན་ནའང་དེ་ནི་ཨ་མས་ང་རང་དྲན་པ་དང་གཏན་ནས་མི་འདྲ། ཨ་མས་ང་དྲན་དུས་ཁོ་མོའི་ཆེད་དུ་མ་ཡིན་པར་ངའི་ཆེད་དུ་ང་དྲན་པ་ཡིན་ལ། ངས་ཨ་མ་དྲན་དུས་ཁོ་མོའི་ཆེད་དུ་མ་ཡིན་པར་རང་གི་ཆེད་དུ་མོ་དྲན་པ་ཡིན་པས་གནད་འདིས་ནི་ང་རང་མི་གྲལ་ནས་དབྱུང་ཞིང་ཁྱི་གྲལ་དུ་དེད་ཡོད་ན་ཡང་། ཨ་མའི་སེམས་ན་ང་རང་སྐྱེ་མཆོག་དམ་པ་སུས་ཀྱང་འགྲན་མི་བཟོད་པ་འི་རླབས་ཆེན་གྱི་མི་དེ་ཡིན། ཨ་མའི་སེམས་ན་ང་ནི་ལྷ་མཆོག་སྟོང་གི་ཐུགས་སྨོན་ལས་འཁྲུངས་བའི་སྤྲུལ་བའི་རྒྱལ་སྲས་དེ་ཡིན།
  ལོ་འདི་གར་སྒེར་སེམས་ཀྱིས་བརླམས་པའི་ང་རང་འདུ་གྲོང་དུ་འཁྱམས་ནས་ལོ་ན་རྒས་པའི་ཨ་མར་ཇ་ཡུན་གཅིག་གི་འདུག་གྲོགས་བྱས་པ་ཡང་ཉུང་ལ། དེ་དུས་ཀྱང་གཏམ་སྙན་མོ། གོས་དྲོན་པོ། ཟས་ཞིམ་པོ་ཞིག་འབུལ་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་རང་ལ་མལ་ས་བཅའ་མཁན་དང་མལ་གདན་གཏོང་མཁན། མེ་ཁ་གསོ་མཁན་གྱི་ཞབས་ཞུ་བགྱི་རུ་བཅུག
  འཇིག་རྟེན་ཁ་དཔེར་བུ་ནི་ཕ་མའི་ལག་ཐོག་ལ་ཆུ་ལྡུག་མཁན་དང་ལག་འོག་ལ་མེ་འབུད་མཁན་ཟེར་ལ། ཡང་སྔ་དྲོར་ཕ་མའི་དྲིན་དང་ཕྱི་དྲོར་བུ་ཕྲུག་གི་དྲིན་ཞེས་ཀྱང་ཟེར། གང་ཡིན་རུང་ང་ནི་དེ་དག་དང་ཏག་ཏག་ཁ་གཏད་དུ་ཡོད། ང་ནི་དེ་དག་དང་ཐད་ཀར་གོ་ལྡོག་དུ་ཡོད་དེ། ངས་གཞན་གྱི་བུ་ཕྲུག་ཚོ་དང་འདྲ་བར་ཨ་མ་ཁྲིད་ནས་སྟོད་ཀྱི་དབུས་ལ་མཇལ་སྐོར་དུ་མ་སོང་། ངས་ནི་ཨ་མ་བསྐྱལ་ནས་སྨད་ཀྱི་གྲོང་ལ་ལྟད་མོ་རུ་མ་སོང་། ངས་ནི་ཨ་མ་ན་དུས་ཞབས་འོག་དང་། སྐྲག་དུས་འདུག་རོགས། ཆད་དུས་སྐྱོར་ཡ།
  སྡུག་དུས་སེམས་གསོ། དགའ་དུས་འཛུམ་རོགས་བྱས་པ་ཡང་ཧ་ཅང་ཉུང་མོད། ང་ཡི་ཕྱིར་ཏུ་ཨ་མས་མ་ཎི་ཁང་ལ་འགྲོ་བའི་དུས་ཚོད་ཐུང་དུ་བཏང་། དགེ་རྩ་བྱེད་པའི་སེམས་པ་སླད་དུ་བྱས། མཆོད་ཡོན་ཉུང་དུ་བཏང་། སྦྱིན་གཏོང་ཆུང་དུ་སྒྱུར། ཡར་དཀོན་མཆོག་གི་ཞལ་ངོ་སྒོམ་མ་ཐུབ་པར་མར་བུ་སྡུག་གི་ངོ་སྡུག་སྒོམ་ཡང་སྡིག་བཤགས་ཤིག་ཀྱང་བྱ་ལོང་མེད་པར་མི་ཚེ་ཚར་གྱིན་པ་འདི་མཐོང་ན་ཞེ་སྨྲེང་བ་ཕྱི་ཡི་ཙག་ལ་འདྲེས་འགྲོ
              4
  སེམས་ཀྱི་ཁ་བ་འབབ་ཤུགས་ཇེ་ཆེར་གྱུར། ཁ་བ་གྲང་རླུང་གིས་ཁྱེར་ནས་གངས་རྡུལ་འཚུབ་ཅིང་ཚོར་བའི་ཟབ་ས་ཡོངས་སུ་འཁྱག་སིབ་སིབ་ཀྱིས་གཏོར་གྱི་འདུག་པས། ལོ་ངོ་དུ་མའི་རིང་ལ་འབབ་མ་ཐུབ་པའི་ཁ་བ་ཞིག་དོ་དགོང་དུས་གཅིག་ཏུ་འབབ་རྒྱུ་ཡིན་པ་འདྲ།
  མི་རྣམས་ཀྱིས་བུ་ཡུག་ཟེར་བའི་ཁ་བ་འདིའི་ཁྲོད་དུ་ཨ་མས་རྒྱབ་ལ་ཟོ་བ་ཁུར་ཅིང་བྱིས་པ་འགའ་གཡས་སྐྱོར་གཡོན་སྐྱོར་བྱེད་བཞིན་དུ་བཙལ་ཡང་རྙེད་ཁ་དཀའ་བའི་ཆུ་མགོ་རུ་འཐུང་ཆུ་ལེན་དུ་འགྲོ་བཞིན་པ་མཐོང་བྱུང་། ཁོ་མོ་གོག་མ་ནུར་གྱིས་ཆུ་ཁར་ཐོན་ཏེ་ཕྱིར་འཁོར་དུས་མོ་དང་མོའི་བྱིས་པ་དག་གི་རྐང་རྗེ་ནི་གར་སོང་ཆ་མེད་དུ་གྱུར་ཡོད་ན་ཡང་། ཁོ་མོས་དེ་ལ་ཅི་མི་སྙམ་པར། བྱིས་པ་རེ་རེའི་རྐང་བ་རང་གི་མཆན་འོག་ཏུ་སྦྱར་ནས་དྲོད་ཅིག་སྦྱིན་ཨེ་ཐུབ་ལ་ལྟ། དགུན་གྱི་ཆུ་མགོ་ནི་མི་ཞིག་ངུས་ཚར་ལ་ཉེ་བའི་མིག་ཆུ་དང་འདྲ་བས་ཨ་མས་དེ་རུ་ཡུན་རིང་བཟེད་མཐར་ད་གཟོད་ཟོ་བའི་ཁ་བཀང་ཞིང་། སྔར་བཞིན་བྱིས་པ་དག་ཁྲིད་ནས་ཁྱིམ་དུ་ལོག ལམ་བར་དུ་རང་ལྕོགས་མི་ཐུབ་པའི་བྱིས་པ་ཚོ་རྡོག་འགྲིལ་ཤོར་ཚེ་ཨ་མས་རང་ཉིད་ལ“་ཆོ་མེད་མ་ང་བྱིས་པ་ཡང་སྐྱོར་ཐུབ་ཀྱི་མི་འདུག”ཅེས་སེམས་བསམ་པའི་གཏིང་ནས་རང་ལ་ལེ་བདའ་བྱེད།
  ཁྱིམ་ལ་ཐོན་དུས་སྦྲའི་ཁ་འཚུབ་ནས་ཁངས་སྐྱ་ནང་ལ་སྤུངས་ཤིང་ཧྲག་འདབ་ནས་རླུང་བུའང་ནང་ལ་ལྡང་བས། དྲང་མོར་བཤད་ན་ཁྱིམ་དང་ཕྱི་ནི་དྲོད་གྲང་འདྲ་མཚུངས་ཆགས་འདུག དེ་ལྟར་ན་ཡང་ཨ་མས་རྒྱབ་ཀྱི་ཟོ་བ་ཕོག་ཅིང་བྱིས་པ་ཚོ་རེ་རེར་མལ་སའི་ནང་དུ་བསྙལ་རྗེས། སྒོ་ཕྱི་ཁྱིམ་བར་དུ་གློག་བཞིན་འཁྱུག
  སེམས་ཀྱི་ཁ་བ་སྔར་ལས་ཇེ་ཆེར་བུད་སོང་བས་ལུས་པོའི་སྟེང་གི་ཁྲག་གི་སྦུབས་ལམ་རེ་རེ་ཡང་དར་གྱི་ཐགས་པ་ཞིག་དང་འདྲ་བར་འཁྱག་གྲང་གི་ཚོར་བས་ཡོངས་སུ་བསྡམས།
              5
  བབས་ཤུལ་འཁྱག་ཟེར་བ་ལྟར། ཕྱི་རོལ་ན་བུག་བུག་གི་སྒྲ་གྲག་པར་ཉན་ན་ནམ་ཟླ་ཇི་འདྲའི་འཁྱག་པ་ཚོར་ཡོང་། དེའང་ལོས་ཡིན་ཏེ། དོ་དགུང་ནི་དགུན་ཁ་ཡིན་པས། དོ་དགོང་ནི་དགུན་ཁའི་མཚན་མོ་ཡིན་པས། དོ་དགོང་ནི་དགུན་ཁའི་མཚན་མོའི་ཁ་བ་བབས་ཤུལ་ཡིན་པས་གྲང་ངར་རུས་པར་ཟུག་ཀྱང་འོས་བ་ཞིག་ཡིན། དེ་ལྟར་ན་ཡང་ཨ་མ་ལགས། ཁྱེད་ཀྱིས་ཚོར་མེད་ཀྱང་སྲིད་མོད། ལོ་ན་རྒས་དུས་ཙག་ཤ་འཁེལ་སླ་བས།
  ཁྱོད་ཀྱིས་སྔོན་ཆད་བཞིན་ཨུ་ཚུགས་མི་བྱེད་པར། གོན་པ་དྲོན་པོ་རེ་གྱོན་རོགས། དོ་དགོང་ངས་ཞིབ་རྩིས་ཤིག་བྱས་ན་འུ་ཚང་གི་གོས་རྡང་དང་གོས་སྒམ་ནང་ན་ཁྱེད་ལ་གྱོན་རྒྱུའི་གོས་དྲོན་པོ་ཞིག་ཡོད་མེད་ཀྱང་བཤད་ཁག་མོད ། ཁྱེད་ཀྱིས་རང་ཉིད་འཁྱག་ཏུ་མ་འཇུག ཡང་ན་བུ་ཆུང་ངའི་ཆེད་དུ་འཁྱག་ཏུ་མ་འཇུག མི་ཡུལ་གྱི་དགུན་ཁ་ཧ་ཅང་འཁྱག ཧ་ཅང་འཁྱག
             6
  ཕྱི་རོལ་དུ་ཡང་བསྐྱར་ཁ་བ་བབས་བྱུང་།ནང་སེམས་ཀྱི་ཁ་བ་ཡང་འབབ་ཤུགས་ཇེ་ཆེར་གྱུར། ཕྱི་ནང་གཅིག་ཏུ་འདྲེས་བའི་ཁ་བས་ནི་ང་ལ་ཇི་ལྟར་གཙེས་ཀྱང་ནམ་ཞིག་ཉི་འོད་ཕོག་ཚེ་བཞུ་འགྲོ་བར་བསམ་ན་བཟོད་བསྲན་བྱས་ཆོག་མོད། ཨ་མའི་མགོ་ལ་བབས་པའི་བཞུ་རྒྱུ་མེད་པའི་ཁ་བ་མཐོང་ཚེ་ཞེ་རེ་སྨྲེང་སོང་། ཞེ་སྨྲེང་བ་རྒྱུ་མའི་མཐིལ་ལ་ལྷུང་སོང་།

                                           ༢༠༡༤ལོར།  

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞེ་སྨྲེང་བ།

2015-03-17 མདོ་མེད་པ་ཁ་དྲག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།