ངའི་སྙན་ངག་གིས་ང་ད་རུང་ཡིད་མི་ཚིམས།

དགའ་ཕ་ལམ།༼ མཛོད་དགེ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-12

  ཕྱིར་འདང་ཞིག་བརྒྱབ་ན། བདག་གིས་ཏག་ཏག་ལོ་ངོ་ཧྲིལ་བོ་བཅུ་ལ་སློབ་སྦྱོང་གི་བྲེལ་ཟིང་དང་བྱ་བའི་སུན་གཙེར་སྣ་ཚོགས་ཀྱི་བར་ནས་སྒྱུ་རྩལ་རྩོམ་རིག་ལ་བློ་སྦྱོང་དང་སྙན་ངག་གསར་རྩོམ་གྱི་ལས་འཕྲོ་སྐྱོང་ཞིང་། ལོ་ཟླ་དེ་དག་ཏུ། སྙན་ངག་ཀློག་འདོན་དང་གསེད་འགྲོལ། མྱོང་རོལ་དང་དོགས་སློང་། འབྲི་བཞེངས་བཅས་ནི་མེད་མི་རུང་བའི་བདག་གི་འཚོ་བའི་ཆ་ཤས་ཤིག་ཏུ་གྲུབ་ཡོད་སྐད། བཟློག་དཀའ་བའི་སྙན་ངག་གི་བསླུ་བྲིད་ཀྱིས། མཚམས་རེར་ངའི་མི་ཚེའི་མངའ་ཐང་ལ་བླ་མེད་ཀྱི་དངོས་གྲུབ་དང་འབྱོར་ཕྱུག འཛད་མེད་ཀྱི་ཚེ་ནོམ་སོགས་མང་བ་མང་བ་ཞིག་བསྩལ་མྱོང་བ་འདྲ་ལ། སྐབས་རེར་ངའི་འཚོ་བ་ལ་གནོན་ཤུགས་དང་ཕམ་ཉེས། ཐོབ་པ་ལས་ཤོར་བ་མང་བའི་ལན་ཆགས་ཀྱི་ཁུར་བོ་མང་དུ་འཁོར་གྱིན་པ་འདྲ་བས། སྙན་ངག་ནི་བདག་གི་ཡོད་ཚད་ཀྱི་ཡོད་ཚད་ཡིན་ཞེས་ཁ་ཕོད་སྒྲོག་མི་ཐུབ་རུང་། མ་གཞི་ནས་འཚོ་བའི་ཆ་ཤས་དང་མི་ཚེའི་རོལ་སྟངས་ཤིག་ཏུ་ཆགས་ཡོད་ཨང་།
  
  སྙན་ངག་འབྲི་སྦྱོང་གི་གོ་རིམ་ཁྲོད་དུ། ངས་ནི་གཙོ་ཆེར་ཚོར་བ་རགས་པའི་རྗེས་སུ་འགྲོ་ལྡོག་གིས་གསར་རྩོམ་གྱི་ལམ་དུ་ཕྱིན་ཚུལ་དེས། སྙན་ངག་དང་རྩོམ་རིག་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་མེད་དང་། མི་རིགས་ཀྱི་བདེ་སྡུག་ལ་དོ་ཁུར་བྱེད་དགོས་མིན་གྱི་ཁ་ཚོན་མི་ཆོད་ལ། གསལ་བྱེད་དུའང་མི་འགྲོ། སྤྱིར་བཏང་ང་ཚོས་སྙན་ངག་ལ་གཟབ་ནན་གྱི་རྣམ་འགྱུར་དང་རེ་བ་ཆེན་པོ། ཡིད་ཆེས་ཟབ་མོས་བལྟ་ཆོག་མོད། འོན་ཀྱང་སྙན་ངག་རང་སྟེང་ནས་དེ་འདྲའི་ཁེར་ཚུགས་ཀྱི་རང་གཤིས་དང་། ཟབ་ཅིང་རྒྱ་ཆེ་བའི་བསྟན་དོན་མཐའ་དག་བདེ་ལེགས་ངང་འགྲུབ་མིན་ནི་དོན་དག་གཞན་ཞིག་རེད།

  ད་ལྟའི་བར་དུ། བདག་གིས་ལྷུག་རྩོམ་དམིགས་སུ་བཟུང་བའི་སྙན་ངག་གི་གྲངས་འབོར་མང་དུ་བྲིས་ནའང་། རང་ཉིད་ཀྱི་འདོད་བློ་ཚིམས་ཤིང་ཀློག་པ་བོའི་ཡིད་ཀྱི་གསོས་སུ་བསྟབས་ཆོག་པའི་ཚབ་མཚོན་རང་བཞིན་གྱི་བརྩམས་ཆོས་གཅིག་ཀྱང་མེད་པས། ངའི་སྙན་ངག་གིས་ང་ད་རུང་ཡིད་མི་ཚིམས་ཞེས་བློ་ཐག་རྦད་ཆོད་ཀྱིས་བཤད་ཆོག རྒྱུ་མཚན་དེའི་དབང་གིས། ངས་སྙན་ངག་འབྲི་བའི་གོ་རིམ་ཧྲིལ་བོ་སློབ་སྦྱོང་དང་བློ་སྦྱོང་གི་གོ་རིམ་ཞིག་ཀྱང་ཅི་ལ་མིན།

  བོད་ཀྱི་མཁས་དབང་སྔ་མ་དག་གིས་སྙན་ངག་ནི་རྣ་བར་སྙན་ཞིང་འཇེབས་པའི་ཚིག་སྦྱོར་ཡིད་དུ་འོང་བ་ཞིག་ལ་ཕལ་ཆེར་ངོས་བཟུང་བས། ཕྱིས་ཀྱི་སྙན་ངག་པ་ལ་ལ་ཚིག་གི་རོལ་རྩེད་དང་ཐ་སྙད་ཀྱི་བེམ་པོ་ཙམ་ལ་འཁྲུལ་ནས་ཕྱོགས་རིས་པའི་སྒྱུ་རྩལ་གྱི་མཛེས་སྡུག་མཐའ་གཅིག་ཏུ་གཙིགས་སུ་འཛིན་ལ། ཡང་ལ་ལས་ལུས་ཀྱི་མཆོར་སྒེག་དང་ཉམས་འགྱུར། རྒྱན་གྱི་མཛེས་པ་བཅས་སྣང་མེད་དུ་བཞག་ནས་དོན་གྱི་སྙིང་བོ་ཁོ་ནར་གཞོལ་ཚབས་ཆེ། གང་ལྟར། སྔ་ཕྱི་གཉིས་ཀ་གཡག་ཞར་གྱིས་རྩྭ་ཟས་པ་བཞིན་གཅིག་ཤས་མཐོང་ལ་གཅིག་ཤས་མ་མཐོང་བའི་ཉེས་སྐྱོན་གྱི་གོང་བུས་ཡོངས་སུ་གཏམས་ཡོད།

  སྤྱིར་བཏང་སྙན་ངག་པ་སུ་དང་གང་ལ་མཚོན་ན། བརྗོད་བྱ་འདེམས་སྟངས་ཕྱོགས་ནས་ཁྱབ་ཁོངས་ཀྱི་ཚད་བཀག་གང་ཡང་མེད་ མོད། འོན་ཀྱང་རང་ཉིད་ཀྱིས་ནམ་ཡང་བརྗོད་འདོད་པའི་འོད་ལམ་ལམ་གྱི་སྐད་ཆ་དེའམ་སེམས་ཁོང་གི་དམར་དམར་བོ། ཆེས་ བབ་ཆགས་པའི་ཐ་སྙད་ཀྱི་སྡེབ་སྦྱོར་དང་འོས་ཤིང་འཚམས་པའི་མཚོན་སྟངས་ཀྱིས་ཀློག་པ་བོའི་ཡིད་ངོར་བདེ་བླག་ངང་འཇོག་ཐུབ་ཅིང་། ཞར་ལ་ལྷ་ཡུལ་ལྟ་བུའི། དག་ཞིང་ལྟ་བུའི་སྣང་བའམ་ཚོར་བའི་ཁམས་མཐོ་ས་ཞིག་ཏུ་བསྐྱལ་ཐུབ་ན་དེ་ནི་སྙན་ངག་གི་ ཡང་རྩེ་རུ་བགྲང་གིན་འདུག

  རང་ཉིད་ལ་མཚོན་ནའང་། སྙན་ངག་འབྲི་དུས་ནང་དོན་འདེམས་སྒྲིག་གི་ཕྱོགས་ནས་ནམ་ནམ་ཞར་ཞར་ལ་འགལ་རྐྱེན་དང་ བཀག་རྒྱ་མེད་མོད། ཚིག་གི་རོལ་རྩེད་དང་མཚོན་ཐབས་གཉིས་ཆར་དང་དོད་ཆེན་པོ་བྱེད་ཀྱིན་ཡོད། ད་དུང་སྙན་ངག་བློས་ སློང་གི་མགོ་རྔ་མ་བར་རྐེད་པ་ཀུན་ཏུ་མིང་དང་ཐ་སྙད། ཚིག་དང་རྗོད་པ། སྤྱི་ཁོག་གི་སྒྲིག་གཞི་རེ་རེའི་བར་གསེང་དུ་མགོ་ཡོམ་འཁོར་བའམ་སྦྲིད་སྨན་འཐུང་བ་ལྟ་བུའི་བསླུ་བྲིད་ཀྱི་ཆ་དང་བསམ་གཞིག་གི་བར་སྟོང་ཡངས་པོ་ཞིག་བསྐྲུན་ནས། རང་ཉིད་ཀྱི་ བསྟན་དོན་གང་ཞིག་ཕ་རོལ་བོར་ལས་སླ་བོའི་ངང་འཕྲོད་ཐུབ་པའི་སྒྱུ་རྩལ་གྱི་ཚད་མཐོ་ས་ཞིག་ཏུ་སླེབས་པར་ཤ་ཐང་ཐང་གིས་འབད་མུས་སུ་མཆིས།

  སྙན་ངག་གི་གོ་དཀའ་སླ་དང་ཁ་དམ་ལྷོད་ཀྱི་སྟེང་ན་སྔ་མོ་ནས་ཕྱོགས་གཉིས་སུ་གྱེས་ཡོད་པར་མངོན་ཏེ། མེ་ལོང་མར་རྒྱ་གར་ ཤར་བའི་ལུགས་དང་ལྷོ་བའི་ལུགས། དེ་བཞིན་བོད་ཀྱི་མཁས་པ་སྔ་མ་དག་ཀྱང་ལུགས་གཉིས་ཀའི་ཕྱི་རྗེས་སུ་འབྲངས་ཏེ་རང ་རང་གི་ཁྱད་ཆོས་དང་རྣམ་པ་ངེས་ཅན་ཐོག་ནས་གཞུང་ལུགས་གསར་རྩོམ་གྱི་ངལ་གསོའི་ཚིགས་བཅད་དང་བསྟོད་ཚོགས་སོགས་མང་དུ་བརྩམས་གནང་མཛད་ཅིང་། ལོ་རབས་བརྒྱད་ཅུ་བའི་ཚུན་དུའང་ཕྱོགས་ལྷུང་གི་རིག་གནས་སྣང་ཚུལ་འདིའི་ཚ་རླབས་ དྲག་ཏུ་འཕྱུར་མྱོང་ཡང་། འདི་ལ་བརྒལ་བརྟག་དང་གླེང་ཕྱོགས་བཟོ་མཁན་རེ་གཉིས་ཤིག་ལས་བྱུང་མ་མྱོང་བ་འདྲ།

  འདི་ནི་རྩོད་དགོས་པའི་གནས་ཤིག་མ་ལགས་ཏེ། སོ་སོའི་སྒྱུ་རྩལ་འཚོལ་སྙེག་གི་ལམ་བུ་མི་འདྲ་བ་གཉིས་རེད། རང་གི་བརྩམས་ཆོས་དུས་རབས་རྗེས་མ་དང་མི་རབས་ཕྱི་མ་དག་གི་སྤྱོད་ཡུལ་དང་བསྟན་དོན། ལུང་བསྟན་ལྟ་བུ་ཡིན་པར་འུད་སྒྲོག་བྱེད་པ་ནི་ཅོལ་ཆུང་གི་རང་བཞིན་འབའ་ཞིག་ཡིན་ཞིང་། བརྩམས་ཆོས་ཀྱི་བཟང་ངན་ཡག་བཙོག་གི་རིན་ཐང་འཇལ་བའི་ཚད་ཤིང་དང་སྣ་ཐིག་ཀློག་པ་བོ་ཁོ་ནར་དབང་ཙ་ན། ཁྱོད་ཀྱིས་གནམ་ས་འུར་ལ་སྐུར་ནས་ཀི་བཏབ་ཡང་སུ་དང་གང་གིས་ཀྱང་གོ་ས་མ་རེད།

  ང་ནི་ལག་པ་རུམ་ལ་བསྡུས་པའི་ཁེར་རྐྱང་གི་ཡིག་རྫི་ཞིག་ཡིན་ལ། མི་ཁོམ་པའི་གནས་སུ་ཁ་རོག་གེར་བསྡད་ནས། ཁུ་སིམ་མེར་མནོ་བསམ་ཡང་ཡང་གཏོང་གིན་རང་གི་སྙིང་ལ་སྤར་འབྲད་དང་ལག་སྙོབ་བྱེད་པའི་སྙན་ངག་པ་གླེན་པ་ཞིག་ཀྱང་ཡིན། ད་དུང་། ང་ནི་སྨྱུ་གུ་དམ་པོར་བཟུང་ནས་བློ་ཞིབ་མོས་རང་གི་འཇིག་རྟེན་དང་ཁོར་ཡུག ནང་སེམས་འབྲི་བཞེངས་བྱེད་པའི་ལྷ་རིས་སྒྱུ་རྩལ་པ་ཞིག་ཀྱང་ཡིན།

  ང་ནི་མིག་གིས་རྒྱང་རིང་གི་ས་སྲོད་ངོས་སུ་ཅེར་ནས་དངན་པ་དང་ཤུགས་རིང་ནར་ནར་འཐེན་མཁན་ཞིག་སྟེ། སྐྱོ་སྣང་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་ཞེས་བཤད་ཀྱང་ཆོག དེ་བས། ངའི་སྙན་ངག་གི་ནང་རུམ་ན་ནམ་ཡང་སྐྱོ་བ་དང་གདུང་བ། སྨྲེང་བ། སྡུག་ཡུས་བཅས་སིམ་འཛུལ་གྱི་ཆ་ཤས་ཆེ་ཞིང་དེ་དག་ཕན་ཚུན་འགྲན་པ་བཞིན་སྟོབས་ཀྱིས་འཕྱུར་ནས་ཡོད་པས། ངའི་སྙན་ངག་འདི་དག་སྣང་བ་ཟ་ཟི་དང་ཚོར་བ་རབ་རིབ་ཀྱི་ངོས་སུ་བཞག་ནས་བལྟས་ཚེ། ནམ་ཡང་འོད་ཀྲིག་ཀྲིག་བྱེད་པའི་སེམས་ཁོང་གི་མཆི་མའི་དོག་པ་ཞིག་ཡིན་པར་རེ་བ་དང་སྨོན་ལམ་རྒྱག་གི་ཡོད།

                                                      ༢༠༡༤---༢༠༡༥

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་སྙན་ངག་གིས་ང་ད་རུང་ཡིད་མི་ཚིམས།

2015-09-12 དགའ་ཕ་ལམ།༼ མཛོད་དགེ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།