དབུས་ཀྱི་ཉི་མ་ལྷ་ས།

དགོས་དབང་སྣ་ཚོགས་ཀྱིས་རྐྱེན་ཏེ་ལོ་ངོ་འདི་དག་རིང་ངས་དབུས་ཉི་མ་ལྷ་སའི་མཁའ་དབུགས་འགམ་ཞིང་འཚོ་བའི་ཟུར་ཆ་མང་པོར་རྒྱུས་ལོན་དང་གོམས་འདྲིས་བྱས། བྱིས་དུས་ཀྱི་བག་ཆགས་ཀློང་ནས་དག་ཞིང་ཞིག་གི་གཏམ་རྒྱུད་ཡལ་མ་མྱོང་བའི་དབུས་འགྱུར་ལྷ་ལྡན་གྲོང་། གནའ་མི་ཚོའི་ངག་རྒྱུན་ནས་བར་མེད་དུ་བགྲང་མྱོང་བའི་གནས་མཆོག་ལྷ་ས། མཆོད་མཇལ་བ་གྲངས་མེད་ཀྱིས་གསོལ་འདེབས་ཀྱི་དབྱངས་རྟ་འཇགས་མ་མྱོང་བའི་ཉི་མ་ལྷ་ས། དེང་སྐབས་འདུ་འགོད་མོད་པའི་ཁྲོམ་གཞུང་དང་འགྲོ་འོང་དཀའ་བའི་སྲང་ལམ། རྫས་འགྱུར་གྱི་ཟས་རིགས་བྲིན་ཁ་རྒྱུག་ཅིང་། འུར་འུར་ཟིང་ཟིང་དང་འཚང་ཁ་ཤིག་ཤིག་གི་རྣམ་པ་འདིར་ཅུང་སུན་སྣང་སྐྱེས་ཏེ་རྣམ་ཀུན་ཁྲོམ་ཉུལ་ལ་འགྲོ་རྒྱུར་དེ་ཙམ་མི་མོས་ཀྱང་སྐབས་འགར་དགོས་དབང་ཞིག་གིས་འོས་འཚམ་ཁྲོམ་དུ་བསྐོར་བར་འགྲོ་གི་ཡོད།

མི་ཚོགས་འབུམ་ཕྲག་གིས་འཚང་ཁ་རྒྱག་ཅིང་སྣུམ་འཁོར་ཁྲི་སྟོང་གིས་བང་ཁ་འགྲན་པའི་གྲོང་ཁྱེར་འདིར། བོད་རིགས་དང་རྒྱ་རིགས། སོག་རིགས། ཡུ་གུར་རིགས། ཧུས་རིགས། འཇང་རིགས་སོགས་མི་རིགས་མི་འདྲ་བ་བཅུ་ཕྲག་འདུས་སྡོད་བྱེད་ས་དང་ལས་རིགས་ཀྱི་ངོས་ནས་གཞུང་ཞབས་པ་དང་ཚོང་པ། ཡུལ་སྐོར་བ། གནས་མཇལ་བ། སློབ་གཉེར་བ། འཁྱམ་ཉུལ་བ་སོགས་བགྲང་གིས་མི་ལང་། དེ་དག་ལས་མཐོ་རིམ་གཞུང་ཞབས་པའི་ལས་བྱེད་མང་ཆེ་བ་རྒྱ་རིགས་ཀྱི་བློ་མཐུན་ཡིན་ལ། བཟོ་གྲྭ་ཆེ་གྲས་དང་ཁྲོམ་ར་ཆེ་གྲས། སྐར་རིམ་མཐོ་བའི་ཨར་ཁང་དང་མགྲོན་ཁང་ཆེན་མོ་སོགས་ཀྱང་ཕལ་ཆེ་བའི་སྦྱིན་བདག་ནི་མི་རིགས་གཞན་པ་རེད། དེ་བཞིན་ཡུལ་སྐོར་བ་མང་ཆེ་ཤོས་ནི་རྒྱ་ནག་གི་ཞིང་ཆེན་སོ་སོ་ནས་ཡོང་བའི་འབྱོར་ལྡན་མི་སྣ་དང་རྒན་ཡོལ་ལས་བྱེད་པ། ཞིབ་འཇུག་པ། སྒྱུ་རྩལ་བ་སོགས་དང་ཁག་ཅིག་ནི་རྒྱལ་ཁབ་གཞན་པ་ནས་ཡོང་བའི་མགོ་སེར་རིགས་དང་མི་རིགས་ནག་པོ་སོགས་ཀྱང་ཡོད། ཁོང་ཚོས་པར་ཆས་དང་བརྙན་ལེན་ཡོ་ཆས། ཡུལ་སྐོར་ཟིན་དེབ། ས་ཁྲ་སོགས་མདོར་ན་དུས་རབས་ཀྱི་མཁོ་ཆས་དེ་དག་བེད་སྤྱད་དེ་ཡ་གིའི་དགོན་སྡེའི་རྒྱ་ཕིབས་དང་བརྩེགས་རིམ་རེ་རེ་ནས་བརྒྱུད་དེ་མ་གིའི་གནས་མཇལ་བའི་གདོང་རིས་ཡན་ཆོད་པར་རྒྱག་པ་དང་བརྙན་ལེན་པ། ཟིན་ཐོར་འདེབས་པ་སོགས་བྱེད་ཞོར་ཅི་ཞིག་བཙལ་འཚོལ་དང་གང་ཞིག་སྔོག་འདོན་བྱས་རུང་ད་དུང་ཡིད་མ་ཚིམས་པའི་དྲི་རྟགས་ཀྱི་ཀློང་ནས་ཕྱིར་མིག་འཕེན་བཞིན་རྡོག་ཐོན་གྱི་ཟིན་ཐོ་གནའ་གྲོང་ནས་ཡལ་ལ། གནའ་གྲོང་ནས་ལྷུང་འགྲོ། 

དེ་དག་དང་ངོ་བོ་ཐ་དད་ཡིན་པའི་ཡུལ་སྐོར་བ་ཞིག་སྟེ། ཕྱི་ནང་གསང་གསུམ་ན་ཆོས་ལུགས་ཀྱི་བག་ཆགས་སྟུག་ཅིང་སེམས་པའི་གཏིང་རུམ་ན་དམྱལ་བ་དང་ཞིང་ཁམས་ཀྱི་བརྐོས་རིས་བཀྲ་བའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་གནས་མཇལ་བ་ཚོ་རེད། ཕལ་ཆེར་གྱི་ལག་ན་ཕྲེང་བ་དང་ལག་འཁོར་བཟུང་ཞིང་ངག་ནས་ཁ་འདོན་གྱེར་ཞོར་སེ་འབྲས་དགེ་གསུམ་གཙོས་དགོན་སྡེ་ཆེ་ཆུང་ཀུན་དང་། པོ་ཏ་ལ། ནོར་གླིང་། གཙུག་ལག་ཁང་། ར་མོ་ཆེ་སོགས་ཀྱི་ལྷ་ཁང་རེ་རེ་ན་སོར་བཅུ་དབུ་ཐོད་དུ་ཟུམ་ཞིང་སྨོན་ཚིག་ཟློ་གིན་ལྐོག་གྱུར་གྱི་གནས་ལུགས་མང་པོ་རྟོགས་སོང་བ་ལྟ་བུའི་གདོང་རིས་ཤིག་མངོན་ཏེ་བར་སྐོར་དང་རྩེ་སྐོར། གླིང་སྐོར་སོགས་ནས་འཚང་ཁ་ཤིག་ཤིག་ངང་རྒྱུ་བཞིན་འདུག་ལ། མ་ཎིའི་དབྱངས་འགྲོས་དང་སྒྲོལ་མའི་ངག་རྟ། དམིགས་བརྩེ་མ་དང་གུ་རུའི་གསོལ་འདེབས་སོགས་ཀྱི་འདོན་དབྱངས་ཀྱང་ངག་ནས་ཡལ་བ་མེད་པར་འཇིག་རྟེན་གཞན་ཞིག་འཚོལ་བའི་གོམ་འགྲོས་ཀྱི་བང་ཁ་ནི་མི་ལོ་སྟོང་ཕྲག་གི་ཡར་སྔོན་ནས་བརྩམས་ཤིང་མཚམས་འཇོག་མ་མྱོང་བ་བདེན་དུ་ཆུག་ཀྱང་། གྲུབ་མཐའ་མི་འདྲ་བའི་དད་ལྡན་ཕན་ཚུན་ཁ་གཡང་དང་དགོད་སྒྲ་ཆད་ལ། དབུས་པས་ཨ་མདོར་སྨོད་པའི་ཐ་སྙད་དང་ཁམས་པས་དབུས་པར་རྡེག་པའི་དཔའ་སྐད་སོགས་ཆེས་རྣ་ལ་གཟན་པའི་གཏམ་འཆལ་གང་མང་ཞིག་གྲོང་ཁྱེར་འདིའི་ཟ་དང་ཟུར་ཀུན་ནས་ཐོས་དུས། ཡིད་ལ་སྐྱུར་དྲི་བྲོ་བའི་སེམས་ཚོར་ཞིག་ངང་གིས་སླེབ་ཡོང་།

གྲོང་ཁྱེར་འདིའི་ལོ་རྒྱུས་ཐོག་ཆེས་ཆེས་རྙིང་པའི་ཚོང་གྲོང་སྟེ། ཉི་བསམ་ཁྲོམ་ར་དང་རྣམ་སྲས་ཁྲོམ་ར། བར་སྐོར་ཁྲོམ་ར་སོགས་ལྷ་སྐུ་དང་ཐང་ཀ  མཆོད་ཆས། ཁ་གདན། དར་གོས། རྣམ་ཕྲུག གཡུ་བྱུར་སོགས་བོད་ལུགས་ཀྱི་རྙིང་ཆས་བཙོང་སའི་ཁྲོམ་ར་ཁག་ཅིག་ཕུད། སྐད་གྲགས་ཆེ་བའི་ཁྲོམ་གཟིགས་སྒང་དང་གསེར་ཤིང་ཁྲོམ་ར། ལྷ་སའི་བརྒྱ་ཚོང་ཁང་ཆེན། ཁ་ཆེ་ལྷ་ཁང་འགྲམ་གྱི་དབྱར་རྩྭ་དགུན་འབུ་གཙོས་རྩ་ཆེན་སྨན་སྣ་ཉོ་ཚོང་ཁྲོམ་ར།  ཉི་འོད་གླིང་ཕྲན་གྱི་ཁྲོམ་ར་ཆེན་མོ། ནུབ་ཁུལ་མཚན་མོའི་ཁྲོམ་ར། ལྷ་སའི་གཞོན་ནུ་ལམ་དང་ཟུར་ཁང་བརྒྱ་ཟོག་རང་འདེམས་ཚོང་ཁང་།  གྲགས་ཆེ་བའི་གསེར་དངུལ་ལས་སྣོན་སྤྱི་གཉེར་ཁང་དང་རྒྱལ་སྤྱིའི་ཨར་ཁང་ཆེན་མོ། ལྷ་སའི་རྨི་ལམ་སོགས་ཀྱི་སྦྱིན་བདག་ཆེན་མོ་དང་ཚོང་གཉེར་བྱེད་བཞིན་པའི་ཚོང་པ་ཕལ་ཆེ་བ་ནི་རྒྱ་རིགས་དང་ཧུས་རིགས་གཙོས་པའི་མི་རིགས་གཞན་ཡིན་ཞིང་དེ་དག་གི་གདོང་གཤིས་ལ་ལྟ་ཞོར་ལག་གཡོག་བྱེད་ཅིང་འཚོ་བ་འཁྱོལ་ཐབས་བྱེད་བཞིན་པ་ནི་དབུས་གཙང་ཁུལ་གྱི་བུད་མེད་གཙོས་བོད་ཀྱི་གཞོན་ནུ་མི་ཉུང་བ་ཞིག་རེད།

ལར་གཞོན་ནུ་འདི་ཚོ་དེ་ལྟར་འཚོ་ཐབས་བྱེད་པ་ནི་ཐབས་རྡུགས་ཤིག་ག་ལ་ཡིན་ཏེ། མ་མཐར་ཡང་རང་ཉིད་ཀྱི་འཇོན་ནུས་དང་བསྟུན་ནས་རང་ཁ་རང་གསོ་བྱེད་ཀྱི་ཡོད་པས་སོ།། དེ་དག་ལས་གལ་འགངས་ཆེ་ཞིང་ཁོར་ཡུག་ལེགས་ལ་མཐུན་རྐྱེན་འཛོམས་པའི་ཁར། ཕལ་མོ་ཆེའི་སེམས་ཀྱི་གཏིང་ནས་རེ་བ་བཅངས་ས་གཅིག་པུ་སྟེ། མ་འོངས་མི་རིགས་འདིའི་སྙིང་མིག་སྲོག་གསུམ་ལྟར་གྱུར་པའི་སློབ་གྲྭ་ཆེ་འབྲིང་གི་དགེ་རྒན་དང་སློབ་གཉེར་བ་དེ་དག་རེད། དེ་དག་ནི་མི་རིགས་འདིའི་ལམ་སྟོན་པ་ཡིན་དགོས་ལ་སྲོག་རྩ་ཡང་ཡིན་དགོས་མོད། ཡིད་སྐྱོ་བ་ཞིག་ལ་སློབ་གསོ་བ་དེ་དག་གི་ཁོར་ཡུག་ན་ཟླ་རེར་རྒྱ་སྒོར་སྟོང་ཚོ་ལྔ་དྲུག་ནས་ཁྲི་བར་གྱི་གླ་ཕོགས་ལེན་ཞོར་འཚོ་བའི་བར་གསེང་ཡོད་ཚད་ཤོ་ཆང་ལ་སྐྱེལ་ཏེ་དུས་འདའ་བའི་དགེ་རྒན་གྱི་མིང་འཛིན་པ་དེ་དག་རེད། ཁོང་རྣམ་པ་ཕལ་མོ་ཆེའི་ཕུགས་མདུན་ནི་ཁང་པ་ཡག་པོ་ཞིག་ཉོ་རྒྱུ་དང་སྣུམ་འཁོར་རྫིག་པོ་ཞིག་བསྐོར་ནས་གྲོང་ཁྱེར་འདིར་འཚོ་གཞིས་བྱེད་ཐུབ་པ་དེ་དང་བུ་རྒྱུད་རྣམས་སློབ་གྲྭ་ཐོན་ནས་གཞུང་ཞབས་པའི་ལས་ཞུགས་བྱེད་ཐུབ་རྒྱུ་ཙམ་ལས། རྣམ་ཀུན་རང་གི་མདུན་ངོས་ནས་མིག་ཅེར་རེ་དང་ཁ་ཧོར་རེས་ཉན་བཞིན་པའི་བོད་ཀྱི་གཞོན་སྐྱེས་ཚོ་དང་རང་གི་བུ་རྒྱུད་ལ་དེ་ལས་འདས་པའི་སློབ་གསོ་ཞིག་སྟེ། ཁེ་ལས་གཉེར་བ། འཛུགས་བསྐྲུན་ཇུས་འགོད་ཀྱི་ཆེད་ལས་སྦྱོང་བ། ལས་རིགས་ལག་རྩལ་གྱི་སློབ་གྲྭ་གཉེར་བ། ཞིང་འབྲོག་གི་ཐོན་སྐྱེད་ཁྲོམ་རར་ཁ་ཕྱོགས་པའི་ལག་རྩལ་ཆེད་སྦྱོང་གི་ཆོད་སེམས་བརྟན་པོས་ཕ་ཡུལ་མི་དམངས་ཀྱི་འཚོ་བར་བདེ་སྐྱིད་བསྐྲུན་པ། ཐ་ན་རང་གི་མི་ཚེའི་སྐྱ་ཡ་ཡག་པོ་ཞིག་འཚོལ་དགོས་པ་སོགས་ཀྱི་སློབ་གསོ་ནི་ཉིན་མོའི་སྐར་མ་དང་རུལ་སྦལ་གྱི་སྤུ་ལ་གྲོས་ཁ་མཉམ་ཟིན་བལྟས་ཚོད་ཀྱི་གོ་བར་སླ།  སློབ་གཉེར་བ་དེ་དག་ཀྱང་གོ་སྐབས་གང་ཡོད་བཙལ་ཏེ་དགའ་རོགས་འཚོལ་བ་དང་དྲྭ་ཁང་ཉུལ་བ། ནང་མ་ཁང་དང་རོལ་རྩེད་ཁང་སོགས་ལ་གསེར་ལས་ལྷག་པའི་སློབ་གཉེར་གྱི་དུས་ཚོད་འདའ་ལ། སློབ་སྦྱོང་ཅུང་ཟད་བྱས་ཀྱང་ཡིག་རྒྱུགས་ཀྱི་སྐར་གྲངས་ཚད་ལོན་ཐབས་དང་གཞུང་ཞབས་ལས་ཞུགས་ཀྱི་རྒྱུགས་འཕྲོད་ཡོང་ཕྱིར་ཙམ་དུ་ཟད་ཅིང་། ཐ་ན་སློབ་ཆེན་པ་ཁག་ཅིག་གིས་སློབ་ཆེན་སྒོ་ཐེམ་བརྒལ་བ་ནས་མཐར་མ་ཕྱིན་བར་དུ་ལས་ཞུགས་ཡིག་ཚགས་གཅིག་པུར་ལྟ་བཞིན་ཡོད་པའི་གནས་ཚུལ་ཡང་ཉུང་ཉུང་གཏན་ནས་མ་རེད།

དེ་བཞིན་གྲོང་ཁྱེར་འདིའི་སློབ་གྲྭ་ཆུང་འབྲིང་ཁག་གི་སྒོ་འགྲམ་དུ་དཔེ་ཁུག་རང་ལུས་ལས་ཆེ་བ་ཞིག་ཁུར་ནས་འགྲོ་ཡོང་བྱེད་བཞིན་པ་ནི། བོད་སྐད་མི་ཤེས་པའི་དུས་རབས་ཉེར་གཅིག་གི་བོད་རིགས་སློབ་མ་དེ་དག་གོ། དེ་དག་བསུ་སྐྱེལ་ལ་རེམས་པའི་ཕ་མ་ཕལ་ཆེ་བ་ནི་ནར་མ་སྨིན་པའི་སེམས་ཁམས་ལ་གྲོང་ཁྱེར་གྱི་འཚོ་བའི་ཡམས་ནད་འགོས་པས་བོད་ཀྱི་ཡ་རབས་སྤྱོད་བཟང་དང་། མི་གཤིས་གཙང་མ། ལྷག་བསམ་རྣམ་དག་ཟེར་བ་སྔ་ས་ནས་ཤི་མིང་དུ་གྱུར་ཚར་བའི་ངན་རུལ་གྱི་ཤ་རྡོག་ཁ་མིག་དོད་པ་ཞིག་ལས། རང་གི་བུ་རྒྱུད་ལ་བཟང་སྤྱོད་ཀྱི་བག་ཆགས་འཇོག་ཐུབ་པའི་སྣང་བརྙན་ནི་གཏམ་རྒྱུད་ཀྱི་ཀློང་ན་ཐིམས་ཟིན། ལས་ཁུངས་ཆེ་འབྲིང་ཆུང་གསུམ་གྱི་སྒྲིག་ལམ་འོག་ཏུ་གཏན་ཁེལ་གྱི་དུས་ཚོད་ལ་བསྟུན་ཏེ། ཡིག་ཚགས་མང་པོ་བསྡུ་བསྒྲིག་བྱེད་ཞོར་ཐ་མག་འཐེན་འཕྲོ་གང་སར་གཡུགས་བཞིན་པའི་བོད་རིགས་ལས་བྱེད་ཁག་ཅིག་ནི། ཐོབ་ཆེན་དབང་ཆེན་ཚོར་ཁ་དགའ་ངོ་འཛུམ་གྱིས་སྤྲེའུ་ལད་འཁྲབ་པར་མཁས་ཤིང་། གྱོན་གོས་སྣུམ་དྲེག་གིས་ཚོས་ཀྱང་སེམས་ན་གཞུང་དྲང་གཤིས་བཟང་གི་མི་གཞི་བརྟན་པའི་ཞིང་འབྲོག་མང་ཚོགས་ཚོར་མཐོང་ཆུང་མཁས་པ། དེ་ཚོས་འགྲོ་ལུགས་གང་རུང་ཞིག་གཉེར་རྒྱུའི་ཐད་བཀའ་འདྲི་ཞུས་ཀྱང་ཨ་ལན་ཡག་པོ་ཞིག་དང་མཛུབ་སྟོན་ལེགས་པོ་ཞིག་མི་བྱེད་པར། སྦྲགས་སྐད་ཡ་མ་ཟུང་རེ་བཤད་དེ་སུན་སྣང་གི་རྣམ་འགྱུར་བསྟན་མཁན་ཚོ་ནི། ཁྲེལ་དང་ངོ་ཚ་མེད་པ། མི་གཞི་ཀུན་སྤྱོད་མེད་པ། ལས་ཀར་ལྷག་བསམ་མེད་པ། སློབ་སྦྱོང་ཡག་པོ་མེད་པ། ཏང་གི་དམ་བཅའ་དང་སྒྲིག་ཡིག་སྣང་མེད་དུ་བཏང་མཁན་གྱི་ལས་བཟོ་ཟོབ་རྫུན་ཁག་ཅིག་སྟེ། གཡོ་སྒྱུའི་ངོ་འཛུམ་ནས་ལས་འགོ་བཙུགས་ཤིང་མཐོ་བསྟོད་དམན་བརྙས་ནས་ལས་མཇུག་བསྡུ་འགྲོ་བའི་སྒེར་དོན་བ་འབའ་ཞིག་ལས། མེས་རྒྱལ་དང་མི་དམངས་ལ་ལྷག་བསམ་ཆུང་ལ། འགན་འཁྲིའི་འདུ་ཤེས་དབེན། ཁོ་ཚོའི་ཆེས་མཐའ་མཇུག་གི་དོར་ས་ཡང་གྲོང་ཁྱེར་འདིའི་སྲང་ལམ་གང་རུང་གི་ཨར་ཁང་དང་དུ་ཆང་གི་སྲིབ་ཏུ་ཡིན་པ་གོར་མ་ཆག།

གནས་འདིར་རིག་གནས་པའི་སྡེ་ཁག་ཟེར་བ་ལྷག་བསམ་གྱི་ཐུམ་ཤུན་མཛེས་པོས་མིང་གྲགས་དང་ཁེ་བཟང་སྦས་པའི་མི་སྣ་ཡང་དབྱར་གྱི་ཤ་མོ་ལྟར་བརྡོལ་བཞིན་འདུག  བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་ལྷག་བསམ་རྣམ་དག་གིས་ཕྱག་རྗེས་མི་དམན་པ་བཞགས་མྱོང་བའི་རྩོམ་པ་པོ་རྒན་གྲས་རེ་གཉིས་ཕུད། མང་ཆེ་བ་ནི་གཞུང་གཉེར་གྱི་ལོ་དེབ་ཐེབས་ཆག་རེ་འགའི་ནང་དུ་སྒྲིག་གཞི་ཆ་མ་ཚང་ཞིང་། དོན་སྙིང་གནད་མ་ཁེལ་བ། རྗོད་བྱེད་ལྷུ་ལག་མ་འགྲིག་པའི་རྩོམ་ཐུང་རེ་གཉིས་སྤེལ་ཨེ་ཐུབ་བལྟས་ནས་རྩོམ་པ་པོའི་ཆོ་ལོ་ཐོབ་རྒྱུར་དམིགས་པ་ལས། རྩོམ་རིག་སྒྱུ་རྩལ་ལ་གཏིང་ཚུགས་པའི་ཞིབ་འཇུག་དང་སློབ་གཉེར་མེད་པ། སྤྱི་ཚོགས་འཚོ་བ་ལ་གཏིང་ཟབ་པའི་ཉམ་མྱོང་དང་རྒྱུས་ལོན་མེད་པ། བོད་རང་གི་གནས་བབས་དང་འབྲེལ་བའི་གསར་རྩོམ་དགེ་ཐོན་པ་ཞིག་འབྲི་བའི་སྙིང་སྟོབས་དང་ཚོར་འདུ་མེད་པ། གྲུ་མ་སྙོམས་ཤིང་རུལ་དྲི་བྲོ་བའི་སྤྱི་ཚོགས་འདིར་དགག་སྒྲུབ་ཀྱི་བདེན་གཏམ་བརྗོད་པའི་སྨྲ་ལྕེ་དིག་པ། བུལ་ཐུག་དང་ཇ་མངར་མོའི་དྲི་མ། དུ་ཆང་གི་རྦ་རླབས་ཀློང་ཁྲོད་ནས་སྙན་ངག་དང་སྒྱུ་རྩལ་གླེང་མཁན་འབེལ་བ། སྒྲིག་སྲོལ་དང་ལམ་ལུགས་འཆད་མཁན་མང་བ། གཏམ་རྒྱུད་ཡ་མ་ཟུང་དང་བསྲེས་སྐད་ར་མ་ལུག་འཆད་དེ་དྭངས་གཙང་ཕ་སྐད་ཀྱི་མཁའ་དབུགས་ལ་ཚད་མཐོ་བའི་སྦགས་བཙོག་བཟོ་མཁན་གྱི་ཤེས་ཡོན་བའི་ཁྱུ་ཚོགས་ཤིག་བདག་སྒྲའི་ཆོ་ལོ་ཁོ་ན་གཉེར་བར་འབད་ས། དབུས་ཀྱི་ཉི་མ་ལྷ་ས། ཅི་འདྲའི་་་་།

མི་ཚོགས་རྦ་རླབས་བཞིན་གཡོ་ལ་འགྲན་རྩོད་ཁ་ཆར་ལས་རྒོད་པའི་གྲོང་ཁྱེར་འདིར་བརྒྱ་ཚོགས་སྟོང་འདུས་ཀྱི་ཁྲོམ་ར་ཡོད་ལ། མི་རིགས་འདྲ་མིན་གྱིས་ཐོན་རྫས་ལས་གྲུབ་པའི་དངོས་ཟོག་ཀྱང་བགྲང་གིས་མི་ལང་། གཞུང་ལམ་གཡས་གཡོན་གྱི་ཐོག་བརྩེགས་ཁང་ཆེན་དང་སྲང་ལམ་སོགས་སུ་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་ལྡན་པའི་ཟས་རིགས་མཁོ་འདོན་ཁང་དང་། བཟའ་བཏུང་ཁང་ཆེ་འབྲིང་ཆུང་གསུམ་ཅི་རིགས་ཡོད་པའི་སྦྱིན་བདག་མང་ཆེ་བ་ནི་མི་རིགས་གཞན་པ་རེད། དེ་དག་གི་ལས་གཡོག་དང་ཞབས་ཞུ་བ། སྐུ་མགྲོན། ཐ་ན་སློང་མོ་བ་ཡན་ཆད་བོད་རིགས་རེད། མི་རིགས་གཞན་གྱི་ཚོང་གཉེར་བ་ཚོས་སྤུས་ཚད་མ་ལོན་པའི་ཟས་རིགས་བཙོང་རུང་ཇི་མི་སྙམ་བཟའ་ཞིང་། ཚད་ལྡན་གྱི་གླ་ཆ་ཞིག་མ་སྟེར་ཡང་མགོ་བོ་སྒུར་ནས་མཇུབ་ཐེར་བཀོད། ཟས་འཕྲོ་ལྷུང་འཕྲོ་དང་གཙོག་ཆུ་ཡན་ཆད་ལས་བསྣོན་བྱས་ཏེ་བཟོས་པའི་ཁ་ཚ་ལྕེ་འབིག་གི་གད་སྙིགས་ཟས་རིགས།(垃圾食品)ཚོར་རིན་གོང་མཐོ་པོ་སྤྲད་དེ་གྲོང་བརྡལ་དང་གྲོང་གསེབ་ཏུ་འཁྱེར་ནས་དེ་ཚོར་བྲིན་ཁ་རྒྱུག་ཏུ་བཅུག་མཁན་ཡང་བོད་རིགས་རེད། 

ལྷག་པར་དབང་པོའི་སྒོ་ལྔ་ཚང་ཞིང་ཡན་ལག་ཡོད་ཚད་ལྡན་ལ། ལས་ཀར་ནུས་སྟོབས་མི་དམན་པའི་བོད་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་སྣུམ་དྲེག་གིས་ཚོས་པའི་བོད་ལྭ་རལ་པོ་རེ་གྱོན་ཏེ། མགོ་སྒུར་ལྕེ་མནར་ངང་མཐེ་བོང་གནམ་ལ་ཀེར་བཞིན་ཡུལ་སྐོར་བ་དང་གནས་འཇལ་བ། ཁྲོམ་ཉུལ་བ་སོགས་ཀྱི་སྒོར་ཁུག་ནས་སྒོར་ཟུར་ཡན་གྱི་དངུལ་ལོར་སློང་ལ་རེམ་བཞིན་པ་དང་། ཨར་ཁང་རྫིག་པོ་འགའི་འབོལ་ཁྲིའི་སྟེང་ནས་རྒྱ་སྒོར་ཁྲི་ཚོ་མང་པོ་རྒྱན་འཇོག་བྱ་ཞོར་ཉིན་མཚན་དབྱེ་བ་མེད་པར་དུ་ཆང་དང་ཤོ་སྦག་གི་ཀློང་ན་བག་མེད་རྒྱས་སྤྲོས་བྱེད་མཁན་དེ་ཡང་ཕལ་མོ་ཆེ་བོད་རིགས་རེད་ལ། ཁྲོམ་གཞུང་གི་སྲང་ལམ་གང་སར་ལས་མེད་འཁྱམ་ཉུལ་བྱེད་ཅིང་ནང་མ་ཁང་དང་ཨར་ཁང་། ཐ་ན་གཞང་ཁང་ཡན་ཆད་ཉུལ་ཏེ་ལོ་ཟླ་མང་པོ་ཕར་ལ་སྐྱེལ་མཁན་ཡང་བོད་རིགས་རེད།

སྤྱིར་ལྷ་སར་དཔེ་མཛོད་ཁང་དེ་ཙམ་ཕུན་སུམ་འཚོགས་པོ་ཞིག་མ་ཡིན་ནའང་གང་འཚམ་ཡོད་པ་སྟེ། ལྷ་སའི་དཔེ་མཛོད་ཁང་ཆེན་མོ་དང་ཤིན་ཧྭ་དཔེ་ཚོང་ཁང་ཁག་སོ་སོ། དེ་བཞིན་དཔལ་བརྩེགས་དཔེ་ཁང་དང་དགེ་ལེགས་དཔེ་ཁང་། ལྔ་རིག་དཔེ་ཁང་། གསར་དུ་བཙུགས་པའི་ང་དང་དཔེ་དེབ་སོགས་སྤྱི་སྒེར་གང་རུང་གིས་གཉེར་བའི་དཔེ་མཛོད་ཁང་ཡང་ཡོད་པ་རེད། དེ་དག་གི་ནང་དུ་ཚན་རིག་ཤེས་བྱའི་བསླབ་དེབ་དང་ཆབ་སྲིད་དཔེ་ཚོམས། སྲིད་གཞུང་གི་སྒྲིག་ཡིག  སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞི། ཚན་རིག་དང་འཕྲོད་བསྟེན་སྐོར། ཐ་ན་སོན་འབྲུ་འདེབས་སྟངས་དང་བྱ་ཕག་གསོ་སྟངས་སོགས་སྤྱི་ཚོགས་ཚན་རིག་གི་དཔེ་ཆ་ཕལ་ཆེ་བ་ནི་རྒྱ་ཡིག་ཡིན་པ་དང་བོད་ཡིག་གི་ལམ་ནས་བྲིས་པ་ཡང་རེ་ཟུང་ཙམ་མོ།། མཐོ་སར་བཞག་སྟེ་ཁ་ཡིག་ལས་གསེར་འོད་ལམ་ལམ་འཕྲོས་ཤིང་ནང་དུ་ཡིག་ཚོགས་སྟུག་པའི་དཔེ་ཚོམས་རྔམ་མཐུག་པོ་དེ་དག་ནི་བོད་ཀྱི་སྔོན་བྱོན་མཁས་པ་ཆེ་གེ་མོ་ཞིག་གི་གསུང་འབུམ་དང་ལེགས་བཤད་ཟེར་བའི་ཁ་བྱང་བྲིས་ཡོད་པ་ཙམ་གྱིས་དད་ལྡན་བ་ཚོའི་བ་སྤུ་གཡོ་བ་ཞིག་ཡིན་མོད་ཀྱང་། ང་ལྟ་བུའི་ལྟ་ལོག་པའི་ངོས་ནས་དུས་རབས་འདིར། དེ་དག་ནི་བཤམས་མཛོད་ཁང་ཞིག་ལ་བཞག་རྒྱུ་ཙམ་ལས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཡིག་ཚོགས་དེ་ཀློག་པའི་སེམས་ཤུགས་ཡེ་ནས་མ་སྐྱེས་ལ། རྣམ་ཀུན་དཔེ་ཀློག་ལ་དགའ་མཁན་ཚོས་ཀྱང་སྟབས་བདེ་ལ་ཁ་གསལ་གོ་བདེ་བའི་དེབ་ཆུང་ཁ་ཤས་ཉོས་ནས་ཐོན་འགྲོ། རྔམ་མཐུག་པའི་དཔེ་ཆ་དེ་རིགས་ཉོ་མཁན་ཤིན་ཏུ་དབེན་ཞིང་རེ་ཟུང་ཡོད་ཀྱང་དགོན་སྡེ་ག་གེ་མོའི་རྟེན་གསུམ་བཤམས་མཛོད་ཁང་དུ་སྒྲིག་རྒྱུར་དམིགས་ཏེ་ཉོ་བཞིན་ཡོད་པར་མངོན།

ལོ་ལྟར་ལོ་གསར་སྔ་གཞུག་ཏུ་ལྷ་སའི་ཁྲོམ་ལ་སྔར་ལས་འདུ་འགོད་དང་བྲེལ་ཟིང་ཆེ་ཞིང་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་གཙོས་ཕྱོགས་སོ་སོ་ནས་ཡོང་བའི་ཅ་དངོས་མཁོ་སྒྲུབ་པ་དང་། ཐོན་རྫས་མཁོ་འདོན་པ་སོགས་མི་ཚོགས་སྟུག་པོ་དེས་གྲོང་ཁྱེར་འདི་ཡོམ་ཡོམ་བསྒུལ་ཡོང་། འོན་ཏེ། དུས་ད་ལྟའི་བར་ཁོང་ཚོས་གྲོང་ཁྱེར་འདིར་ཐོན་རྫས་དེ་དག་གི་བཟོ་གྲྭ་ཚད་ལྡན་ཞིག་བཙུགས་ཐུབ་མེད་པའི་ཁར། རྣམ་ཀུན་གཏན་འཇགས་ཀྱི་ཁྲོམ་སྟེགས་ཤིག་ཀྱང་མེད་རྐྱེན་སྲང་ལམ་གྱི་འགག་སྒོ་དང་ལམ་འགྲམ་གྱི་རྡོ་གཅལ་སྟེང་སོགས་གནས་ངེས་མེད་ནས་ལོ་གསར་སྟ་གོན་གྱི་ཐོན་རྫས་དེ་རིགས་ཉོ་ཚོང་བྱས་ཀྱང་སྐབས་འགར་གྲོང་ཁྱེར་དོ་དམ་པས་འཇུ་བཟུང་དང་གཤེ་གཤེ། དངུལ་ཆད་སོགས་ཁ་རྡུང་ཅི་རིགས་ཐེབས་པ་འདིའི་ལེ་ཁག་དཀྲི་ས་ཞིག་གང་ན་ཡོད། ཤ་མར་ཐུད་གསུམ་དང་འབྲུ་སྙེ་ཆང་གསུམ་སོགས་ཅི་རིགས་ཤིག་བཙོང་བའི་དངུལ་ལོར་དེ་དག་རྫས་འགྱུར་རིགས་ཀྱི་བཟའ་བཅའ་དང་བཏུང་བྱར་བརྗེས་ཏེ་རང་ཡུལ་དུ་ལོག་དགོས་པ་འདི་ཡང་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་ལས་དབང་རེད་ཨང་།

ལོ་ངོ་འདི་དག་རིང་ངས་དབུས་ཀྱི་ཉི་མ་ལྷ་ས་ནས་མཐོང་ཐོས་ཡོད་ཚད་ཡིག་ངོས་སུ་ཕབ་ན་ཕལ་ཆེར་དེབ་གཟུགས་ལས་གྲུབ་པའི་དཔེ་ཆ་ཆེ་གྲས་ཤིག་ཆགས་རྒྱུ་རེད་ལ་ཡིག་ཚོགས་ཤིན་ཏུ་སྟུག་པའི་དཔེ་ཆ་དེས་ཀློག་པ་པོ་མང་པོར་ཉོབ་མདངས་ཤིག་ཀྱང་སྦྱིན་པར་ཐེ་མི་ཚོམ་པས་ད་ལམ་ངལ་གསོའི་བར་མཚམས་ཅུང་ཟད་བེད་སྤྱད་དེ་ཟིན་ཐོའི་ཚུལ་དུ་འདི་ཙམ་བྲིས་ནས་སྤེལ་བ་ཡིན།།
   
                                    ༢༠༡༦/༡༢/༢༧ཅུང་བཅོས་ཏེ་སྤེལ།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དབུས་ཀྱི་ཉི་མ་ལྷ་ས།

2017-12-28 གཟི་མིག་དགུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།