ཤར་ཀྱི་མི་དང་ནུབ་ཀྱི་ཁྱི་བསྡུར་པ།

ཨ་རིག་དགེ་མཐོང་།(སོག་རྫོང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-23

  སྤྱིར་ན་འགྲོ་བ་མི་དང་དུད་འགྲོ་ཁྱི་བསྡུར་ཞེས་པ་ཞིག་མཐོང་ན་ཀུན་པོ་གད་མོ་ཤོར་ནས་དང་ལེན་མི་ཐུབ་པ་ནི་བག་ཆགས་ཤིག་དང་རྟེན་གྱི་ཁྱད་པར། མི་ཡི་བསམ་བློའི་འདུ་ཤེས་ཡིན། འོན་ཀྱང་དུས་རབས་ཉེར་གཅིག་པའི་མཁའ་དབུགས་སུ་ཚན་རྩལ་དང་བརྡ་འཕྲིན་གྱིས་ཉི་འོད་འཕྲོས་པ་ནས། བློ་ཡུལ་ནས་འདས་པའི་དོན་དག་མང་བོ་ཞིག་ང་ཚོས་མི་འདོད་ཀྱང་མིག་ལམ་དུ་འཆར་ལ། མ་བསམ་པའི་བདེ་སྐྱིད་ཁ་ཤས་འབད་མི་དགོས་པར་རང་རང་གི་ཉེ་སར་འབྱོར་ནས་འཚོ་བའི་ནང་ནས་ལོངས་སུ་སྤྱོད་ཆོག་པར་གྱུར། དེ་བས་ཀྱང་ང་ཚོའི་ཁ་ལ་བྱང་ཞིང་ཡིད་དུ་དྲན་པའི་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཅེས་འབོད་པ་ལ་ཡང་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཤར་གྱི་མི་དང་ནུབ་ཀྱི་ཁྱི་ཡིས་འཚོ་བ་རོལ་སྟངས་ནས་ཀྱང་ང་ཚོས་གསལ་བར་ཤེས་སླ་སྟེ། གློག་བརྙན་དང་དྲ་ལམ། གསར་ཤོག་བཅས་ནས་བསྒྲགས་པ་དང་མཐོང་བ་དང་ཐོས་པ་ཙམ་མིན་པར་བདག་གིས་དངོས་སུ་མཐོང་བ་དག་དཔེ་ལ་དྲངས་ནས་གླེང་ན། ཡོ་རོབ་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཧྥ་ཀོའམ་ཧྥ་རན་སི། དིལ་ཀོའམ་འཇར་མུན། ཞིས་པན་སི་པན། པེ་ལས་ཧྲིའམ་སྦེལ་ཇམ། ཕོ་ཅི་རྒན། དེ་བཞིན་ཅ་ན་ཏའམ་ཁེ་ན་ཌ་སོགས་སུ་ཐེངས་འགའ་རེ་སོང་མྱོང་། ཡུལ་དེ་གར་ཁྱི་ལྡོམ་ཟེར་བ་མིག་གིས་མཐོང་རྒྱུ་ཕར་ཟད་རྣ་བས་ཀྱང་ཐོས་དཀོན་པ་ཞིག་རེད། ཁྱི་བདག་ཉར་བྱེད་མཁན་ལ་གླ་ཆའམ་ཟླ་ཕོགས་ཡོད་ལ། མི་ཕལ་ཆེ་བས་ཁྱི་ལ་མིའི་མིང་རེ་བཏགས་ནས་ཁྱིམ་མིའི་འདུ་ཤེས་འཛིན། ཁྱེད་ཚང་ལ་ཁྱིམ་མི་ག་ཚོད་ཅིག་ཡོད་དྲིས་ན། མི་རེ་རེ་ངོ་སྤྲོད་ཀྱི་རྗེས་སུ་ཁྱི་ཡི་མིང་ཡང་བཤད་ནས་ངོ་སྤྲོད་བྱེད། ཁྱི་ནི་བོད་ལྟར་སྒོའི་ཕྱི་ལོགས་ཤིག་ཏུ་ལྕགས་ཐག་སྐེ་ལ་བསྐོན་ནས་བཏགས་ཤིང་ཟས་ལྷག་འཐུང་ལྷག་ལྡུད་རྒྱུ་དེ་འདྲ་ཞིག་གཏན་ནས་མིན། མི་དང་ཁྱི་ཡི་ཁ་ཟས་ཁ་ཁ་སོ་སོ་ཡིན་ལ། དམིགས་བསལ་ཁྱི་ལ་བཟོ་གྲྭ་ཚད་ལྡན་ནས་ཐོན་པའི་ཟས་རིགས་སྣ་ཚོགས་དགོས་ལ། དེ་དག་ཉོ་སའི་ཚོང་ཁང་ཡང་ཟུར་དུ་ཡོད་ལ། རྒྱ་ཆེ་བའི་ཚོང་ཁང་ལ་མཚོན་ན། གྲོང་ཁྱེར་དུ་འགྲོ་མ་མྱོང་བའི་འུ་ཚང་གི་རོང་འབྲོག་ཚོས་མཐོང་ན་ཡུད་ཙམ་ལ་ཧད་ནས་འདུག་པར་གདོན་མི་ཟའོ།། དེ་བས་ཀྱང་ཁྱི་གླིང་ཀའམ་སྤྲོ་གསེང་དུ་བདུན་རེའི་ནང་དུ་འཁྲིད་དགོས་ཤིང་། ཁྱིའི་གླིང་ཀའམ་སྤྲོ་གསེང་བྱ་ཡུལ་དུ་གད་སྙིགས་ཕར་ཟད་མེ་ཏོག་དང་སྔོ་ལྡེམ་ལྡེམ་གྱི་རྩྭ་ཐང་གཙང་མ་ཞིག་ཡིན། ད་དུང་ཁྱི་ཡི་གཟུགས་པོ་བཀྲུ་དགོས་ལ་ཉལ་གདན་དང་བཅས་པ་གཙང་ཉར་བྱེད། ཁག་ཅིག་གིས་ཁྱི་སློབ་གྲྭར་མངགས་ཤིང་ཁྱི་སྨན་ཁང་དུ་ཁྲིད་ནས་བརྟགས་དཔྱད་ནི་གོམས་གཤིས་ཡིན་ལ་ཁྲིམས་ལུགས་ཀྱང་ཡིན། འདིར་ངས་གཙོ་བོ་ཁྱི་དཔེ་རུ་བཟུང་སྟེ་གླེང་བ་ལས་སྲོག་ཆགས་གཞན་པར་ཡང་བདག་ཉར་བྱེད་སྟངས་སོགས་འདྲ་མཚུངས་མང་། དེས་ན་ཁྱི་དང་འབྲེལ་བའི་དངོས་བྱུང་གཏམ་རྒྱུད་ཅིག་གིས་ཁྱིའི་སྐོར་མཇུག་བསྡུ་ཡ། ཉིས་སྟོང་བཅུ་བཞིའི་ལོར་ཡིན་བསམ། ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་ལ་ཚོགས་འདུ་ཆེ་བ་ཞིག་ལ་ཞུགས། ཕྱིར་ཡོང་སྐབས་སི་པན་རྒྱལ་ཁབ་ཀྱི་གནམ་ཐང་ཞིག་ནས་ངྷོས་བྷ་ཡི་གནམ་ཐང་དུ་འགྲོ་དུས་ངའི་ཉེ་འཁྲིས་ཀྱི་རྐུབ་སྟེགས་སུ་རྒྱ་མོ་ཞིག་བསྡད་བྱུང་། ངེད་གཉིས་བར་ན་ངའི་རོགས་པའམ་ལས་ཁུངས་ཀྱི་མི་གཅིག་ལས་མེད། གནམ་གྲུ་འཕུར་བ་ནས་བཟུང་རྒྱ་མོ་དེ་ངུས་ནས་མིག་ཀྱང་དམར་པོར་གྱུར་འདུག རྒྱལ་ཁབ་ནས་རྒྱལ་ཁབ་བར་དུ་འགྲོ་བའི་གནམ་གྲུ་ཡིན་པས་མི་ཤོང་ཚད་མང་ཞིང་ཞབས་ཞུའི་རྣམ་འགྱུར་དང་ཟས་རིགས་ཀྱང་ཤིན་ཏུ་བཟང་། ཞབས་ཞུ་བ་ཚོ་མོའི་འགྲམ་དུ་ཡོང་སྟེ་གང་ཡག་གང་ནུས་ཀྱིས་མོ་ལ་སེམས་གསོ་ལྟ་བུ་བྱས་ཀྱང་ཕན་འབྲས་མེད་པར་གྱུར། དེ་ནས་ངས་རོགས་པ་ལ་དོན་དག་ཅི་བྱུང་དྲིས་ཞེས་བཤད། ཁོས་མོ་ལ་དབྱིན་སྐད་ཀྱིས་གུས་ཞབས་དང་བཅས་པའི་སྒོ་ནས་ཁྱེད་ལ་དོན་ཅི་བྱུང་བཤད་ན་ཆོག་གམ་ཞེས་དྲིས། མོས་དབྱིན་སྐད་ཀྱིས་ལན་སྤྲད། དེ་ནས་རྒྱ་སྐད་ཀྱི་ལམ་ནས་ཁོང་གཉིས་ཀྱིས་གླེང་མོལ་བྱས་པ་ན། ཏོག་ཙམ་མོའི་སེམས་ཀྱི་སྡུག་བསྔལ་སེལ་སོང་བ་ལྟ་བུའི་རྣམ་པ་མངོན་ཞིང་། མོས་ང་ལ་ཧ་ཅང་གི་གུས་ཞབས་དང་ལྡན་པའི་སྒོ་ནས་ཁྱེད་ཀྱིས་ཐུགས་སྨོན་སྐྱབས་འཇུག་ཡག་པོ་ཞིག་གནོངས། ཁོ་ཚང་གི་ཁྱིམ་ན་ཁྱི་ཕྲུག་གཉིས་ཡོད་ལ། ནང་མི་དང་བརྩེ་འདང་ཧ་ཅང་ཆེ། འོན་ཀྱང་ཁ་སང་གློ་བུར་དུ་ཁྱི་ཕྲུག་ཅིག་ཚེ་ལས་འདས་སོང་བས་ཕ་མ་གཉིས་སེམས་སྐྱོ་བ་མ་ཟད་ང་ཡང་སྡུག་བསྔལ་གྱི་ནང་དུ་ལྷུང་། མོ་སི་པན་རྒྱལ་ཁབ་ཏུ་སློབ་གྲྭར་ཡོང་བ་ཡིན། དེ་རིང་དགོངས་པ་ཞུས་ནས་འདས་མཆོད་སྒྲུབ་ཏུ་འགྲོ་བ་ཡིན་ཟེར། དེས་ན་འདང་རྒྱོབས་དང་རྒྱལ་ཁབ་ནས་རྒྱལ་ཁབ་ཏུ་ཁྱི་ལ་འདས་མཆོད་སྒྲུབ་པར་འགྲོ་བ་དང་། སྐྱོ་གདུང་དང་ན་ཟུག་དངོས་གནས་ཤིག་སྐྱེས་ནས་རྒྱུ་དང་འབྱོར་བའི་འགྲོ་གྲོན་ཕར་ཟད་དུས་ཚོད་དང་སློབ་སྦྱོང་ཡང་བཞག་པ་འདིས་ཁྱི་ལ་བཟུང་བའི་འདུ་ཤེས་རྟོགས་ཐུབ།འུ་ཚང་ལ་མཚོན་ན་སོ་སོའི་ཁྱིམ་མི་ཞིག་འདས་གྲོངས་སུ་སོང་ན་ཡང་སེམས་སྡུག་དེ་འདྲ་དང་བཅས་པའི་ཡོང་མི་ཐུབ་མིན་བཤད་དཀའོ།།

  གནམ་གྲུའི་འཕུར་བསྐྱོད་མྱུར་བས་སྐད་ཅིག་དེ་ཉིད་དུ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཏུ་བསླེབས་སོང་། ལྷག་ཏུ་ཕྲན་གྱི་ཕ་ཡུལ་གཉིས་པ་རྒྱ་གར་གྱི་གནམ་ཐང་དུ་འབྱོར་ཏེ་གླ་གཏོང་རླངས་འཁོར་གླས་ནས་བོད་མིའི་གཞིས་སྒར་མ་ཅིག་ཌི་ལའི་ལམ་དུ་ཞུགས། ལམ་འགྲམ་གྱི་ཟམ་པ་དང་སྲང་བར་བཅས་སུ་ཚ་བ་ཤིན་ཏུ་ཆེ་བའི་ཁྲོད་དུ་སྤྲང་པོ་ཉམ་ཐག་མང་བོ་ཞིག་བསྟར་ལ་བརྒྱུས་ནས་ཉལ་ཞིང་། མིག་ཟུང་ལས་མ་ཤི་ཙམ་གྱིས་རྣམ་པ་སྟོན་པ་ལ་གཞིག་ན། ཤར་གྱི་མི་ལ་སྡོད་གནས་དང་ལྟོ་རྒྱབ། ཟས་ཆུ་བཟའ་བཏུང་གི་དཀའ་ངལ་གྱིས་མནར་བ་རིག་ན། ནུབ་ཕྱོགས་ཀྱི་ཁྱི་ཡི་འཚོ་བ་དང་གཏན་ནས་བསྡུར་ཐབས་བྲལ་བ་རྟོགས་ཤིང་། སྔོན་ཐོན་དང་ཡར་རྒྱས་ཅན་གྱི་རྒྱལ་ཁབ་ཅེས་པའི་གོ་དོན་ཡང་འཚོ་བའི་ནང་ནས་དངོོས་སུ་མིག་གིས་མཐོང་ནས་ཡིད་ཀྱིས་ངེས་པ་རྙེད་སོང་། སྤྱིར་ན་རྒྱ་གར་རྡོ་རྗེ་གདན་གྱི་གཡས་གཡོན་གྱི་སྤྲང་བོའི་གྲངས་ཀ་བློ་ཡུལ་ལས་འདས་ཤིང་། རྒྱ་ནག་དུ་ཡང་སྤྲང་བོ་མང་ལ།བོད་ཀྱི་ས་ཆར་ཡང་མི་ལྡོམ་དང་ཁྱི་ལྡོམ་ཧ་ཅང་མོད། ངའི་ཕ་ཡུལ་དུ་མཚོན་ན་ཡང་དཀར་མཛེས་ས་ཁུལ་ནས་ཡིན་ཟེར་བའི་སྤྲང་བོ་སྤྱད་བཙོག་ཇག་པ་ལྟ་བུ་འདྲ་བོ་ཚོ་དྲན་བྱུང་། ཤར་ཕྱོགས་ཀྱི་རྒྱལ་ཁབ་ནང་ནས་རྒྱ་དཀར་ནག་གཉིས་ནི་མི་གྲངས་ཀྱི་ཆ་ནས་འཛམ་གླིང་གི་རྒྱལ་ཁབ་བཅུ་ཡི་ནང་ནས་ཨང་གཉིས་པ་དང་གསུམ་པར་ཟིིན་ཡོད་ལ།ཤེས་རིག་དང་དཔལ་འབྱོར་ཐད་ནས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་ལས་བཟང་ཤོས་སུ་བརྩི་ཆོག རྒྱ་གར་ལ་མཚོན་ན་དབུལ་ཕྱུག་དོ་མི་མཉམ་ཞིང་ཕྱུག་བདག་གི་ཆ་ནས་འཛམ་གླིང་གི་ཨང་གཉིས་པ་དང་གསུམ་པར་བསླེབས་པའི་མི་སྒེར་བ་ཡོད་ལ། དབུལ་བོའི་ཕྱོགས་ནས་ཟམ་པའི་འོག་དང་སྲང་བར་ན་འཆི་བ་ལ་སྒུག་པའི་མི་ག་ཚོད་ཅིག་ཡོད་རྒྱུས་མངའ་ཅན་ཚོར་གསལ་གསལ་ཐིང་ཐིང་ཡིན། རྒྱ་ནག་ལ་མཚོན་ན་ཕྱོགས་ཡོང་ནས་དབུལ་ཐར་དང་འབྱོར་འབྲིང་དུ་བསླེབས་ཡོད་ལ་དགོས་ཞེས་གཙོ་འཛིན་གྱིས་གསུངས་ཤིང་གསར་འགྱུར་ལས་བསྒྲགས་སོ།། འོན་ཀྱང་སྤྲང་བོ་ཡོད་མེད་དང་མི་ལྡོམ་དང་ཁྱི་ལྡོམ་ནི་ང་ཚོ་རང་གཞན་སུ་ཡི་མདུན་རྒྱབ་ཏུ་མཐོང་ནུས་པ་དེ་རེད། དེས་ན་རྟེན་གྱི་ཆ་ནས་མི་ལུས་རིན་པོ་ཆེ་ནི་དལ་བརྒྱད་འབྱོར་བཅུ་ཚང་ཞིང་།མི་ལུས་ཐོབ་དཀའ་བ་བླ་མ་དང་མཁས་པས་ཡང་ཡང་གསུངས་ཤིང་ཆོས་ལྡན་བོད་དུ་སྐྱེས་ཡོད་པས་ཀུན་གྱིས་ངེས་པ་རྙེད་མེད་ཀྱང་ཐོས་ཡོད་པ་དོན་དངོས་ཡིན། ཁྱི་ལ་མཚོན་ན་མི་དང་འགྲན་རྒྱུ་ཕར་ཟད་དུད་འགྲོའི་ནང་ནས་ཀྱང་ཆེས་ཐ་ཤལ་དུ་བརྩི་ཞིང་སྡིག་དམོད་ཀྱིས་ཚིག་གི་མཚོན་ཆས་བསྣུན་པ་ལ་གྲངས་ཤིག་མེད། འོན་ཀྱང་རྒྱལ་ཁབ་དང་རྒྱལ་ཁབ་མ་འདྲ་ཞིང་།མི་དང་མིའི་བསམ་བློ་མ་གཅིག་པས་འཚོ་བའི་ཐད་ནས་མི་ལས་ཁྱི་ལ་བདེ་སྐྱིད་ལྡན་པ་ལྟ་བུ་རེ་མཐོང་རྒྱུ་ཡོད་པ་དེའོ།།

  མཐའ་སྡོམ། ནུབ་ཕྱོགས་ཀྱི་སྔོན་ཐོན་ཅན་གྱི་རྒྱལ་ཁབ་དེ་དག་གིས་གཙོ་བོ་ཁྲིམས་བརྩི། དེའི་རྒྱུ་མཚན་ཡིག་རྨོངས་པ་མེད་པས་ཁྲིམས་ལུགས་ཀྱི་འདུ་ཤེས་དང་འགན་འཁྲི་བྱིས་གསོ་ཁང་ནས་སློབ་མཐར་ཕྱིན་པའི་བར་དུ་སྦྱངས་ཤིང་བསླབས་པས་ཤེས་ཡོད། ད་དུང་མི་རེ་རེ་ནས་རང་བརྩོན་གྱིས་འབད་པའི་རྒྱུ་དངོས་བཙལ་རྒྱུ་ལས་ཕ་མ་དང་ཁྱིམ་ཚང་གིས་གསོག་དངུལ་ལ་རེ་བ་གཏན་ནས་མི་རྒྱག ལོ་བཅོ་བརྒྱད་ལོན་པ་ནས་རྒྱལ་ཁབ་ཀྱི་ངོས་ནས་མི་སོ་སོ་ལ་ཐོབ་ཐང་ལག་ཁྱེར་ཡོད་ན། ཁང་བ་ཉོ་བ་དང་རླངས་འཁོར་ཉོ་བ་སོགས་རང་ངོས་ནས་སྒྲུབ་ཆོག ད་ལྟའི་རྒྱ་ནག་ལ་མཚོན་ན་ལས་བྱེད་དག་གི་འགྲོ་སྟངས་དེ་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ལ་མཚོན་ན་མི་སྒེར་བ་ལ་ཡོད་པས་ན།མི་སུ་ཡིན་རུང་འཇོན་ཐང་ངོམ་པའི་གོ་སྐབས་ཡོད། ལས་བྱེད་ཚོ་ལས་ཞིང་གྲོང་དམངས་ཚོགས་ཕྱུག་པ་དང་།མི་སྒེར་བའི་ནང་དུ་ཁྱིམ་གཅིག་ལ་གནམ་གྲུ་འགའ་རེ་ཅན་མང་། དུས་རྒྱུན་དུ་མི་སོ་སོའི་བསམ་བློའི་ཁྲོད་དུ་ལས་བྱེད་ལ་མཐོང་ཆེན་མི་བྱེད་པར་རང་ཉིད་ཀྱིས་འབད་ནས་དཔལ་འབྱོར་གསོག་ནས་ཕྱུག་བདག་ཏུ་གྱུར་བ་ལ་ཡི་རང་བྱེད། དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱི་བསམ་བློ་བཅས་གླེང་རྒྱུ་མང་ཡང་ཡིག་ཚོགས་སྐྱུང་ཕྱིར་མ་བྲིས། རྒྱ་ནག་དཀར་གྱི་མིའི་བསམ་བློ་དང་འཚོ་བ་མི་གླེང་འུ་ཅག་གིས་གང་འཚམ་ཤེས།

  འོན་ཀྱང་དགོས་དབང་གིས་རང་རིགས་བོད་མིའི་འཚོ་བ་དང་བསམ་བློ་ཏོག་ཙམ་གླེང་འདོད་བྱུང་། བོད་པའི་ལོ་རྒྱུས་གླེང་མི་དགོས་ཡིག་ཚགས་སུ་ཡོད་པས་མིག་ལྡན་ཚོས་མཐོང་ཞིང་ཤེས་ཡོད་ལ།མིག་སློང་བ་ཚོས་ཀྱང་གོ་ཡོད་ངེས། ད་ལྟའི་གནས་བབ་ནས་གླེང་ན།བོད་ནི་ཤར་ནུབ་ཕྱོགས་བཞིར་གྱེས་ཤིང་བླ་མ་གཅིག་གིས་ཤི་རུ་མ་བཅུག་པའི་ཚད་ན་ཡོད། དེ་བས་རྒྱལ་ཁབ་གཞན་གྱིས་རོགས་སྐྱོར་ལ་མིག་ཟུང་ཅེར་ནས།ལྟོ་རྒྱབ་འགྲིག་ཙམ་བྱུང་ན་གྲུབ་མཐའ་དང་ཆོས་ལུགས་རྩོད་གླེང་། ཆོལ་ཁ་དང་ཡུལ་ལུང་གིས་གཡུལ་བཤམས་ནས་ཁྱོད་ཤི་ང་གསོན་གྱི་འཐམ་འཛིང་ལ་དགའ་བའི་མི་རིགས་ཤིག་ཡིན། འདས་ཟིན་པའི་མེས་པོ་སྙིང་སྟོབས་ཅན་དང་ཐབས་བཀོད་ཅན་དང་སྡུག་རུས་ཅན་ཚོའི་བྱ་བཞག་གིས་ད་ལྟའི་འུ་ཅག་བསྟོད་མི་འོས་ལ། ད་ལྟའི་འུ་ཅག་གི་དཔའ་ཞུམ་བག་འཁུམ་འདིས་ཀྱང་མེས་པོ་ཚོ་སྡར་མ་རུ་འགྲེལ་མི་ནུས། ད་ལྟ་ཡང་དགོན་སྡེ་དང་ལྷ་སྡེའི་ནང་དུ་མི་རིགས་ཀྱི་འདུ་ཤེས་བླ་ལྷག་མཆིས་ཤིང་དང་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་གཙིགས་སུ་འཛིན་པའི་རླབས་ཆེན་གྱི་མི་སྣ་མང་ཡང་། དེ་དག་ལ་ང་ཚོས་བསྟོད་བསྔགས་མི་དགོས་པར་ལོ་རྒྱུས་ཀྱི་ཁྲོད་ནས་བདེན་པ་དང་གནས་ལུགས་ཀྱིས་གཟེངས་རྟགས་དང་བསྟོད་བསྔགས་རང་བཞིན་གྱིས་ཐོབ་ངེས་པས་ན་དེའི་ལྷག་གི་བསྟོད་བསྔགས་ཤིག་ག་ལ་དགོས། འུ་ཚང་གི་མི་གཤིས་དང་སྐད་ཡིག ནང་བསྟན་གྱི་ཆོས་ལུགས་བཅས་ལ་བསྟོད་བསྔགས་བྱེད་ཀྱིན་པའི་ཤར་ནུབ་ཀྱི་མི་བུ་ཁག་ཅིག་ཡོད། དེ་ནི་དགོས་དབང་དང་ཆབ་སྲིད་པས་བཤད་སྟངས་ཤིག་ཡིན་པ།གློ་བུར་གློ་བུར་གྱི་འགྱུར་བ་ལ་ལྟོས་དང་ཤེས་སླ། འོན་ཀྱང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ཅིག་ཏུ་ཁོ་ཚོའི་འདོད་པ་སྐོང་ཕྱིར་ཏུ་སོང་བའི་བླ་སྤྲུལ་མང་བོ་ཞིག་ཡོད། དེ་དག་གིས་སྐབས་དེའི་མི་དང་ཉིན་དེར་འུ་ཚང་ལ་བསྟོད་བསྔགས་དེ་ཁྱེར་ནས་ཡོང་སྟེ། བོད་ནང་དུ་གཏམ་བཤད་དང་ཆོས་བཤད་ཀྱི་སྐབས་སུ། བོད་པ་ཚང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས། ནུབ་ཕྱོགས་སྔོན་ཐོན་ཅན་གྱི་རྒྱལ་ཁབ་དག་གིས་སྨོན་ཡུལ་དུ་འགྱུར་འདུག་ཅེས་སྒྲོགས་ཀྱིན་པ་ནི། མིག་གིས་ལྷམ་སྣེ་ལ་བལྟས་ནས་སེམས་ཀྱིས་འཛམ་གླིང་གླེང་བའི་དགོད་གཏམ་མམ་དོན་དངོས་དང་མི་མཐུན་པ་ཞིག་ཡིན། དེ་ལ་ཡིད་ཆེས་ཤིང་ཧང་སངས་པ་ཚོ་ནི་དོན་ལ་ལྟ་རྒྱ་ཐོས་རྒྱ་མཐོང་རྒྱ་མེད་པ་ར་སྤྲད་པ་ཞིག་ལས་ཅི་ཡང་མིན། གནད་འདིས་འུ་ཚང་གི་མི་མང་བོ་ཞིག་མགོ་འཐོམས་ཤིང་ཡིད་རྨོངས་པར་བྱེད་པར་གྱུར་བ་ཤེས་མེད། ཅིས་ཀྱང་དེང་གི་ཚན་རྩལ་དང་བརྡ་འཕྲིན་ལ་ཁེན་ཏེ་རྨོངས་པ་འདི་ལས་ཐར་དུ་ཆུགས་དང་། དེ་ནས་དོན་དག་མང་བོ་ཞིག་རིམ་གྱིས་ཤེས་པས་ན། ཁྱེད་ཀྱིས་འུ་ཚང་གི་ངོ་གདོང་ངོ་མ་དེའམ་དངོས་གནས་མཐོང་ཐུབ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་ཚོ། བདག་གིས་གོང་གསལ་གྱི་དོན་གནད་འདི་དག་མིག་གིས་མཐོང་ཞིང་སེམས་ཀྱིས་ཤེས་ནས་བཤད་པ་མ་གཏོགས། དཔེ་དེབ་དང་གློག་བརྙན། མཁས་པ་དང་གསར་འགོད་པའི་སྐད་ཆ་དག་རླུང་ལ་སྤུར་ནས་རང་རིགས་བསླུ་འདོད་པ་ཞིག་མིན་པ་ཤེས་པར་གྱིས།

 ཕྱི་ལོ. ༢༠༢༠ ཟླ ༢ ཚེས ༢༩ ཉིན་རིས་མེད་ཀྱི་དགོན་སྡེ་མང་བོས་དགུ་ཟློག་འཕེན་བཞིན་པའི་དུས་འདིར་ཨ་རིག་དགེ་མཐོང་གིས་ཀྱང་དགུ་ཟློག་ལྟ་བུའི་ཚིག་འདི་བོད་གངས་ཅན་གྱི་སྤུན་ཟླ་ཡོངས་ལ་སྤྲིངས།
 
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤར་ཀྱི་མི་དང་ནུབ་ཀྱི་ཁྱི་བསྡུར་པ།

2020-02-23 ཨ་རིག་དགེ་མཐོང་།(སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།