ཨ་ཕ། ཁྱོད་རང་བློ་བདེ་བོར་བཞུགས་དང་།

གླིང་རྒྱ་པདྨ་རས་པ།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-11-29

  2018ལོའི་ཟླ་8པའི་31ཉིན་གྱི་ཞོགས་པར། གློ་བུར་དུ་ང་ཚོ་ལ་ཅི་ཡིན་འདི་ཡིན་མེད་པར་འཚེར་སྣང་ཞིག་སྐྱེས་སུ་བཅུག དེ་ནི་སྐབས་དེར་ཨ་ཕའི་དྲན་པ་ཉམས་པར་ཕྱོགས་ཤིང་། ཉིན་གང་བོར་ངག་གི་ལབ་རྡོལ་དང་སེམས་ཀྱི་འཕོ་འགྱུར་སོགས་རིག་པ་གཞན་ཞིག་གི་ངོ་བོར་འགྱུར་འགོ་བརྩམས་པས་ཡིན། དེའི་རིང་ལ་ཨ་མ་དང་ངེད་མིང་སྲིང་རྣམས་ཀྱིས་སེམས་ཀྱི་སྡུག་བསྔལ་མ་བཟོད་པར་ངོ་མདངས་འགྱུར་བ་དང་མིག་ཆུ་ཡང་དབང་མེད་དུ་ཤོར། བར་སྐབས་དེར། ཨ་ཕ་ཁུལ་སྨན་ཁང་ནས་ཞིང་ཆེན་སྨན་ཁང་དུ་འཁྱེར་འགོ་བརྩམས།

  ང་རང་ཡིད་ཆེས་ཀྱིས་བསླངས་ཏེ་དགོན་པར་བསྐྱོད། ཤི་གསོན་གང་ལ་ཐུག་རུང་སེམས་ཀྱི་རེ་ཡུལ་ཉག་གཅིག་ཏུ་གྱུར་བའི་བླ་མ་གྲྭ་ཚང་ལ་སྐྱབས་འཇུག་ནན་ཏན་ཕུལ། ཉིན་གང་བོར་འདི་ལྟར་བརྒྱུགས་བརྒྱུགས་མཐར། ས་རུབ་ལ་ཉེ་བའི་དུས་འདིར་ཨ་ཕ་ཟི་ལང་དུ་འབྱོར་འདུག ཨ་མས་སེམས་སྐྱོ་སྐྱོ་ངང་ལམ་བར་ནས་མྱངས་པའི་དཀའ་ངལ་རྣམས་བཤད་རྗེས། ང་ཡང་སེམས་སྐྱོ་སྐྱོ་བོར་གྱུར། ཅུང་ཙམ་འགོར་རྗེས་བརྟག་དཔྱད་ཀྱི་མཇུག་འབྲས་གོ གསོན་ལ་རེ་བ་གཤག་བཅོས་དང་། མཇུག་འབྲས་ཡོད་ཚད་ང་ཚོས་འགན་ཁུར་དགོས་པ་ལས་ “སྨན་པ་ཚོས་འགན་ཅི་ཡང་མི་ཁུར་” ཟེར་བའི་གཏམ་དེས། ང་རང་ཨ་ཕ་དང་ལྷན་འཛོམས་ཀྱི་ལས་སྐལ་ཡོངས་སུ་ཟད་སོང་སྙམ་པའི་སྣང་བ་ཞིག་ངང་ངམ་ཤུགས་ཀྱིས་སེམས་ལ་འཁོར་དུ་བཅུག

  ས་རུབ་རྗེས་ཕ་ཁྱིམ་འདི་ཁུ་སིམ་མེར་ལུས་འདུག ང་རང་གཅིག་པུ་ཅི་བྱ་གཏོལ་མེད་ངང་དཀར་འོད་ལ་ཅེར་ནས་དུས་ཚོད་བརྒྱད་ལྷག་མཚན་ལམ་དུ་ཟད། དེའི་ཚོད་ལ་ཁར་པར་གྱི་ཤུགས་རིང་དང་མཉམ་དུ་ཨ་ཕའི་གནས་ཚུལ་ཁྱེར་ནས་སླེབས་བྱུང་། རྣ་བས་ཞིབ་ཏུ་བླགས་པ་ན་ཨ་ཕ་མྱུར་སྐྱོབ་ཁང་དུ་ཡོད་ཚུལ་དང་གྲགས་འགུལ་ཅི་ཡང་མེད་ཚུལ་སོགས་བརྗོད་འདུག ང་རང་གཉིད་ལྕོག་ཡུད་ཙམ་བརྒྱབ་རྗེས། ཉི་མ་ཤར་ལས་འཕྲོས་ཤིང་ཉི་འོད་ཁྱིམ་དུ་ཕོག བལྟས་ཚོད་ལ་སྔར་གྱི་ངང་ཚུལ་ལས་མ་འདས་ཀྱང་དོན་ལ་བྲང་ཁོག་གི་གློ་སྙིང་མཆིན་གསུམ་འཁྱག་སིབ་སིབ་ཏུ་གྱུར་འདུག ཨ་ཕ། ང་རང་ཡིད་སེམས་སྐྱོ་གདུང་གིས་བསླེས་པའི་ན་ཟུག་ཁྲོད་ཡར་ལངས་པ་ན་ཁྱོད་ཀྱི་ཁ་སང་གི་བྱ་བ་དག་མིག་ལམ་དུ་ཤར་བྱུང་། དྲན་སེམས་ཀྱི་ཡོལ་བར་ཁྱོད་ཀྱི་གཟུགས་བརྙན་ལྷམ་མེར་བརྡལ་བྱུང་།

  ཡང་བསྐྱར། ཁ་པར་གྱི་འབོད་བརྡ་གྲགས་པར་བླགས་ཚེ་ད་དུང་གྲགས་འགུལ་ཅི་ཡང་མེད་པར་མྱུར་སྐྱོབ་ཁང་དུ་ཡོད་པ་དང་། སྨན་པས་བཤད་རྒྱུར། “གཤག་བཅོས་ལེགས་གྲུབ་བྱུང་སོང་། ཕྱི་དྲོར་ཐུག་འཕྲད་བྱས་ཆོག་ཟེར།” ཞེས་པ་ཨ་མའི་ངག་ལས་གོ སྐབས་དེར་ཨ་ཕ་སྨན་པའི་བཀའ་དྲིན་དང་། བླ་མའི་ཐུགས་རྗེ་སོགས་ཀྱིས་ཚེ་གེགས་ལས་ཐར་ཞིང་འཚོ་གནས་ཀྱི་འགོ་ཚུགས་ནའང་། ངའི་སེམས་ལ་དགའ་སྐྱོ་ཟུང་འབྲེལ་གྱིས་ཁྱབ། དེ་ནི་གཤག་བཅོས་ལེགས་གྲུབ་བྱུང་བས་དགའ་བ་དང་། གཅིག་ནི་ཨ་ཕའི་དྲན་པ་སོས་ཐུབ་མིན་དང་། ཡང་གཅིག་བྱས་ན། མི་ཚེ་འདིར་ཨ་ཕ་དབང་བོ་སྐྱོན་ཅན་དུ་ལོག་ཀྱང་སྲིད་པས་སེམས་སྐྱོ་སྐྱོ་བོར་གྱུར། དེ་བས་ངའི་སེམས་དྲི་རྟགས་མང་པོ་ལས་སོམ་ཉིའི་དྲ་བར་ལྷུང་སྟེ་ཡུན་རིང་དུ་འཁྱམ།

  ཡང་བསྐྱར། ཁ་པར་གྱི་འབོད་བརྡ་གྲགས་པར་བླགས་ཚེ་ཐུག་འཕྲད་གནང་སྐབས་སུ་ཨ་ཕའི་དྲན་པ་སོས་པ་དང་། ཡན་ལག་དང་ཉིང་ལག་སོགས་ཕལ་ཆེར་རྒྱུན་ལྡན་ཡིན་པའི་སྐོར་གྱི་སྐད་ཆ་དག་ཐོས་ཚེ་སེམས་སུ་དགའ་དུང་ཚད་མེད་ཀྱིས་ཁྱབ། སྔོན་ལ་ངའི་སེམས་སྡུག་དང་མིག་ཆུ་ཁོག་ཏུ་བཅུག་མོད་མཚམས་འདིར་རང་དབང་མེད་པར་མིག་ཆུའི་ཐིགས་པ་འགའ་ལྷུང་། ཨ་མ་ལ་དཀོན་མཆོག་གི་ཐུགས་རྗེས་ཨ་ཕ་འཆི་བདག་གི་ཞགས་པ་ལས་བསྐྱབས་ཤིང་། ང་ཚོར་ཡང་བསྐྱར་ལྷན་འཛོམས་ཀྱི་ལས་སྐལ་གནང་སོང་ཞེས་བཤད་འདོད་ཀྱང་། ངག་འདར་ཞིང་མགྲིན་པ་བརྣངས་པས་ཁ་བརྡའི་རྒྱུན་ཆད་དེ་ཡུན་རིང་ལ་ཕྱིར་ལན་བསློག་མ་ཐུབ་པར་ལུས།

  ཅུང་འགོར་བའི་རྗེས་སུ། ཧ་ཅང་གཟབ་ནན་གྱི་ངང་ནས་ཨ་ཕའི་སྐོར་དྲིས་པ་ན། ཨ་ཕས་བཤད་རྒྱུར། “ངའི་རྣམ་རིག་ཇེ་གསལ་ནས་ཇེ་གསལ་དུ་སོང་རྗེས། ད་གཟོད་ཉལ་ཁྲི་མིན་པའི་དངོས་པོ་གཞན་ཞིག་གི་སྟེང་དུ་གན་རྐྱལ་དུ་ལོག་པ་རྟོགས་ཤིང་། མགོ་རུས་ནས་རྩིབས་ལོག་དང་། རྩིབས་ལོག་ནས་རིམ་གྱིས་ལུས་ཡོངས་རྫོགས་ཚ་གཟེར་གྱིས་ཁྱབ་པ་ཚོར་བྱུང”ཞེས་བཤད་པ་དང་། དེ་མིན་སློབ་མ་ཚོ་ངེས་པར་དུ་སློབ་གྲྭར་འགྲོ་དགོས། ཅུང་བདེ་ཐང་མིན་པའི་བུ་མོ་ཆུང་བར་སྨན་འཐུངས་ཞེས་སྐད་སྐུར་དེ་དག་གིས་ང་ལ་སེམས་འགུལ་ཐེབས་སུ་བཅུག་ཅིང་ཕ་བུའི་ཞེ་འདང་གི་མཐར་ཐུག་ཀྱང་ཤེས་སུ་བཅུག དེ་ནས་བཟུང་། ཨ་ཕ་ཉིན་ཁ་ཤས་ལ་མྱུར་སྐྱོབ་ཁང་དུ་བསྡད། དེའི་རིང་ལ་ཐུག་འཕྲད་དུ་སོང་བའི་ཨ་ཁུ་ལ་ཡུལ་མི་ཚོའི་གནས་ཚུལ་དྲིས་པ་དང་ཨ་ཅེ་སོགས་ལ་བཤད་པའི་གཏམ་དག་ཐོས་རྗེས། ཨ་ཕ་ནི་ཐུགས་སྒམ་ཞིང་ལྷག་བསམ་ཆེ་བའི་མི་བུ་ཞིག་ཏུ་སྔར་མེད་པའི་ངོས་ཟིན་ཐོབ།

  ཕྱིས་སུ། ཡང་བསྐྱར་བླ་མ་སོགས་ལ་མོ་དང་ལུང་བསྟན་ཞུས་པར་རིག་འཛིན་ཚེ་སྒྲུབ་བཏོན་ན་ཤིན་ཏུ་ལེགས་ཞེས་གསུངས། དེ་བས་བླ་གྲྭ་འགའ་ཞིག་ཁྱིམ་དུ་གདན་དྲངས། ང་ཚོས་ཁོང་ཅག་དང་མཉམ་དུ་འཆི་བ་བླུ་བའི་ཆོ་ག་དང་བསྡེབས་ནས་ཉིན་ཁ་ཤས་རིང་ལ་བསྟུད་མར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ནས་སྒྲིབ་སྦྱོང་གི་ལས་སུ་ཞུགས། དེ་དག་མཇུག་གྲོལ་རྗེས་ང་རང་ཨ་ཕར་འཕྲད་འདོད་ཀྱི་སེམས་འདུན་དྲག་པོས་མྱུར་དུ་ལམ་ལ་ཆས་གྲབས་བྱས་ཚེ། ཨ་མས“ངེད་གཉིས་སང་ཉིན་འགྲོ” ་ཞེས་བཤད་པར། ཡིད་མི་དགའ་བའི་རྣམ་འགྱུར་དབང་མེད་དུ་བསྟན་པ་དང་། ཉིན་གང་བོར་ངག་བསྡམས་ནས་རང་ཉིད་གཅིག་པུ་སྐྱོ་གདུང་གི་མནར་གཅོད་ཁྲོད་དུ་བསྡད།

  དགུང་མོར། ལམ་ཆས་བསྡུ་བསོག་བརྒྱབ་ནས་སང་ཉིན་ལམ་ལ་འབུད་པར་གྲ་སྒྲིག་བྱས། མཚན་སྨད་དུས་ཚོད་དྲུག་སྟེང་ཡུལ་ཚོ་ནས་ཁུལ་དང་། ཁུལ་ནས་ཞིང་ཆེན་ལ་བསྐྱོད་རྒྱུར་ཐག་བཅད་བྱས་ནས་ལམ་ལ་བུད། ཉིང་གང་བོར་ངའི་ཡིད་སེམས་དང་རླངས་འཁོར་གྱི་བང་ཟི་ལིང་གི་ཕྱོགས་སུ་བརྒྱུགས་བརྒྱུགས་མཐར། ཁང་བརྩེགས་ཀྱིས་ཉི་འོད་བསྒྲིབས་པ་དང་རླངས་འཁོར་གྱི་འུར་ཟིང་ཆེ་བའི་གནས་སུ་འབྱོར། ང་རང་འཚབ་འཚུབ་ངང་གློག་སྐས་སུ་བསྡད་ནས་བར་སྣང་དུ་གནས་བཅས་པའི་ཁང་བརྩེགས་སྒོ་རྟགས་19ནང་གི་ཨ་ཕའི་གམ་དུ་བསླེབས་མ་ཐག་ངའི་ལུས་གཉིས་ཀ་ཡོམ་ཡོམ་དུ་འདར་བྱུང་། ཡིན་ནའང་། ཅུང་བློ་བསྒྲིམས་པའི་སྒོ་ནས་ཨ་ཕར་ “ཅི་འདྲ་འདུག” ཅེས་དྲིས་པར་ཨ་ཕས་སྐད་ཀྱི་གདངས་དམའ་བའི་སྒོ་ནས“དྲག་གི་ཝོ་ཕ་ལོ” ཞེས་བཤད་མ་ཐག་ངའི་སྣ་ལམ་དུ་སྨན་དྲི་ཐུལ་ལེ་བས་ཁྱབ།

  ཨ་ཁུ་དང་ཨ་ཅེ་གཉིས་ཀྱིས་བཤད་རྒྱུར། “དང་ཐོག ཨ་ཕར་ཟུག་གཟེར་རྒྱས་སྐབས་སྨན་པས་ཐེངས་གཅིག་ལ་གཟེར་གཅོད་སྨན་བླུད། རྗེས་སོར་ཀླད་པ་སོགས་ལ་གནོད་ཚབ་ཆེ་བ་ཤེས་རྗེས་ཉིན་མཚན་གཉིས་ལ་ཟུག་གཟེར་ཇི་ཙམ་རྒྱས་རུང་བསྲན་ནས་འཇམ་པར་བྱས་པ་ལས་གཟེར་གཅོད་སྨན་མ་འཐུང” ཞེས་བཤད། འདི་ལྟར་ཨ་ཕ་ཟུག་གཟེར་གྱིས་གདུང་བཞིན་པའི་སྒང་ལ་ང་ཚོས་ཅི་ཞིག་བྱ། དགོང་མོ་ནས་མཚན་སྨད་བར་ང་རང་ཨ་ཕ་དང་ལྷན་དུ་བསྡད། སྐབས་སྐབས་སུ་ཨ་ཕ་ལ་མགོ་བོ་མི་བདེ་བའི་རྣམ་འགྱུར་མང་པོ་བྱུང་བ་དང་ཟུག་གཟེར་གྱི་ན་ཚ་སོགས་ལྷག་པར་རྒོད། ཉིན་ཁ་ཤས་རིང་ལ་ཁབ་བརྒྱབ་པ་དང་སྨན་འཐུང་བའི་དྲིན་གྱིས་རིམ་བཞིན་ཇེ་ལྷོད་ནས་ཇེ་ལྷོད་དུ་སོང་། དེ་ནས་བཟུང་། ངས་ཉིན་བཅུ་ཙམ་ལ་ཨ་ཕར་ནད་གཡོག་བྱས། རིམ་གྱིས་སྨན་ཁང་གི་འགྲོ་ལུགས་དང་གྲོང་ཁྱེར་གྱི་གནས་སྟངས་ལ་ཡང་ཅུང་ཟད་རྒྱུས་ཡོད་པར་གྱུར།

  ཉིན་ཞིག འཕྲིན་ཕྲན་གྱི་བར་སྟོང་དུ་སློབ་གླིང་གི་བརྡ་ཁྱབ་ཅིག་འགྲོ་ཡི་འདུག དེའི་སྟེང་དུ“2018 ལོའི་ཟླ 9 ཚེས 19 དགོང་མོའི་དུས་ཚོད་ 8:30 སྟེང་འཚོག་དགོས”་ཞེས་ཏག་ཏག་ཚོགས་ཚད་གཏན་ཁེལ་བྱས་འདུག སྐབས་དེར། ངས་ཨ་ཕ་ལ་དུས་ཚོད་གཏན་ཁེལ་གྱི་རིམ་པ་བཤད་རྩིས་ཡོད་ཀྱང་ཨ་ཕས་ཡང་ཚུར་དྲིས་བྱུང་། དེ་བས་ངས་གཏན་ཁེལ་བྱས་པའི་དུས་ཚོད་དག་བཤད། ཨ་ཕས་ང་ལ་བཤད་རྒྱུར། “ཕ་ལོ། ད་འདིར་ཨ་མ་དང་ཨ་ཁུ་སོགས་ཡོད་པས་ཆོག་གི ཁྱོད་འདིར་བསྡད་ན་ཆོས་གེགས་སུ་འགྲོ་ཡང་སྲིད་པས་ཁྱོད་ངའི་རྩིབས་ཏུ་སྡོད་པ་ལས་ཕྱིར་དགོན་ནང་དུ་སོང” ཞེས་སློབ་སྦྱོང་ལ་ཧུར་ཐག་བྱེད་རྒྱུ་གལ་ཆེ་ཚུལ་སོགས་སྙིང་གཏམ་མང་བོ་བཤད། སྤྱིར་ང་རང་ལ་དེ་ཙམ་གྱིས་ཕྱིར་ལོག་འདོད་ཀྱི་བློ་མེད་ཀྱང་། ཨ་ཕའི་བཀའ་དང་དུས་ཚོད་ཀྱི་དབང་གིས་ཨ་ཅེ་དང་ངེད་གཉིས་ཀས་ཨ་ཕའི་སྐད་ཆ་རྣམས་སེམས་ཀྱི་དྲན་པར་བཏགས་ཏེ་ཕྱིར་ལོག་འགོ་བརྩམས། ངས་ཨ་ཕའི་སྐད་ཆ་དག་ལ་ཞིབ་མོར་བསམ་པ་ན་ཨ་ཕ་ནི་ཐུགས་སྒམ་ཞིང་ལྷག་བསམ་ཆེ་བའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་སྔར་ལས་ཀྱང་ར་འཕྲོད་བྱུང་སོང་། བཀའ་དྲིན་ཆེ་ཞུ་ཨ་ཕ། ཁྱེད་ཀྱི་ཐུགས་བཀོད་དང་གཏོང་ཕོད་ཀྱིས་ངེད་མིང་སྲིང་ཚོའི་སློབ་སྦྱོང་གི་དཀའ་ཁག་བསལ། ཁྱེད་ཀྱི་ངང་ཚུལ་དང་ལྷག་བསམ་གྱིས་ངེད་མིང་སྲིང་ཚོའི་འདས་མ་ད་གསུམ་གྱི་ལམ་ཁ་ཡངས་པོར་ཕྱེས།

  ཨ་ཕ། ང་རང་མཚམས་མཚམས་སུ་ཆུ་གཙང་མའི་འགྲམ་དང་རི་མཐོན་པོའི་མགོར་བུད་དེ། “ཁྱེད་རང་མཚོན་བྱེད་ཀྱི་ཡིག་འབྲུ་གཉིས་པོ་” གང་སར་གཏོར་འདོད། ཨ་ཕ། ཁྱེད་རང་བློ་བདེ་བོ་ངང་བཞུགས་དང་། བུ་ངས་ཁྱོད་རང་མྱུར་དུ་བདེ་ཐང་ཡོང་བར་སྨོན་ལམ་འདེབས་བཞིན་ཡོད།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་ཕ། ཁྱོད་རང་བློ་བདེ་བོར་བཞུགས་དང་།

2021-11-29 གླིང་རྒྱ་པདྨ་རས་པ།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།