དོལ་པོའི་སྲོལ་རྒྱུན་འཚོ་བ་ལ་དེང་རབས་འཚོ་བས་ཤུགས་རྐྱེན་ཐེབས་ཚུལ།

  ༄༅།། གཡས་གཡོན་གང་སར་རིམ་བཞིན་འགྱུར་འགྲོ་དུས་རང་ཉིད་ཁྱིམ་གྱི་ཀ་བ་ལྟར་གནས་ཐབས་མེད་ལ། གལ་ཏེ་གནས་པ་ཞིག་ཡིན་ཚེ་ཕྱིས་སུ་ཁྲོན་པའི་ནང་གི་སྦལ་པ་བཞིན་ཆགས་ངེས། དེ་ལྟར་ང་ཚོའི་ཕ་ཡུལ་གངས་ལྗོངས་དོལ་པོ་ཡང་འཛམ་གླིང་སྤྱི་དང་ལྷན་དུ་གོམ་པ་སྤོ་རྒྱུ་ནི་ཀུན་གྱི་མཉམ་དུ་མ་འོངས་པ་གཅིག་ཏུ་བསླེབ་པའི་ཐབས་ཤེས་སྤུས་དག་ཅིག་ཡིན་པ་མ་ཟད་འུ་ཚོ་ནམ་ཡང་རྒྱབ་ལ་ལྷག་མི་སྲིད། འོན་ཀྱང་གོ་ལ་སྤྱི་དང་མཉམ་དུ་ཡར་ལ་སྐྱོད་དུས་ཁོར་ཡུག་ལ་བརྡབ་གསིག ཆོས་དང་རིག་གཞུང་ལ་སྣང་མེད་སོགས་བྱས་ཚེ་གཏན་ནས་འགྲིག་གི་མེད་པ་ཡོངས་ཀྱིས་ཤེས་དགོས། དེ་ཡང་འུ་ཚོའི་སྐྱེས་ཡུལ་གངས་ཅན་དོལ་པོ་ནི་གོ་ལའི་ཡང་ཐོག་ཏུ་ཆགས་ནའང་འཚོ་བ་རོལ་སྟངས། ཆོས་དང་རིག་གཞུང། ལུགས་སྲོལ་རྣམས་ནི་ཀུན་དང་མ་འདྲ་བའི་ངོ་མཚར་ཁྱད་དུ་འཕགས་པ་ཞིག་ཡོད།

  དང་པོ་ཆོས་དང་རིག་གཞུང་སྐོར་བརྗོད་ན། སྐྱེ་བོ་ཕོ་མོ་ཡོད་ཚད་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལ་དད་ཞིང་། ཆེ་ཆུང་རྒན་གཞོན་ཡོངས་ཀྱིས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཉམས་ལེན་བྱེད་པ། དེ་བཞིན་ལུང་པ་རེ་ལ་ལྷ་ཁང་རེ་མེད་པ་དང་ཁྱིམ་ཚང་རེ་ལ་མཆོད་ཁང་རེ་མེད་པ་མེད། ལམ་ལུགས་སྲོལ་དང་རིག་གཞུང་བཅས་ནི་དངོས་སུ་ཡ་མཚན་ཅན་དང་ཁྱད་དུ་འཕགས་པའི་བོད་ཁ་བ་ཅན་གྱི་རིག་གཞུང་དང་ལུགས་སྲོལ་མཚུངས།

  གཉིས་པ་འཚོ་བ་རོལ་སྟངས་སྐོར་མདོར་ཙམ་ཞིག་བཤད་ན། ས་ཞིང་། ར་ལུག རྟ། གཡག འབྲི། བ། གླང་། མཛོ་བཅས་ནི་འཚོ་བའི་ཆེད་མེད་དུ་མི་རུང་བ་ཞིག་ཡིན་ལ་སྔར་ནས་ད་བར་ས་མ་འབྲོག་གི་འཚོ་བ་འདི་ལས་དོལ་པོའི་མི་རབས་མང་པོ་འཚོ་ཐུབ་བྱུང་བ་གསལ་པོ་རེད།

  འདི་སྔོན་ལོ་ངོ་སུམ་བཅུ་ལྷག་གི་རིང་ལ་འཛམ་གླིང་གི་རྒྱལ་ཁབ་ཕལ་ཆེ་བ་ཡར་རྒྱས་ཀྱི་ཆུ་ལྟར་རྒྱུག་དུས། དོལ་པོའམ་བལ་ཡུལ་ནི་གོམ་པ་ཁྲི་ཕྲག་མང་པོའི་རྗེས་ལུས་ཐེབས་ཡོད་པ་འུ་ཚོས་དཔྱད་ཞིབ་ཟབ་ཅིང་རྒྱས་པ་བྱས་ཚེ་མགོ་མཇུག་བར་ཤེས་ཐུབ། ཐག་རིང་རྒྱབ་ལ་ཡུན་རིང་ལྷག་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སློབ་སྦྱོང་སྦྱང་རྒྱུའི་མཐུན་རྐྱེན་མེད་པས་ཐོས་རྒྱ་མཐོང་རྒྱ་ཆུང་དྲགས་པ་རེད་འདུག

  དེ་བཞིན་ཕྱི་ལོ་༡༩༩༩ ནས་བཟུང་དོལ་པོའི་ས་གནས་མང་ཆེ་བའི་འཚོ་གནས་རིམ་བཞིན་འགྱུར་འགྲོས་ཤིན་ཏུ་ཆེན་པོ་ཕྱིན་འདུག གལ་སྲིད་ད་ལྟའི་དོལ་པོ་དང་སྔར་སྔ་མོའི་དོལ་པོ་ཕྱོགས་གཅིག་ཏུ་བཞག་ནས་འགྲན་བསྡུར་བྱས་པ་ཞིག་ཡིན་ཚེ་ཚང་མས་ས་དང་གནམ་གྱི་ཁྱད་པར་དངོས་སུ་མཐོང་ཐུབ། དཔེར་ན། འཕོ་འགྱུར་ཕྱིན་ཡོད་མེད་བལྟ་འདོད་ཡོད་ན་ཀློག་པ་པོ་ཁྱེད་རང་གིས་དྲན་ཐུབ་པའི་བྱིས་དུས་སྐབས་ཀྱི་དོལ་པོ་དང་ད་ལྟ་ཁྱེད་རང་འཛམ་གླིང་གི་ས་གནས་ག་པར་གནས་ཡོད་ཀྱང་སོ་སོའི་ཕ་ཡུལ་སྐོར་ཤེས་རྟོགས་ཡོད་གསལ་རེད། སོང་ཙང་ད་ལྟའི་དོལ་པོ་ཡར་རྒྱས་ཀྱི་མཐོ་ཚད་ག་ཚོད་བར་སླེབས་ཡོད་པ་དང་འཚོ་བ་ལ་དེང་རབས་འཚོ་བས་ཤུགས་རྐྱེན་ཐེབས་ཚུལ་སྐོར་ཐེངས་གཅིག་གཟིགས་རོགས།

  དེ་ལྟར་དེང་རབས་འཚོ་བས་དོལ་པོའི་སྲོལ་རྒྱུནའཚོ་བ་ལ་ཤུགས་རྐྱེན་ཐེབས་ཚུལ་སྐོར་དོན་ཚན་འགའ་ཞིག་ཐོག་བརྗོད་ན།

  ༡༽གཞོན་པ་ཕལ་ཆེ་དེང་གི་སློབ་སྦྱོང་རག་ཐུབ་པ།

  སྔར་སློབ་གྲྭ་སློབ་སྦྱོང་ཅེས་པའི་ཚིག་ནི་ཐོས་རྒྱུ་མཐོང་རྒྱུ་མེད་པ་ཞིག་ཡིན་པ་མ་ཟད། ཕོ་མོ་ཡོད་ཚད་ཀྱིས་མེས་པོའམ་ཡང་མེས་ནས་དར་བའི་འཚོ་གནས་བྱེད་ཚུལ་ལས་གཞན་ཞིག་བྱེད་རྒྱུའི་བློ་ལ་འཁོར་གྱི་མེད། དཔེར་ན་བུ་མོ་ཚོས་ཐབ་ལས། སྣམ་ལས་སོགས་ལེགས་པར་སྦྱང་བརྩོན་བྱས་ནས་གནའ་མར་བསུས་ཤིང་མི་ཚེ་ཧྲིལ་པོ་ནང་གི་ཨ་མ་བྱ་ཞིང་བློ་སེམས་ལུས་ཚང་མ་ཁྱིམ་གྱི་ནང་དུ་འཁོར་བ་ལས་གསར་གཏོད་བྱ་རྒྱུའི་བློ་ལ་ནམ་ཡང་ཤར་གྱི་མེད། ཕྱིས་སུ་སློབ་སྦྱོང་གི་དུམ་བུ་རེ་འགའ་དོལ་པོའི་ས་གནས་འགའ་ལ་སླེབས་དུས་གཞོན་སྐྱེས་ཕལ་ཆེ་བ་སློབ་གྲྭ་ལ་སྐྱོད་རྒྱུའི་ཉི་མ་དེ་ཤར། འཛམ་གླིང་ཆེན་པོ་ཡོད་ཚུལ་དང་ཉི་མས་གོ་ལར་སྐོར་བ་མི་བྱེད་ཅིང་གོ་ལ་ཡིས་ཉི་མ་ལ་སྐོར་བ་བྱེད་ཚུལ་སོགས་མང་དག་རིམ་བཞིན་ཤེས་ཐུབ་པ་བྱུང་།

  དེ་བཞིན་ལོ་ངོ་མང་པོའི་རིང་བསུབ་དཀའ་བྱུང་བའི་སྔ་རབས་ནས་འཇགས་ཡོད་པའི་ལྟ་བ་མཁྲེགས་པོ་ཕོན་ཆེན་རིམ་པས་མེད་པ་བཟོ་ཐུབ་པ་ཡང་བྱུང་བས་མི་རྣམས་ཀྱི་བསམ་བློ་གཏོང་ཚུལ་ལ་འགྱུར་བ་ཤུགས་ཆེན་ཕྱིན་ཡོད། མི་རྣམས་ཀྱི་ཕུགས་ཀྱི་རེ་བ་ཁྱིམ་གྱི་ཨ་མ་དང་ཕ་ཆགས་རྒྱུ་ཙམ་མིན་པ། ཕྱིས་སུ་སོ་སོའི་ལུང་པ་དང་རྒྱལ་ཁབ་ལ་ཞབས་འདེགས་སྒྲུབ་ཐུབ་མཁན་ཞིག་དང་སོ་སོ་སྒེར་ལ་མི་ཚེ་དོན་དང་ལྡན་པ་ཞིག་དགོས་ངེས་ཡིན་པ་ཤེས་འགོ་ཚུགས་ཙང་། སྨན་པ། སྨན་ཞབས། དགེ་རྒན། ཁྲིམས་དཔོན། ཚོང་པ་སོགས་ཆགས་རྒྱུའི་དམིགས་ཡུལ་འཁྱེར་ནས་ཆགས་ཡོད་པའང་ང་ཚོས་དངོས་སུ་མཐོང་གི་ཡོད། གཞོན་ནུ་མང་དག་ཅིག་འཛམ་གླིང་གི་ས་གནས་འདྲ་མིན་ལ་དེང་གི་སློབ་སྦྱོང་དང་ལས་ཀ་ཡི་ཕྱིར་བསྐྱོད་ཅིང་འུ་ཚོའི་ཕ་ཡུལ་འདི་ཡང་གོ་ལ་སྤྱི་ཡི་གྲལ་ལ་ཚུད་ཐབས་བྱ་དང་བྱེད་བཞིན་པ་ཡོད།

  ༢༽ སེམས་ཅན་བཀོལ་སྤྱོད་ཉུང་དུ་ཕྱིན་པ།

  ངས་དོལ་པོའི་ཡུལ་གྲུ་འགའ་ལ་སྦག་སྦག་སླེབས་ཚུལ་དང་། དེ་ཡི་ཡུལ་མིའི་འཚོ་བ་ལ་སྟབས་བདེ་བཟོ་ཚུལ་སོགས་གོ་བྱུང་བས་ཤིན་ཏུ་དགའ་བོ་བྱུང་། འོན་ཀྱང་། མི་རྣམས་སྦག་སྦག་ཁོ་ན་ལ་མགོ་གཡེང་དུས་རྟ། གཡག འབྲི། ར་ལུག བ་གླང་མཛོ་སོགས་དགོས་ངེས་ཅན་ལ་བརྩི་འཇོག་བྱེད་རྒྱུ་དེ་དྲན་པ་བརྗེད་འགྲོ་བཞིན་ཡོད་པ་ཡང་ངས་ག་ལེར་ཤེས་བྱུང་། དོལ་པོ་ལ་འགྲུལ་འཁོར་སོགས་ལོས་ཀྱང་དགོས་གང་ལགས་ཞེ་ན་མོ་ཊ་དང་སྐྱེལ་འདྲེན་ཡོ་ཆས་རྣམས་ནི་ཡར་རྒྱས་ཀྱི་ཟམ་པ་དང་མཚུངས། ཡར་རྒྱས་གོང་འཕེལ་ཐོག་བསམ་བློ་གཏང་ཚེ་སྐྱེལ་འདྲེན་ཡོ་ཆས་རེ་ཞིག་ང་ཚོའི་དོལ་པོར་འབྱོར་རྒྱུ་ནི་སྤྲོ་བའི་དུས་ཤིག་ཡིན། འོན་ཀྱང་མི་ཚོས་སྒོ་ཕྱུགས་ལ་ག་ལེར་སྣང་མེད་གཏོང་ཚུལ་མཐོང་དུས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དོལ་པོ་པ་གསོན་པོར་གནས་འཇུག་མཁན་གྱི་སྒོ་ནོར་རྣམས་རིམ་བཞིན་རླག་ཉེན་འདུག དེ་འདྲ་སོང་ཙང་རྟ་གཡག་འབྲི། ར་ལུག བ་གླང་བཅས་བདག་གཉེར་བྱ་དགོས་རྒྱུ་དང་མ་འོངས་པའི་དུས་ལ་ཡང་སྒོ་ཕྱུགས་འདི་རྣམས་འུ་ཚོའི་འཚོ་བའི་ཆ་ཤས་ཤིག་བསྐྲུན་རྒྱུ་ནི་ཚང་མས་ལས་འགན་ཡིན་པ་ཤེས་དགོས།

  ༣༽ཟས་རིགས། ལས་རིགས། རྫས་རིགས་སྣ་མང་སྤྱོད་པ།

  མི་ཚོས་ས་མ་འབྲོག་གི་འཚོ་བ་དེ་ག་ལེར་གཡུགས་ནས་ལས་རིགས་གཞན་ཞིག་བྱེད་འགོ་བཙུགས་བ་མ་ཟད། སྨན་ལ་སྔ་བ་ཆུ་ཁོལ་མ་ཙམ་མིན་པ་སྨན་པ་དང་སྨན་ཁང་ལ་བསྟུན་གྱི་ཡོད། ཟས་ནི་རྩམ་པ། ཤ ཇ། ཆང་ཁོ་ན་སྤྱོད་ཀྱི་མེད་པས་ཟས་རིགས་སྣ་མང་སྤྱོད་འགོ་ཡང་བཙུགས་ཡོད།

  དེ་འདྲ་སོང་ཙང་གོ་ལ་ཡོངས་ཀྱི་ལྷན་དུ་མ་འོངས་པ་གཅིག་ཏུ་སླེབས་ཐབས་བྱ་རྒྱུ་འདི་གལ་ཆེན་ཡིན། འོན་ཀྱང་རང་ཉིད་རྗེས་ལུས་མི་ཐེབས་སླད་ཁོར་ཡུག་ལ་གནོད་ཚེ་བྱེད་པ། ཆོས་དང་རིག་གཞུང་སྣང་མེད་གཏོང་མི་རུང་། དེ་བཞིན་དེང་རབས་འཚོ་བས་དོལ་པོའི་སྲོལ་རྒྱུན་འཚོ་བ་ལ་ཧ་ཅང་གི་འགྱུར་འགྲོས་ཤུགས་ཆེན་བཏང་ཡོད་པ་མཐོང་ཐུབ་གྱི་ཡོད་པ་ཚང་མས་མཁྱེན་གསལ་རེད། ང་ཚོས་དངོས་སུ་མིག་གི་མདུན་ལ་མཐོང་གི་ཡོད་ལ་སྦག་སྦག སློབ་གྲྭ རྒྱ་ཟས་འདྲ་མིན་སྣ་ཚོགས་ལ་སོགས་པ་སྔར་གྱི་དོལ་པོའི་སྤྱི་ཚོགས་ནང་མཐོང་རྒྱུ་མེད། ཡིན་ནའང་འཚོ་བའི་ཡོ་ཆས་འདི་རྣམས་ད་ལྟའི་དུས་ལ་དོལ་པོའི་སྐྱེ་བོ་ཚོས་ཧ་ལས་ཀྱི་མེད་དོ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དོལ་པོའི་སྲོལ་རྒྱུན་འཚོ་བ་ལ་དེང་རབས་འཚོ་བས་ཤུགས་རྐྱེན་ཐེབས་ཚུལ།

2022-03-19 ཀུན་བཟང་ལྷ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།