གཟབ་ནན་མ་ཡིན་པའི་འཚོ་བ་ཞིག་གི་ཕྱིར་རྟོག

གངས་ཚ་འཇོམས།(མགོ་ལོག) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2022-03-20

  ད་ནི་འདི་རུ་བསྡད་དེ་མི་ལོ་བདུན་འགོར་སོང་། སྙན་ངག་ཅེས་སྐྱོ་ཡ་སྡུག་རོགས་ཤིག་ཀྱང་རྙེད་ནས་མི་ལོ་བདུན་འགོར་སོང་། མགོ་ལོག་གི་གནམ་གཤིས་ལ་འགྱུར་ལྡོག་མང་རབས་དང་མགོ་ལོག་ནི་ས་འཁྱག་ས་ཞིག་ལས་སེམས་འཁྱག་ས་ཞིག་ཀྱང་རེད་ཟེར་ནས་ཕྱོགས་སོ་སོ་ནས་ཕེབས་ཡོང་བའི་གྲོགས་པོ་ཚོས་ཡང་ཡང་གླེང་མྱོང་། ཡིན་ནའང་། ང་ནི་མགོ་ལོག་གི་གནམ་གཤིས་དང་མི་གཤིས་གཉིས་ཀར་འཚམས་པའི་མི་ཞིག་ཡིན་པས་མགོ་ལོག་ནས་སྐྱེས་ཤིང་རྒས་འགྲོ་བའི་མི་དེ་ཡིན་པར་གསོལ་འདེབས་དང་སྨོན་ལམ་གང་རུང་རེ་འདེབས་ཀྱིན་ཡོད།

  ད་ལྟ་གཞི་ནས་མཚན་གྱི་དུས་ཚོད་གསུམ་པར་བསླེབས་སོང་། གྲོགས་པོ་གཉིས་དང་མཉམ་དུ་སྙན་ངག་གླེང་། བཙལ་ན་མི་རྙེད་ལ་བཙལ་ཀྱང་མི་འདོད་པའི་ཕུགས་བསམ་དང་མ་འོངས་པའི་འཚོ་བ་གླེང་། ད་དུང་མང་པོ་མང་པོ་ཞིག་གླེང་ནས་མཚན་གྱི་དུས་ཚོད་གསུམ་པར་སླེབས་སོང་། གཅིན་གཟེར་གྱིས་ཕྱོགས་སོ་སོར་དེད་པ་མ་ཡིན་ན་ང་ཚོས་ད་དུང་ཡང་རང་ཅག་དང་འཚམས་མིན་ཅི་ལྟར་རུང་ཚར་རྒྱུ་མེད་པའི་གཏམ་རྒྱུད་ཅིག་བཤད་ནས་ནམ་ལངས་རག་བར་འདུག་ཚོད་ཡིན། ཐག་རིང་དུ་འགྲོ་མི་དགོས་པའི་ད་ལོར་ཉིན་རེ་ནས་ཉིན་རེར་འཚོ་བ་ནི་ཇེ་སྐྱིད་ནས་ཇེ་ལེགས་རེད། ནང་སེམས་ལ་དྲོད་ཁོལ་སྟེར་བའི་སྐད་ཆ་ལྷོད་མོའམ་བསོར་མོ་རེ་བཤད་དེ་འཛུམ་དམུལ་དམུལ་གྱིས་འཚོས་ཡོད།

  ཞོགས་པར་ཉིན་གཅིག་གི་བྱ་བ་མཐའ་དག་ལམ་ལྷོང་ཡོང་ཕྱིར《བཀྲ་ཤིས་བརྒྱད་པ》ཚར་གཅིག་དང《ཡེ་དྷརྨ》སོགས་བསྙེན་པ་དག་ཚར་འགའ་རེ་བསོགས་ཏེ་ཡང་གྲོགས་པོ་གཉིས་ཡོད་སར་ཇ་ནེ་དང་གོ་རེ་རྡེའུ་རུག་སོགས་བཟུང་ནས་ཕྱིན་པ་ཡིན། ངེད་ཅག་གིས་ནངས་ཇ་འཐུང་ཞོར་དུ་ཐུན་མོང་གི་དགའ་ཕྱོགས་བདུད་བྷེའི་རྡུང་ལེན་ལ་མཉན་ནས་བདུད་བྷེ་དང་འབྲེལ་བའི་མི་སྣ་རེ་གླེང་བ་དང་བདུད་བྷེའི་ཕྱོགས་ནས་སྐད་ཆ་མང་ཙམ་ལབ་པ་ཡིན། དེ་ལ་དེ་བརྟེན་གྱི་ང་ཚོས་ཉི་མ་རེ་རེ་དགོད་སྒྲ་དང་བདེ་སྐྱིད་ཀྱི་ཀློང་ནས་བསྐྱལ་གྱིན་ཡོད།

  དུས་ཚོད་ཀྱི་སྣུམ་ཞགས་ལ་བརྟེན་ནས་ང་ཚོའི་བར་ལ་བདེ་སྐྱིད་ཀྱི་འོ་ཟི་ཕྲ་མོ་མང་པོ་འཕྲོས་ཏེ་ཉི་མ་རེ་རེ་དང་ཟླ་ངོ་རེ་རེར་ལོབ་ཕྱོགས་ཀྱི་སྙན་ངག་དང་རྩོམ་ཡིག་རེ་བྲིས་ཏེ་ཕན་ཚུན་ལ་སྟོན་གྱིན་ཡོད། ཡིན་ནའང་། དཔེ་ཀློག་དང་རིང་དུ་གྱེས་ཏེ་འཚོ་བ་ཞིག་ཡུན་རིང་ལ་རོལ་དུས་ཕྱི་ཡུལ་གྱི་རྣམ་པ་ཇི་ལྟར་མཛེས་རུང་ང་ལ་མཚོན་ན་ཉམས་རྒུད་ནི་སེམས་ཀྱི་ཉམས་རྒུད་ཅིག་ལ་ངོས་འཛིན་གྱིན་ཡོད་པས་ནང་སེམས་སུ་ཆ་མ་ཚང་བའམ་ཅི་ཞིག་བསྒྲུབས་མེད་པས་ཚོར་བ་ཞིག་གིས་གང་ཞིག་ནས་གང་ཞིག་ལ་ཁྲིད་ཀྱིན་འདུག དེ་བས་ངེད་ཅག་སྐབས་རེར་རང་རང་གི་ཤག་ཏུ་བསྡད་དེ་དཔེ་ཀློག་ཧུར་ཐག་གིས་བྱས་པ་ན་ལྷན་དུ་འཛོམས་ཐེངས་རེར་སྔོན་ཆད་ལྟར་གཞན་གྱི་ཤེས་ཡོན་དང་གོ་ས་མཐོ་དམན་སོགས་ལ་གོང་ཚད་རྒྱག་སྟེ་སྐྱག་ཐོག་མཁས་པ་མ་བྱེད་པར་བཀླགས་ཟིན་པའི་དཔེ་ཆ་དག་ཕན་ཚུན་ལ་འོས་སྦྱོར་བྱས་ཏེ་བགྲོ་གླེང་བྱས་པ་ཡིན།

  དེ་རིང་ཁར་སང་ལ་རང་ཚོད་ཀྱིས་གཞུང་ལ་སློབ་གཉེར་ཅུང་ཤུགས་རྒྱག་གིན་པའི་ཚུགས་ཀ་ཡིན། དེ་བས་དྲ་ལམ་ནས་གྲོགས་པོ་དང་དགེ་རྒན་དག་ལ་འབྲེལ་བ་བྱས་ཏེ་གཞུང་ཕྱོགས་ཀྱི་གལ་འགངས་ཆེ་བའི་དཔེ་ཆ་འགའ་རེ་བླུས་པ་དང་། ཉིན་རེར་ཆད་མེད་དུ་དགེ་བའི་བཤེས་གཉེན་ཆེན་མོ་ཆོས་སྐུའམ་ཨརྱ་དེ་ཝའི་དྲང་ངེས་ལེགས་བཤད་སྙིང་བོའི་འཆད་ཁྲིད་ཀྱི་སྒྲ་ལ་མཉན་ནས་རྟགས་གསལ་སྒྲིག་པ་དང་མཛོད་རྩ་བ། མངོན་རྟོགས་རྒྱན་ཚར་རེ་བཏོན་གྱིན་ཡོད། དེ་དག་ལས་གཞན་ཟུར་བལྟས་དཔེ་ཆ་མང་པོ་ཡོད་མོད་རྣམ་གཡེང་སྒྱིད་ལུག་གི་དབང་གིས་འདུ་འཛི་ལ་གཡེང་ནས་དེའི་དུས་ཚོད་དག་འཕྲོ་བརླག་བྱེད་ཀྱིན་ཡོད།

  ད་ནི་སློབ་གླིང་གི་དགུན་གནང་བཏང་ནས་སློབ་གྲོགས་ཚོ་རང་རང་གི་ཕ་ཡུལ་དུ་ཕྱིན་སོང་། ང་ཚོའི་འཛིན་གྲྭ་ནི་བཤེས་གཉེན་རིན་པོ་ཆེའི་བཀའ་བཞིན་སང་ཉིན་སྔ་མོར་ཁྲི་ཀར་ཁོང་རིན་པོ་ཆེའི་དྲུང་དུ་དཔེ་ཁྲིད་ཞུ་རུ་འགྲོ་དགོས་ཉལ་གདན་དང་མཁོ་ཆས་དག་གྲ་སྒྲིག་བྱེད་དགོས། ཞོགས་པར་དུས་ཚོད་༧ : ༣༠ སྟེང་དགོན་ནང་ནས་ལམ་ལ་ཆས་ཏེ་དུས་ཚོད་ ༡༠ སྟེང་མགོ་ལོག་ཁུལ་ནས་གུང་ཟས་ཟོས་ཏེ་སླར་ཡང་ལམ་དུ་ཆས། དུས་ཚོད་ ༤ ཡས་མས་སུ་འབའ་རྫོང་གི་སུམ་མདོ་ནས་ཁ་ཆེའི་ཟ་ཁང་ཞིག་ཏུ་ཕྱིན་ཏེ་ཕྱེ་ཐུག་དཀར་ཡོལ་གང་རེ་འཐུང་ནས་སྔར་བཞིན་ལམ་དུ་ཆས། ང་ཚོ་ཁྲི་ཀར་སླེབས་དུས་མུན་རུབ་ནས་རྒྱང་མྱིག་ཆད་འདུག་ལ་སྲང་ལམ་དུ་གློག་འདྲ་མིན་བཀར་ནས་དཀར་ལམ་ལམ་བྱེད་ཀྱིན་འདུག རླངས་འཁོར་ལས་མར་བབས་ནས་རང་རང་གི་བཅའ་དངོས་དག་ཁང་བའི་ནང་དུ་འཇོག་པ་དང་རང་བདག་གི་ཉལ་སར་གཏན་ཁེལ་བྱས་ཏེ་ཕྱི་རོལ་ཏུ་དགོང་ཇ་འཐུང་དུ་ཕྱིན། ང་དང་གྲོགས་པོ་རེ་འགའ་སྔོན་མ་ཁ་ཆེ་བ་འགས་བདག་གཉེར་བྱས་པའི་ཁྲུས་ཁང་ཐབས་ཆག་ཅིག་ཏུ་སོང་བ་དང་རྗེས་མར་འདི་རུ་ཅུང་མིང་ཡོད་པའི་བོད་ཟས་ཁང་ཐུ་བྷོད་ཚང་ཟེར་བ་དེར་སོང་ནས་མཛོ་སྣ་བསྲེགས་མ་དང་ཕྱེ་ཐུག་དཀར་ཡོལ་གང་རེ་བཏུང་ནས་རང་ཤག་ཏུ་ལོག་སྟེ་ངལ་གསོས་པ་ཡིན།

  དེ་རིང་རོགས་པ་འགའ་རེར་ལྒང་ལུ་རྩེད་དུ་སོང་བ་དང་འགའ་རེ་ཕྱི་རོལ་དུ་འཆམ་འཆམ་ལ་ཕྱིན། ཡིན་ནའང་ང་དེ་དག་གཅིག་ལ་ཡང་མ་འགྲོགས་པར་ཕྱི་དྲོའི་དུས་ཚོད་༥:༣༠བར་ཁེར་མོར་དཔེ་ཆ་རེ་ཟུང་ཀློག་པ་དང་ཁ་པར་བསྣོགས་ཞོར་དུ་ཁང་བའི་ནང་བསྡད་བཞག ས་རྩ་རུབ་ལ་ཉེ་དུས་རོགས་པ་འགའ་ཤས་ཕྱིར་སླེབས་པ་དང་ང་རང་ཕྱི་རོལ་དུ་ཡོང་ནས་རྫོང་མཁར་འདིའི་ཚོང་ར་ཆེ་ཤོས་ཀྱི་ནང་དུ་ཕྱིན་ནས་ཉོ་བཅའ་རེ་རྒྱག་བསམ་མོད། ནང་དུ་སླེབས་པ་ན་མིག་ཉུལ་རེ་བྱེད་པ་ལས་ཅི་ཡང་ཉོ་མ་ཐུབ། ཡུལ་ལ་ལོག་པའི་བར་ནས་ཡིག་ཆས་བཙོང་སའི་ཚོང་ཁང་ཞིག་ཏུ་སོང་བ་ན་རྒྱ་མོ་ཞིག་གམ་དུ་ཡོང་ནས་ཅི་ཞིག་དགོས་ཟེར་བ་དང་ཉིས་ཐོག་ན་དཔེ་ཆ་བཙོང་རྒྱུ་ཡོད་ཟེར། ངའི་སྐད་ཆ་དེ་གོ་མ་ཐག་ཉིས་ཐོག་ཏུ་ཕྱིན་པ་ན་དེར་དཔེ་ཆ་བཙོང་རྒྱུ་འདུག་པར་མ་ཟད་དཔེ་བལྟས་བྱས་ནས་ལྷོད་ལྷོད་ཀྱིས་བསྡད་སའང་འདུག ངས་དཔེ་སྒྲོམ་རེ་རེའི་ནང་དུ་དཔེ་ཆ་གང་འདུག་བལྟ་དུས་རྒྱ་ཡིག་གི་དཔེ་ཆ་ཧ་ཅང་ཡག་པོ་མང་པོ་འདུག ཡིན་ནའང་ངས་རྒྱ་ཡིག་ཡག་པོ་ཞིག་མི་ཤེས་པས་བོད་ཡིག་གི་དཔེ་ཆ་རེ་ཨེ་འདུག་བལྟས་པ་ན་《གཞོན་ནུ་དྲུག་གི་རྟོགས་བརྗོད》དང་《ཨ་ཁུ་སྟོན་པའི་རྣམ་ཐར》སོགས་བྱིས་པའི་ཀློག་དེབ་རེ་ཟུང་ལས་མི་འདུག་སྙམ་གྱིན་ངས་草莓苿莉冰心ཞེས་པ་བཏུང་ཞོར་དུ་《གཞོན་ནུ་དྲུག་གི་རྟོགས་བརྗོད》རབ་བྱེད་གསུམ་པའི་བར་བཀླགས་ཏེ་ཡུལ་ལ་རེམ་པོར་ལོག་དགོས་བྱུང་།

  དེ་རིང་ཉིན་གུང་གི་ཞལ་ལག་མཆོད་རྗེས་དགེ་རྒན་རིན་པོ་ཆེའི་དཔེ་ཁྲིད་དུ་ཕྱིན་པ་ཡིན། ཕྱི་དྲོའི་དུས་ཚོད་༥:༣༠ཡས་མས་སུ་དཔེ་ཁྲིད་གྱེས་རྗེས་གློག་ཀླད་དང་རྗེ་བཙུན་《མི་ལ་རས་པའི》རྣམ་ཐར་གཙོས་རང་གི་བལྟ་འཕྲོ་བྱས་ཡོད་པའི་དཔེ་ཆ་འགའ་ཤས་ཁྱེར་ནས་གྲོགས་པོ་ཞིག་དང་མཉམ་དུ་ངེད་ཅག་བསྡད་ཡོད་སའི་གཞིས་ཁུལ་དང་ཐག་མི་རིང་བའི་རྒྱའི་དཔེ་ཁང་文博图书文体འདིར་འོང་པ་ཡིན། དཔེ་ཁང་ནང་དུ་འཛུལ་བ་ན་མདང་ནུབ་བྲེལ་འཚུབ་ཀྱི་ཀློང་ནས་དཔེ་ཆ་ཅི་ཡོད་ལ་ཆེན་པོ་ཞིབ་བལྟས་མ་ཐུབ་པས་དཔེ་སྒྲོམ་རེ་རེ་བཞིན་ཉུལ་བ་ན་བོད་ཀྱི་རྩོམ་རིག་གི་སྐོར་རྒན་ཅོ་ནེ་ཡུམ་ཚེ་རིང་གིས་གཙོ་སྒྲིག་བགྱིས་པའི་དེང་རབས་བོད་ཀྱི་ལྷུག་རྩོམ་ཕྱོགས་སྒྲིག་《ཚེ་རིང་རྣམ་དྲུག་གི་དཔེ་ཚོགས།》དང་རྒན་དཔལ་མོས་གཙོ་སྒྲིག་བགྱིས་པའི་《བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས། དེབ་ཕྲེང་གསུམ་པ།》དང་བརྡ་སྤྲོད། བསྒྱུར་རྩོམ། ལོ་རྒྱུས། རྣམ་ཐར་སོགས་ཀྱི་སྐོར་བོད་ཡིག་གི་དཔེ་ཆ་ཧ་ཅང་ཡག་པོ་མང་པོ་འདུག ཡིན་ནའང་། ངས་རང་གི་དགའ་ཕྱོགས་ཀྱི་དབང་གིས་བོད་ཀྱི་དེང་རབས་བུད་མེད་རྩོམ་པ་པོའི་དཔེ་ཚོགས་ལས་སྔར་རང་ཉིད་ཅུང་རྒྱུས་མངའ་ཆེ་བའི་བུད་མེད་རྩོམ་གྲོགས་མར་བཟའ་བློ་སྒྲོལ་གྱི་མོ་ལོ་ཉི་ཤུའི་ནང་བརྩམས་པའི《སྣང་བའི་འཇིག་རྟེན》བཀླགས་པ་ཡིན། ཁོང་མོའི་སྙན་དེབ་འདི་ཆ་ཚང་བཀླགས་རྗེས་སུ་རང་གི་བློར་ཧ་ཅང་བབས་པའི་སྙན་ངག་《ཧ་ཅང་དགའ་བྱུང་།》དང《མི་སེམས་བརྐུས་པའི་ཉིན་ཞག》《མར་བཟའི་ཞུ་ཡིག》དག་རོགས་པ་རྩོམ་དགའ་དག་ལ་བསྐུར་བ་ཡིན། ཞོར་དུ་རང་གི་སྐད་འཕྲིན་བར་སྟོང་ཆུང་ངུ་འདི་རུ་ཡང་བཞག་དགོས་སྙམ་བྱུང་། གཟིམས་བདེ།

  ཉིན་འདི་གར་དྲ་ལམ་དང་ཐག་ཉེ་རིང་གི་མི་ཚོས་གླེང་གིན་པ་ནི་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་རེད། དེ་བཞིན་དུ་འཛིན་གྲྭའི་ནང་གི་སློབ་གྲོགས་འགའ་རེས་ཞོགས་པར་གཉིད་མ་སངས་གོང་ནས་བཟུང་དགོང་མོའི་བར་དྲ་ལམ་གྱི་འཁྱར་གཏམ་སྣ་ཚོགས་དང་གསར་འགྱུར་དག་རྫུན་དག་ཁོ་ནར་བལྟས་ཏེ་རང་ཉིད་ཀྱི་སྣང་བ་བསོར་སྤྱད་ཀྱི་སྐད་ཡ་མ་བླ་རེ་བཤད་ཀྱིན་དུས་ཚོད་མཐའ་དག་སྟོང་ཟད་ཟེར་ནའང་འདྲ་དེ་ལྟར་གཏོང་གིན་འདུག ང་ནི་དེ་ལས་ལྡོག་ཏེ་ཉིན་མོར་དཔེ་ཁང་དུ་སོང་ནས་ཚིག་ཇ་འཐུང་ཞོར་དུ་རང་གི་ལྟ་འདོད་པའི་དཔེ་ཆ་རེ་ཟུང་ཀློག་པ་དང་མཚན་མོར་སྐབས་རེར་འཛིན་གྲོགས་འགའ་རེ་དང་མཉམ་དུ་ཐེ་གེ་རྩེད་པ་དང་ལན་རེར་ཡི་གེ་འབྲི་སྦྱོང་ལས་ལ་འབད་པ། ཡང་ཁོམ་དུས་སུ་《王者荣耀》རྩེད་ཀྱིན་གྲོགས་པོའི་གམ་ནས་རྩེད་མཚར་གྱི་ཚུལ་དུ་རྒྱ་སྐད་དུ་我们一起走ཟེར་བཞིན་དགོད་ཁ་སློང་གིན་ཡོད། ངས་མཉམ་མ་བཞག་པར་སྨྱོ་རྟགས་གང་འདོད་དུ་བསྟན་དུས་ཁོ་ཚོས་བརྙན་ཀྱང་ལེན་འདུག འཛིན་གྲྭ་ལྷན་དུ་འཚོགས་པའི་སྐབས་ཤིག་ལ་གྲོགས་པོས་བརྙན་དེ་བསྟན་ནས་འཛིན་གྲོགས་ཆ་ཚང་ཧབ་ཆ་་དུ་རེར་བུད་སོང་།

  ལོ་སར་ལ་ཉེ་བའི་སྐབས་འདིར་ཨ་མ་གཙོའི་ཁྱིམ་མི་དག་ཤིན་ཏུ་དྲན་ཏེ། ད་ལོ་མ་གཏོགས་ལོ་སྔོན་མ་དག་ལ་འཛེམ་དོགས་དང་ཧ་ཅང་གཟབ་ནན་མ་ཡིན་པའི་སྒོ་ནས་ཁྱིམ་མི་དག་དང་མཉམ་དུ་ཟས་གང་ཞིམ་གྱི་སྡེར་ཁ་བསྒྲིགས་ནས་དགའ་དགའ་སྐྱིད་སྐྱིད་ངང་ལོ་སར་ལ་རོལ་བ་དང་། ཐག་ཉེ་རིང་གི་ཤ་ཉེ་སྤུན་མཆེད་ཚོ་མགྲོན་འབོད་བྱས་ཏེ་སྡེ་བའི་ནང་ཕན་ཚུན་ལ་ལོ་ཉུལ་དུ་འགྲོ་བའི་སྲོལ་རྒྱུན་དེ་མ་ཉམས་པར་ཞེ་སེམས་ལྷོད་ལྷོད་ངང་ཉིན་བཞི་ལྔའི་རིང་ལོ་སར་རོལ་བ་ཡིན། ཡིན་ནའང་ད་ལོར་དཔེ་མཚམས་པ་ཡིན་པས་རང་འདོད་དུ་གང་ལ་ཡང་འགྲོ་མི་ཉན་པར་བསྐལ་བ་སྟོང་གི་ཚོགས་བསགས་ལས་རྙེད་པའི་བཤེས་གཉེན་དམ་པ་བཀའ་བཅུ་རབ་འབྱམས་པ་མཁན་ཆེན་པདྨ་རས་པ་མཆོག་དང་། མི་ཉུང་མི་རིང་གི་ལོ་ངོ་དགུའི་ཡུན་གྱི་གྲོགས་རིགས་པ་སྨྲ་བའི་དཔུང་སྡེ། ཤེས་རབ་ཕར་ཕྱིན་འཛིན་གྲྭའི་མཆེད་པོ་ཚོ་ཞལ་འཛོམས་ཏེ་དགའ་སྐྱིད་ཀྱི་ལོ་སར་ལ་རོལ་དགོས།

  ལོ་མཇུག་འདིར་དྲ་ལམ་གྱི་རྩོམ་གྲོགས་མང་ཤོས་ཤིག་གིས་རང་ཉིད་ཀྱི་ལོ་གཅིག་རིང་དཔེ་ཆ་ཅི་ཙམ་ཀློག་པ་དང་རྩོམ་ཡིག་ཅི་ཙམ་བྲིས་པའི་གྲངས་ཀ་བསྡོམས་ཀྱིན་འདུག ད་དུང་འགའ་རེས་སྒོར་མོའི་འགྲོ་གྲོན་ཀྱང་བརྩིས་ནས་པར་རིས་སོགས་དྲ་ལམ་དུ་འཇོག་གིན་འདུག ཡིན་ནའང་། ལོ་རེ་རེའི་བྱ་བཞག་གལ་ཆེན་དག་བདེ་ལེགས་ངང་ལེགས་འགྲུབ་འབྱུང་གིན་འདུག་པས་ད་དུང་ལེགས་འགྲུབ་བྱུང་ཡོད་ཟེར་ནས་འུར་རྒྱག་མི་དགོས་པར་བྱ་བ་བཤམས་དང་ཡོད་པས་དེའི་ཆོག་གི་རེད། ད་དུང་། དཔེ་ཆ་རེ་ཟུང་ཀློག་པ་ལས་ཆེས་དགའ་འོས་པ་ས་གསུམ་ན་འགྲན་པའི་ཟླ་དང་བྲལ་བའི་སྐྱེས་བུ་དམ་པ་འགའི་རྣམ་ཐར་ལ་མཇལ་བ་དེའོ། ། རྩོམ་ཡིག་གང་ལ་གང་འཚམས་ཤིག་བྲིས་པ་དང་འགའ་ཤས་དུས་དེབ་དང་ཚགས་པར་ཚད་ལྡན་རེའི་སྟེང་བཞག་སྟེ་མི་མང་པོ་རང་ཉིད་ངོ་ཤེས་སུ་བཅུག་ཡོད།

  ༢༠༢༢ . ༣ . ༢ཉིན་གངས་ཀྱི་དབེན་གནས་སུ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གཟབ་ནན་མ་ཡིན་པའི་འཚོ་བ་ཞིག་གི་ཕྱིར་རྟོག

2022-03-20 གངས་ཚ་འཇོམས།(མགོ་ལོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།