ང་ཡི་ཁོ་ལེ་སྨུག་གཞེས།

ཟླ་ཚང་ཨོ་རྒྱན་ཚེ་རིང་། 琼迈文学网 2022-07-22

  ངའི་ཕ་ཡུལ་དུ་ལུ་གུ་ཆུང་ཆུང་ཨ་མ་མེད་ཅིང་། ནང་མིའི་གཉོར་སྐྱོང་ལ་བརྟེན་ནས་འཚོ་བའི་རིགས་དེར་ཁོ་ལེ་ཟེར།

  ངེད་ཚང་དགུན་ས་ན་ཡོད་དུས་ཀྱི་ཕྱི་དྲོ་ཞིག་ལ། ལུག་ཁྱུ་ལྷས་རར་སྐྱི་བའི་སྐབས་ཐོག་དེར། མ་མོ་སྨུག་གཞེས་མའི་གམ་དུ་ལང་ཐུབ་མི་ཐུབ་ཙམ་བྱེད་ཀྱིན་པའི་ལུ་གུ་ཞིག་མཐོང་། མ་མོས་ཤུག་མ་ལྡག་ཚར་རུང་རེད། སྤུ་ཁ་མ་མོ་སྨུག་གཞེས་མ་དང་ཨ་ན་མ་ན་ཡིན་པ་འདྲ། དགའ་བ་ལ། དེ་འདྲའི་ལུ་གུ་སྙིང་རྗེ་བོ་ཞིག །ངས་སྐྱོར་ནས་ཡར་ལང་རྒྱུར་རོགས་བྱས་པ་ན། ལུ་གུས་ཀྱང་དེ་ཚོད་ཀྱིས་འབད་པ་བྱས་སོང་མོད། ཕྱི་དྲོ་དེར་གྲང་རླུང་གི་རྒྱུ་ཕྱོགས་ནས་ལུ་གུས་རང་ཚུགས་ཐུབ་མ་སོང་བས། ངས་ལུ་གུ་པང་དུ་བཟུང་ནས་ཡུལ་ཕྱོགས་སུ་ཕྱིན་པ་ན། ལུ་གུའི་ཨ་མ་འབའ་བཞིན་དུ་ང་ལ་སྐོར་བ་བྱས་ནས་འགྲོ་དུས། སྙིང་ནས་བརྩེ་བའི་ལུ་གུ་ཆུང་ཆུང་གིས་ཀྱང་ཅི་ཞིག་ཧ་གོ་སོང་བ་དང་འདྲ་བར་མཚམས་རེར་དྭངས་ཤིང་གསལ་བའི་འབའ་སྒྲ་ཆུང་ངུ་རེ་འབྱིན་ཡོང་། ལུ་གུ། སྙིང་ཉེ་བའི་ལུ་གུ། ང་ལ་རང་དབང་མེད་པར་ལུ་གུའི་འཇིལ་ལིར་འཁྱིལ་བའི་སྤུ་གསེང་ལ་འགྲམ་པ་གླན་འདོད་ཅིག་བྱུང་། གྲང་རླུང་གི་རྒྱུ་བས་ངོ་དང་ལག་ཟུང་འཁྱག་པར་བྱེད་ཀྱང་། ངས་ལུ་གུ་དེ་པང་བའི་དགའ་སྣང་གིས་ཁྱིམ་ལ་ཐོན་ནས་མེ་ཁར་བཏུད་རག་བར་རང་ཉིད་གྲང་གིན་ཡོད་པའང་མ་ཚོར།

  ལུ་གུ་དེ་འདྲའི་སྙིང་རྗེ་བོ་འདུག་པས། ངས་ལུ་གུ་རུམ་ལ་གཟུང་ནས་ཉལ་འདོད། མ་མཐའ་ཡང་མཚན་གཅིག་ལ་ལུ་གུ་སྨུག་གཞིས་རུམ་ནས་ཉལ་ཐུབ་ན། ང་ལ་མཚོན་ན་བུས་པ་སྙིང་རྗེ་ཞིག་རུམ་ནས་ཉལ་བ་དང་ཁྱད་པར་ཅི་ཞིག་ཡོད། ཡང་གཅིག་བཤད་ན། གྲང་རླུང་གི་ཤུགས་སྒྲ་ཆེ་བའི་མཚན་མོ་དེར་ལུ་གུ་སྨུག་གཞེས་ཁངས་ཕྱིད་དུ་སོང་ཚེ། ང་ལ་དེ་ལས་ལྷག་པའི་སེམས་སྡུག་སྤྱད་ཅི་ཞིག་ཡོད། ཨ་ཕས། ལུ་གུ་ལ་སྐྱོན་ཡོད་པ་མ་རེད། ལུ་གུ་བྱིས་པ་དང་མི་འདྲ། ལུ་གུ་ལ་རང་བྱུང་གི་སྤུ་མཐུག་པོ་ཡོད་པས། ཙག་ཁོལ་བ་ཙམ་གྱིས་ཝ་མཐིས(ཁངས་ཕྱིད་དུ་འགྲོ་བ)ནི་མ་རེད། ད་རུང་འུ་ཚང་གི་ལུག་ར་མཐོན་པོ་ཡོད་པས། རླུང་གཡུགས་པ་ཙམ་གྱིས་སྐྱོན་ཅི་ཡང་མེད་ཟེར་བཞིན། ལུ་གུ་སྨུག་གཞེས་ངའི་ལག་ནས་བླངས་ཏེ་ལུག་ལྷས་སུ་བཞག་སོང་བས། མ་མོ་སྨུག་གཞེས་མ་དེ་མ་ཐག་ལུ་གུ་སྨུག་གཞེས་ཀྱི་གམ་དུ་ཐོན་ཏེ། ལུ་གུའི་ཐོག་ལ་ལྕེ་ལྡག་བྱེད་ཀྱིན་སྐད་དམའ་མོའི་ངང་འབའ་སྒྲ་ཐུང་ངུ་རེ་འབྱིན།

  ང་ཨ་ཕའི་སྟེང་ལ་ཁོང་ཁྲོ་ཞིག་ལང་གིན་སློག་པ་གོན་ནས་ཉལ་བ་ན། ལུ་གུ་སྨུག་གཞེས་ཀྱི་འཇིལ་ལིར་འཁྱིལ་བའི་སྤུ་གསེང་དང་འབའ་སྒྲ་སྙན་མོ་དེ་ཡིད་ལ་དྲན་ཡོང་། སྤུ་གསེང་ལ་གདོང་པ་གླན་དུས་བདེ་སྣང་མི་འདྲ་བ་ཞིག་ཡོད་པ་ཡིད་དུ་ཤར་ཡོང་བའི་ཞར་ལ། སེམས་གཏིང་ནས་དོ་ནུབ་ལུ་གུ་ཆུང་ཆུང་ཁངས་ཕྱིད་དུ་མི་འགྲོ་བའི་སྨོན་ལམ་འདེབས་ཀྱིན་གཉིད་དུ་ཤོར།

  ཀེ །ཤོ །ཤོ།

  ཨ་ཕས་ཕྱི་ལོགས་ནས་སྐད་ཆེན་པོ་འདོན་གྱིན་འདུག་ལ། ཏོག་ཙམ་འགོར་བ་ན། ཤོག་སྦག་གི་སྒྲ་ཐོས་ཡོང་བས། ཁ་འཆང་ཞིག་ལུག་རའི་ནང་ལ་ལྡིང་སོང་བའམ། ཁ་འཆང་ཞིག་གིས་ཐོ་ཚད་བྱས་ཏེ་ལུག་རྣམས་ཞོགས་སུ་བཅུག་པ་ཡིན་ངེས། སྐབས་འདིར། ང་ཆེས་སེམས་ཁྲལ་ཆེ་ས་དེ་ངེད་ཚང་གི་བཙས་མ་ཐག་ཡིན་པའི་ལུ་གུ་སྨུག་གཞེས་རེད། གནམ་རྒན་མ། ལུག་རྟིང་སྨུག་གཞེས་ལ་སྐྱོན་མེད་པར་ཤོག །ངའི་སྙིང་ཉེ་བའི་ལུག་གུ་སྨུག་གཞིས། ཁྱོད་འཚམས་པོ་བདེ་མོ་ཡིན་པར་སྨོན།

  ཨ་ཕས་ལག་སྒྲོན་འོད་ཆེན་དེ་བཀར་ནས་ལུ་གུ་ཆུང་ཆུང་ཞིག་ཁྱིམ་ལ་ཁྱེར་ནས་ཐོན། འདི་ཟུངས། ངའི་ཞི་ལུ(ཨམ་སྐད་ནང་བུ་ཡི་དོན)ལུ་གུ་སྨུག་གཞེས་ལ་དགའ། སྔོན་ཏག་ཏག་འདིར་ལུག་རའི་ནང་ལ་སྤྱང་ཀི་ལྡིང་སྟེ་མ་མོ་སྨུག་གཞེས་མ་བསད་འདུག  ད་ནི་ལུ་གུ་ཁ་དྭར་ལུས་སོང་བ་རེད། ཅེས་བཤད་འཕྲོར། སློག་པ་རྙིང་པ་ཞིག་བླངས་ཡོང་ནས་ལུ་གུའི་ཐོག་ལ་བཀབ་རྗེས། ཨ་བ་ཨ་མ། སྤྱང་རྒན་ཚེ་ཟད་དེ་ཟེར་གྱིན་ཉལ་སའི་ཐོག་ཏུ་ལོག་སོང་།

  ཕྱི་ཉིན་སྔ་མོར། ཨ་མས་ཀོ་བ་སྙི་མོ་ཞིག་བླངས་ཡོང་ནས་ལུ་གུ་སྨུག་གཞེས་ལ་རྭ་ནུ་བཟོས། ཀོ་བ་སྙི་མོ་ལས་གྲུབ་པའི་ནུ་མགོ་དེ་འགྱིག་དམ་ཞིག་གི་ཁ་ལ་བསྐོན་ཅིང་། ནུ་མགོ་ནས་ཕྲ་བུག་མཐོང་ཐུབ་པ་ཙམ་བཏོད་རྗེས། འགྱིག་དམ་དེའི་ནང་དུ་འོ་མ་དྲོ་འཇམ་ཞིག་བླུགས་ནས་ལུག་རྟིང་སྨུག་གཞིས་ལ་བསྣུན། ལུ་གུ་སྨུག་གཞེས་ཀྱིས་སྐད་དམའ་མོའི་ངང་འབའ་སྒྲ་ཐུང་ངུ་རེ་འབྱིན་ཡོང་དུས། ངས་ལུ་གུས་རང་གི་ཨ་མ་དྲན་གྱིན་འདུག་བསམས་ནས་སྔར་ལས་ལྷག་པའི་སྙིང་ཉེ་བ་ཞིག་བྱུང་སྟེ། མཚམས་རེར་མེ་ཁ་ནས་ལུ་གུ་པང་། ལན་རེར་ལུ་གུའི་རྒྱབ་ཏུ་ང་རང་གི་སྟོད་ལྭ་ཚི་སྟུག་མ་ཞིག་ཡོད་པ་དེ་བསྐོན། སྣང་བ་ཞིག་ལ་དེ་ལྟར་བསྒྲུབས་ན་ད་གཟོད་ལུ་གུས་ཨ་མ་དྲན་པའི་གདུང་བ་སེལ་ཐུབ་སྙམ། ཡིན་ནའང་། མཚམས་ལན་རེར་ལུ་གུས་ཧ་ཅང་ཉམ་ཆུང་བའི་འབའ་སྒྲ་རེ་འབྱིན་ཡོང་དུས། སེམས་སུ་ཨ་ཁ་ཁ་སྙམ་པ་ཞིག་ཀྱང་འབྱུང་།

  ཉིན་གཉིས་འདས་རྗེས། ལུག་རྟིང་སྨུག་གཞེས་ལ་འགྲོ་འདུག་གི་དཀའ་ཚེགས་གང་ཡང་མེད་པར་གྱུར་མོད། ངས་ཨ་མ་ལ་རེ་བ་བཏོན་ནས་ལུ་གུ་སྨུག་གཞིས་ལ་ཟི་ཚར་གྱི་ཁེབས་ཤིག་བཟོ་རུ་བཅུག །ཁེབས་བརྒྱབ་ནས་ལུག་ཁྱུར་བཏང་ན་ད་གཟོད་ངའི་སེམས་ཁ་བདེ་རུ་འབབ་ཐུབ།

  ཨ་མ་མེད་པའི་ལུག་རྟིང་དེ་མཚམས་རེར་ལུག་ཁྱུའི་གསེང་ན་མ་མོ་གཞན་དག་གི་རྗེས་སུ་རྒྱུག །ལན་རེར་ལུག་ཁྱུའི་མཐའ་ན་ཁོ་རང་གཅིག་པུ་འགྲོ། དེ་ལྟ་བུའི་ལུ་གུ་ཁ་དྭ་དེའི་བྱ་བྱེད་མཐོང་ཡོང་དུས། ང་དེ་མ་ཐག་ལུ་གུ་དང་ཉེ་བར་བཅར་འདོད། ཁོ་ལེ། ཁོ་ལེ། ཁོ་ལེ། འདི་ལྟར་བོས་མ་ཐག །ལུ་གུ་སྨུག་གཞེས་ཀྱིས་ཁོ་རང་འབོད་ཀྱིན་ཡོད་པ་ཧ་གོ་ནས་མགྱོགས་པོར་ངའི་གམ་དུ་ཐོན་འགྲོ། རྭ་ནུའི་ནུ་མགོ་ལུ་གུའི་ཁ་ནང་དུ་བཞག་མ་ཐག་རྔ་མ་ཆུང་ཆུང་དེ་གཡུགས་གཡུགས་བྱེད་ཀྱིན་དབུགས་ཐེངས་གཅིག་གིས་འོ་མ་འཐུང་ཚར་བར་བྱེད་ཅིང་། ངའི་གམ་ནས་ཡུན་རིང་བོར་བསྡད་ནས་ང་ལ་མགོ་ཡིས་ཕུར་ཕུར་བྱེད་ལ། མཚམས་རེར་བྱིས་པ་ཆུང་ཆུང་ཚོའི་འོག་ལ་མཆུ་བཞག་ནས་བྱིས་པ་དག་གི་ནེ་ནེ(ཨམ་སྐད་དུ་བྱིས་པའི་ཕོ་མཚན་གྱི་གཅེས་མིང)ནུ་དུས། ང་གཏིང་ཞིག་ནས་གད་མོ་ལངས་ཏེ། ཁོ་ལེ། ཁོ་ལེ། ཁོ་ལེ། ཞེས་བོས་པ་ན། ཁོས་ཀྱང་ཅི་ཞིག་གི་ཧ་གོ་སོང་བ་དང་འདྲ་བར་ལམ་སང་ངའི་གམ་དུ་རྒྱུགས་ཡོང་།

  ལུག་ཁྱུ་ན་ངེད་ཚང་གི་ནང་མི་དག་ལ་ངོས་བཏགས་ཀྱི་ལུག་རེ་ཡོད། དེ་ནས་བཟུང་ང་ལ་མ་མོ་རྒྱ་ཐོ་མ་བརྩིས་ན་ལུག་ངོས་བཏགས་གཅིག་གིས་ཇེ་མང་དུ་སོང་། དེ་ནི་ཨ་མས་ཁོ་ལེ་སྨུག་གཞེས་དེ་རིང་ནས་བཟུང་ཁྱོད་ཀྱི་ངོས་བཏགས་ཡིན་ཞེས་ལབ་པས་ཡིན། ཡིད་དུ་འོང་བའི་སྐད་ཆ་དེ་སྙིང་ཉེ་བའི་ཁོ་ལེ་སྨུག་གཞེས་དང་འདྲ་བར་ངའི་ནང་སེམས་ཀྱི་གཏིང་རིམ་ཞིག་ཏུ་འཁྱིལ་ཡོང་སྐབས། ངས་ཡང་དང་ཡང་དུ་ཁོ་ལེ་པང་སྟེ། འཇིལ་ལིར་འཁྱིལ་བའི་སྤུ་གསེང་ལ་ངོ་ཧྲིལ་བོ་གླན་ནས་ཁོ་རང་ལ་གཅེས་གཅེས་བྱས།

  རིམ་བཞིན་ཁོ་ལེ་ཆེན་པོ་ཞིག་ཏུ་གྱུར་ཏེ། མགོ་ནས་རྭ་ཅོ་ཏོག་ཙམ་བུད་ཡོང་སྐབས། ནམ་རྒྱུན་ཟོག་ཁྱུ་དང་ཁྱིམ་ནང་གང་རུང་ལ་རེས་མོས་ཀྱིས་རྒྱུགས་པའི་རྣམ་པ་དེ་ཅུང་ཙམ་འགྱུར་སོང་། ཁོ་ལེ་སྨུག་གཞེས་ཟོག་ཁྱུར་འགྲོ་རྒྱུ་ཇེ་མང་དང་། ཁྱིམ་ནང་དུ་ཡོང་རྒྱུ་ཇེ་ཉུང་དུ་ཕྱིན། ཡིན་ནའང་། ངས་སྒོ་ཕྱུགས་ཀྱི་རྗེས་དེད་ནས་འགྲོ་དུས། ཁོ་ལེ། ཁོ་ལེ། ཞེས་བོས་མ་ཐག །སྔར་བཞིན་ལམ་སང་ངའི་གམ་དུ་རྒྱུགས་ཡོང་།

  ངས་ཨ་ཕ་ལ། ཁོ་ལེ་སྨུག་གཞིས་ངའི་ངོས་བཏགས་ཡིན་པས། གཞུག་ནས་རྣ་གསོས(ཨམ་སྐད་ནང་རླིག་འབྲས་བཏོན་པ)མི་ཆོག །ཅེས་ལབ་པ་དང་། ནང་སེམས་ཀྱི་ཟབ་ས་ཞིག་ནས་རྗེས་མར་ཁོ་ལེ་སྨུག་གཞེས་ཁྲོམ་ཆེན་པོ་ཞིག་ཉན་ཚེ། ཁ་དམ་ལ་ཐུག་ན་སྐྲག་སྣང་གང་ཡང་མེད་པར་ཕར་རྒོལ་བྱེད་ཐུབ་པ་ཞིག་ཏུ་སྐྱེད་སྲིང་བྱ་དགོས་ཤིང་། སྟབས་འགྲིག་ན་ཁོའི་ཨ་མ་གསོད་མཁན་གྱི་ཁ་འཆང་དེར་དགྲ་ཤ་ལེན་ཐུབ་པའི་རེ་བའང་ཡོད་སྙམ།

  ངེད་ཚང་གི་ཟོག་བ་དགུན་ས་ནས་ནང་རྫར་སྤར་བའི་ཉིན་གཉིས་པའི་དགོང་དྲོ་དེར། ཁོ་ལེ་སྨུག་གཞེས་གློ་བུར་བའི་ངང་གར་སོང་ཆ་མེད་དུ་གྱུར། ཉི་མ་སྔ་ས་ནས་ཡལ་ཏེ་ས་གཞིར་མུན་རུབ་ལ་ཉེ་དུས་ལུག་ཁྱུ་ལྷས་ལ་འཁོར་ཡོང་མོད། ཁོ་ལེ་སྨུག་གཞིས་མཐོང་ལམ་དུ་མི་སྣང་བར་གྱུར། ཝ་ཞིག་གིས་བསད་སོང་བ་ཡིན་ནམ། དཔེ་མི་སྲིད། ཝས་ལུག་རྟིང་མ་གཏོགས། ལུ་གུ་ཆེ་ཞིག་ལ་ཅི་ཡང་བྱེད་མི་ནུས། གནམ་རྒན་མ། སྤྱང་རྒན་ཞིག་གི་ཁ་ནང་ལ་ཤོར་སོང་བ་ཡིན་ནམ། ཡིད་ལ་འདི་ལྟར་དྲན་གྱིན་བྲེལ་བ་ལངས་ཏེ་ལུང་པ་རེ་གཉིས་འཕྲེད་ཀྱིས་བཅད་ཅིང་། ངག་ནས། ཁོ་ལེ། ཁོ་ལེ། ཞེས་ལན་གྲངས་ག་ཚོད་བོས་ཀྱང་། འབའ་སྐད་གཅིག་གི་ཨ་ལན་ཡང་མ་བྱུང་། ལུ་གུ་བོར་བའི་བྱིས་པ་དེ་གཅིག་ནས་ལུ་གུར་སེམས་ཁྲལ་བྱུང་། གཉིས་ནས་ཕ་མ་ལ་སྐྲག་སྟེ་ཡུལ་ལ་འགྲོ་མ་ཐུབ་པར་ཏོག་ཙམ་འདས་རྗེས། སྐྲག་སྣང་ཞིག་དང་མཉམ་དུ་ཡུལ་ལ་ལོག་རྩིས་བྱས། ག་ལེར་སྨག་རུམ་གྱི་ཡོལ་བ་ཇེ་སྲབ་ཏུ་ཕྱིན་ནས་ཟླ་དཀར་གྱི་འོག་ཏུ་གོམ་བགྲོད་བྱེད་ཀྱིན་ཡུལ་ལ་ཕྱོགས་པའི་ལམ་བར་དུ། མཚམས་ཤིག་འཕྱི་ཁུང་ལྟ་བུ་ཞིག་གི་སྒོ་ཁ་ན་ལུ་གུ་ཞིག་གཉིད་འདུག་སྙམ། ངས་དེ་ངེད་ཚང་གི་ཁོ་ལེ་སྨུག་གཞེས་ཡིན་ངེས་བསམས་ཏེ། དགོང་མོའི་སྐྲག་སྣང་ཞིག་དང་འགྲོགས་ནས་དལ་མོར་ཐག་ཉེ་སར་བཏུད་དེ། སྐད་དམའ་མོའི་ངང་། ཁོ་ལེ། ཁོ་ལེ། ཞེས་བོས་པ་ན། དེ་ནི་ངེད་ཚང་གི་ཁོ་ལེ་མ་ཡིན་པར་རི་བོང་ཞིག་རེད་འདུག །རི་བོང་དེ་གནམ་ལ་མཆོངས་ཐེངས་ཤིག་གིས་ཁུང་བུ་དེ་ལས་ཕར་སོང་སྟེ་རིམ་བཞིན་མིག་ནང་ནས་ཡལ་བར་གྱུར། ང་རང་ཅི་བྱ་གཏོལ་མེད་དུ་གྱུར་ནས་མུ་མཐུད་དུ་ཡུལ་ལ་སོང་།

  ཡུལ་ལ་འབྱོར་དུས། ཁོ་ལེ་བོར་བའི་སྡུག་བསྔལ་དང་ཕ་མར་སྐྲག་པའི་སྣང་བ་གཉིས་ངའི་སེམས་སུ་རྐྱ་འཐབ་ནས་འཕྱུར་ཡོང་གིན་འདུག །དར་ཅིག་རིང་ཁྱིམ་ལ་མ་སོང་བར་འདང་བརྒྱབ་ནས་སྡོད་དུས། མཚམས་ཤིག་ཐག་ཉེ་ན་ཡོད་པའི་ངེད་ཚང་གི་ཨོང་ཁང་ལས་གསལ་ཞིང་དྭངས་པའི་ལུ་གུའི་འབའ་སྐད་ཅིག་གྲགས་ཡོང་། ང་ཁ་རོག་གེར་ཨོང་ཁང་གི་སྒོ་འགྲམ་དུ་སླེབས་པ་ན། ཁོ་ལེ་སྨུག་གཞེས་ཨོང་ཁང་ནང་དུ་ཨོང་བ(ཨམ་སྐད་ནང་ལྕི་བ་སྐམ་པོའི་དོན)ལ་བསྙེས་ནས་ཉལ་བསྡད་ཡོད་པ་མཐོང་བས། དེ་འཕྲལ་དུ་ང་ལ་སྨྲ་བསམ་བརྗོད་ཡུལ་ལས་འགོངས་པའི་དགའ་བ་ཞིག་སྐྱེས་ཏེ་ཁོ་ལེ་བཟུང་ནས་པང་བ་ན། ངའི་མིག་མཐའ་ནས་རང་དབང་མེད་པར་མཆི་རྡོག་གི་ཐིགས་པ་དུ་མ་ཟགས་སོང་།

  དྲ་ལམ་ནས་ཁྱིམ་བདག་ཅིག་གིས་བྱིས་པའི་དགེ་རྒན་ལ་པར་དང་ཡི་གེ་བསྐུར་ཏེ། ཁོ་ཚང་གི་འབྲི་མོས་བེའུ་ཞིག་བཙས་འདུག་པའི་གནས་ཚུལ་དེ་བུ་མོར་བཤད་དགོས་པ་དེ་མཐོང་བ་དང་། གནས་ཚུལ་དེ་ལ་གཞི་བཅོལ་ནས་དབྱངས་ཅན་ལྡིང་ཁང་ལགས་ཀྱིས་ང་ཡི་འབྲི་མོ་རྩིབས་དཀར་མ་ཞེས་པའི་རྩོམ་ཞིག་བྲིས་འདུག་པ་བཀླགས་པར་བརྟེན། སྔོན་ཆད་རང་ཉིད་ལོ་ན་ཆུང་དུས་ངོས་བཏགས་ལུ་གུ་ཁ་དྭ་ཞིག་ཡོད་པ་དེ་དྲན་ཡོང་ཞིང་། སློབ་ཆུང་སྐབས་ང་ཡི་ཁོ་ལེ་ཞེས་པའི་རྩོམ་ཐུང་ཞིག་བྲིས་མྱོང་བ་ཡིད་ལ་དྲན་ཏེ་རྩོམ་འདི་འབྲི་འདོད་བྱུང་།

           ཕྱི་ལོ༢༠༢༡ལོའི་ཟླ༡༢པའི་ཚེས༣ཉིན་གྱི་དགོང་མོར་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ང་ཡི་ཁོ་ལེ་སྨུག་གཞེས།

2022-07-22 ཟླ་ཚང་ཨོ་རྒྱན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།