གློག་བརྙན་ཐུང་ངུའི་འཁྲབ་གཞུང་། ལས་དབང་།

སྐྱི་ལྷ་མོ་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-11-22

༢༠༡༥  ༡༠  ༢༥ཉིན།
གཙོ་འཁྲབ་པ།ཨ་མ་རྒན་མོ་དཔལ་སྐྱིད  ལོ་ན་༤༠ཡས་མས།  རི་གྲོང་འབྲོག་པ།   གཤིས་སྤྱོད་གཡའ་དག་ཅིང་བྱམས་སྙིང་རྗེ་ཆེ་བ།
འཁྲབ་སྟོན་པ།  
ཁ་ཆེ་གཅིག ལོ་གཞོན་བུད་མེད་བཞི།   བྱིས་པ་ཆུང་ཆུང་གཉིས།
ལོ་ལོན་ཀ་བ།  ལོ་ལོན་ཁ་བ།  གསར་བུ་གཅིག གྲྭ་བ་སྤྲང་བོ་གཅིག  ལུའུ་ཀྲུའུ་རིན།   སྒོ་སྲུང་།

              འཁྲབ་ཚན་དང་བོ།

ཕྱིའི་བརྙན།
ས་གནས།གྲོང་ཁྱེར་ག་གེ་མོ།
དུས་ཚོད།གཟའ་ཉི་མ།
མི་སྣ།ཨ་མ་དཔལ་སྐྱིད།སྤྲང་བོའི་ཚོགས།བུད་མེད་ཀ་བ།
ནང་དོན།གནམ་ངོ་ཤིན་ཏུ་དྭངས་པའི་གཟའ་ཉི་མར་འགྲོ་དྲུག་མ་རུ་སྒོམ་ནས་ཟང་ཟིང་གི་གྲོང་ཁྱེར་ག་གེ་མོ་རུ་སླེབས་དུས།ལྟོགས་སྡུག་གིས་མནར་བའི་ངོ་ལ་རྒས་གཉེར་དོད་པའི་ལོ་ལོན།གསར་ཉམས་རྒྱས་པའི་གཞོན་ནུ།ལང་ཚོ་སྨིན་པར་རྩོམ་པའི་ལོ་ཆུང་དག་སྤྲང་ཚོགས་ཐ་ར་ར།

བརྙན་མིག་ལས་ཧ་ཅང་གཡའ་དག་པའི་གྲོང་ཁྱེར་ག་གེ་མོའི་མཁའ་དབྱིངས་ཤར་ཅིང་དེ་ནས་རིམ་བཞིན་གྲོང་ཁྱེར་དེའི་གྲོང་སྲང་ག་གེ་མོ་བརྒྱུད་ནས་འགྲོ་བའི་ཨ་མ་དཔལ་སྐྱིད་ཀྱི་རྣམ་པ་གསལ་བོ་ཅིག་ཤར་བ་དང་བསྟུན་རྒྱབ་གཟུགས་ནས་རིམ་བཞིན་རབ་རིབ་ངང་བརྙན་སྒོ་རྒྱག་པ   བརྙན་མིག་ལས་ཟང་ཟིང་ལང་ལོང་གི་མི་ཚོགས་མང་དག་ཅིག་མངོན་པ་དང་དམིགས་ཀྱིས་དེ་དག་དབུས་ཀྱི་གདོང་ལ་ཉམས་ཐག་པ་དང་འུ་ཐུག་པའི་རྣམ་པ་ཤུགས་དྲགས་སུ་མངོན་པའི་སྤྲང་བོ་དག་གསལ་བོར་མངོན།དེ་ལས་གང་སར་སྒོར་མོ་སློང་བར་རྒྱུགས་པའི་བྱིས་པ་ཆུང་ཆུང་དག་ཤུགས་དྲགས་ངང་བརྙན་མིག་དུ་ལེན་ཅི་ཐུབ་བྱ་བ།བརྙན་སྒོ་ཕྱེ་བ་དང་བསྟུན་སྐྱོ་སྣང་གི་སྒྲ་ཞིག་ཀྱང་གྲགས་འོང་་་
       སྤྲང་བོ:༼   ཨ་ཁུ་ལོ་ལོ་་་ ཨོ་མ་ནི་པདྨེ་་་་༽༼   གས་ཁས་ཁེངས་པའི་ལག་ཟུང་ཞིག་གིས་སྒོར་གཅིག་ཤོག་སྒམ་དེའི་ནང་ལ་བཞག༽༼བརྙན་མིག་ལས་གསལ་བོ་ཞིག་མངོན་པ༽
      ཨ་མ་དཔལ་སྐྱིད:༼ཨོ་མ་ནི་པདྨེ་་་   མར་གྱུར་སེམས་ཅད་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག  སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག༽
ཁང་བརྩེགས་ཀྱི་གྲིབ་གཟུགས་གསེབ་གྲང་འདར་འདྲེས་མས་གདོང་ལ་མཚར་ཉམས་ཀྱིས་མུ་ནས་མུ་རུ་བགྲོད་ཀྱིན་འདུག མིག་གིས་ཅི་རིག་རིག་གིས་ཡར་མར་ལ་བལྟ་བཞིན།
       སྤྲང་ཕྲུག:༼སྒོར་མོ་ཁེར་མ་ཟིག སྒོར་མོ་ཁེར་མ་ཟིག་་་་་་་་  ༽མི་ཚོགས་ཡར་མར་ལ་གཞོལ་བཞིན་བྲེལ་སྟབས་ཀྱིས་བགྲོ་ཡི་འདུག༼བྱིས་པ་ཆུང་ཆུང་གཉིས་ཀྱིས་ལམ་གྱི་མི་ཚོགས་བདའ་བཞིན་གྱོན་པས་འཐེན་བཞིན་སྒོར་མོ་སློང་ཡི་འདུག༽
      མི་སྣ་བུད་མེད་ཀ་བ:讨厌   ཕྱི་མཛེས་སྡུག་གོས་ཀྱིས་སྤུད་པ།ངོ་གདོང་སྐག་སྣུམ་གྱིས་བྱུགས་པ་ཞིག་གིས་ཤེད་ཀྱིས་བྱིས་པ་དེའི་ལག་པ་རྒྱང་དུ་གཡུགས།
       ཨ་མ་དཔལ་སྐྱིད སེམས་ནད་ཅིག་རྒྱུགས་པ་ལྟར་སེམས་སུ་ཚ་ཤེད་ཅིག་རྒྱུགས་པ་དང་ལྷན་མྱུར་སྟབས་ཀྱིས་བྱིས་པ་དེའི་གམ་དུ་ཕྱིན་ནས་བྱམས་བརྩེའི་ངོོ་འཛུམ་གྱིས་སྒོར་ཟུར་ལྔ་ཁོ་གཉིས་སོ་སོར་བྱིན།[སྐྱོ་འཛུམ་ནས་དགའ་འཛུམ]སྐྱོ་སྣང་གི་སྒྲ་ཞིག་ཀྱང་གྲགས་ནས་ཡོང་།
       སྤྲང་ཕྲུག ད་དུང་སྒོར་ཟུར་ལྔ་་་ ད་དུང་སྒོར་ཟུར་ལྔ་་་  ཨ་མ་ལོ་ལོ་་ ཕུ་ཐུང་ནས་འཐེན་བསྡད་པས།ཚི་དྲེགས་ཀྱིས་ཟིན་པའི་སྐེ་ཁུག་ནས་ཡང་བསྐྱར་སྒོར་ཟུར་ལྔ་བཏོན་ནས་བྱིན།
སྐབས་འདིར་མི་ཚོགས་གསེབ་ཀྱི་སྤྲང་ཕྲུག་གཉིས་ཀྱི་ཨ་མ་དེས་ཨ་མ་དཔལ་སྐྱིད་མིག་གིས་བཟུང་འདུག
       སྤྲང་ཕྲུག་ཨ་མ མཐེབ་ཆེན་ཡར་ལ་བསྲིངས་ནས་་་ གདོང་གི་རྣམ་པར་བལྟ་བཞིན་སྒོར་མོ་གཅིག་རེག་པར་སྨོན་གྱིན་འདུག  
       ཨ་མ་དཔལ་སྐྱིད  འགྲོ་ཞོར་དུ་ཕྲེང་བ་འདྲེན་བཞིན་་་ གལ་ཏེ་ད་ཐེངས་གོ་རེ་དང་རྩམ་པ་མང་བོ་ཞིག་ཁྱེར་ཡོང་ཡོད་རྒྱུ་ན་རང་གིས་ཚོགས་ཆེ་ཞིག་གསོག་ཐུབ་པས།ཕྱི་མའི་ལམ་འདྲེན་ལ་ཐུབ་རྒྱུ་རེད།ཨོ་མ་ནི་པདྨེ་ཧཱུ་་་ འགྲོ་བ་མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་དང་བདེ་སྐྱིད་དང་མི་བྲལ་བར་གྱུར་ཅིག  ཨོ་མ་ནི་པདྨེ་ཧཱུ་་་༼བརྙན་མིག་ཏུ་ཨ་མ་དཔལ་སྐྱིད་ཀྱི་ངོ་གདོང་གསལ་ཐག་ཆོད་པ་ཞིག་ལེན་པ་དང་རྒྱབ་གཟུགས་ནས་མུ་རུ་བགྲོ་བའི་ཨ་མ་དཔལ་སྐྱིད་ལེན་པ ཐག་མི་རིང་བའི་ས་རུ་སྲིད་གཞུང་ག་གེ་མོའི་སྒོ་བྱང་གསལ་ལེར་མངོན་འདུག༽

            འཁྲབ་ཚན་གཉིས་པ།

ཕྱིའི་བརྙན།
ས་གནས  གྲོང་ཁྱེར་སྲིད་གཞུང་གི་སྒོ་མདུན།
དུས་ཚོད་གཟའ་ཉི་མའི་ཉིན་གུང་།
མི་སྣ  ཨ་མ་དཔལ་སྐྱིད སྒོ་སྲུང ཁྲིན་ཀྲུའུ་རིན བུད་མེད་གཉིས་དང་མི་ཚོགས་
བརྙན་མིག་ལས་༼མི་དམངས་ལ་ཞབས་འདེགས་ཞུ་་༽ཅེས་པའི་ཡིག་ཕྲེང་གསལ་བོར་མངོན་པ་དང་སྲིད་གཞུང་གི་ཁོར་ཡུག་ཀུན་གསལ་ལྷང་ངེར་ལེན།གདོང་ཐད་ནས་ཨ་མ་དཔལ་སྐྱིད་ལེན་པ་ཨ་མ་དཔལ་སྐྱིད་བརྗིད་ཅིང་ལྟ་ན་སྡུག་པའི་གཞལ་ཡས་ཁང་ལྟ་བུའི་གྲོང་ཁྱེར་སྲིད་གཞུང་གི་སྒོ་མདུན་དུ་ལངས་ནས་ཨ་ལ་ལ་ལ་་་ དངོས་གནས་བརྗིད་ཆགས་པ་རེད།སྐྱེས་བ་ད་ཐེངས་ཁངས་བརྩེགས་འདིའི་ནང་དུ་བྱ་བ་བསྒྲ྄ུབ་བཞིན་པའི་མི་དག་ནི་སྐྱེ་བ་སྔོན་མར་དགེ་ལས་ལ་འབད་མཁན་དག་དག་ནི་ཡིན་པར་ངེས་ཏེ།རང་གི་སྐྱེ་བ་ནི་ད་ཐེངས་ཞིང་འབྲོག་གི་ལས་ཀ་གཉེར་མཁན་ཞིག་རེད་མོད།དེ་བས་སྐྱེ་བ་ད་ཐེངས་སྨོན་ལམ་རེ་རྒྱག་པ་དང་ཚོགས་བསགས་དགེ་ལས་རེ་བསྒྲུབ་པ་ལས་ཐབས་གཞན་ཅི་ཡོད ཨོ་་མ་ནི་པདྨེ་ཧཱུ་་་་་་  ཅེས་རང་གིས་རང་ལ་ཁེར་ལབ་ཅིག་རྒྱ྄བ་རྗེས་ནང་དུ་འགྲོ་འགོ་བརྩམས།
         སྒོ་སྲུང྾停 ,,,停,,停,,不能进去,,,བཙན་ཚུགས་ཀྱི་ཉམས༼སྐྱོ་དབྱངས་ཤིག་གྲགས་ཡོང་༽
          ཨ་མ་དཔལ་སྐྱིད  ཅི་རེད་ནང་དུ་འགྲོ་མི་ཆོག་གམ
          སྒོ་སྲུང྾别在这儿没事找事  去去去  回去 这地方不是你来的地方ཕུ་ཐུང་ནས་འཐེན་བཞིན་སྒོ་ཁ་ཕྱིར་བསྐྱལ།
རླངས་འཁོར་གླང་མགོ་རྟགས་ཅན་ཞིག་གིས་དུང་བརྡ་རྒྱབ་པས་ཧ་ཅང་གུས་པའི་ཉམས་ཀྱིས
          སྒོ་སྲུང྾陈主任 您好 您吃饭了没
           陈主任|吃了 这阿姨是干嘛的?
            门卫|她没事找事 您歪理她了 来抽根烟  
            陈主任|恩谢了  
             门卫|陈主任  您慢走
བདག་པོ་འཇམ་ཡང་སྒོ་ཁྱི་བཙན་པས་ནང་དུ་ཐར་མི་ཐུབ་ལ་གོ་བརྡ་ཡང་སྤྲོད་མི་ཤེས་པས།སྒོ་ཁ་ནས་ཕྲེང་བ་འདྲེན་ཞོར་མ་ནི་འདོན་བཞིན་ལོ་ཙཱ་ཞིག་རྙེད་འུ་ཐུབ་ལ་སྒུག་ནས་ཡར་ལོག་མར་ལོག་གི་མི་ཚོགས་ལ་ང་ལ་རོགས་པ་ཞིག་བྱེད་འུ་ཐུབ་ཅེས་མི་མང་ལ་དྲིས།༼འུ་ཐུག་པའི་ཉམས།སྐྱོ་དབྱངས་ཤིག་ཀྱང་དལ་མོར་གྲགས་འོང༽
          བུད་མེད༼ལས་བྱེད་པ་ཞིག༽྾འོ་ཡ་་་ ཨ་ཡེ་ལ་བྱ་བ་ཅི་ཡོད
          ཨ་མ་རྒན་མོ྾ང་ལ་ལོ་ཙཱ་ཞིག་བྱེད་རོགས།དྲིན་ཆེ་ཚེ་རིང་རྒྱུ་བོ།ཨོ་མ་ནི་པདྨ་ཧཱུ་་
          བུད་མེད྾ཅི་རེད
           ཨ་མ་རྒན་མོ྾྾འདི་་་་་་་ འདི་ལ་ལྟོས་དང་།ཡི་གེ་འདིའི་སྟེང་དུ་སྲིད་གཞུང་གི་ཐམ་ག་ཞིག་རྒྱག་དགོས་ཀི་ཟེར ཞང་སྲིད་གཞུང་ནས་རྫོང་སྲིད་གཞུང་ལ་སོང་ཟེར རྫོང་སྲིད་གཞུང་་ནས་ཐམ་ག་གཅིག་མ་གཏོགས་མ་བརྒྱབ་ཐལ།ཁུལ་སྲིད་གཞུང་ལ་སོང་ཟེར།ད་འདི་ནས་སྒོ་ནང་དུ་འགྲོ་རུ་མི་འཇུག་གི་་་་  དྲིན་ཆེན་ཚེ་རིང་རྒྱུ་བོ་་ལོ་ལོན་མ་་་[བྲེལ་འཚུབ་ཀྱི་ཉམས]
            བུད་མེད྾྾འདི་་་་་་་  འོ་་་་འོ་་་་ ཡཡ་་  ངས་ཁོ་ལ་བཤད་ཆོག
              女孩:为什么不能进去?政府不是为人民服务的吗?
              门卫:她能有什么事、、 再说她不会讲汉语   根本就无法交流
              女孩:她没事就会来这儿吗?再说你会讲藏语吗?
              བུ་མོ྾ཡ་ཡ་་ཨ་མ་རྒན་མོ་ཁྱེད་རང་ནང་དུ་ལོག་ཆོག
               ཨ་མ་རྒན་མོ྾྾འོ་ཡ་ཡ་་་་ ཚེ་རིང་རྒྱུ་བོ་་   དྲིན་ཆེན་ཚེ་རིང་ལོ་བརྒྱ་་་་ཨོ་མ་ནི་པདྨེ་ཧཱུ
ཕྱི་རོལ྾྾྾ཐག་ཐག་་་་་ ཐག་ཐག་་་་་ཐག་་་་་  ནང་རོལ྾྾྾进来  
ཕྱི་རོལ྾྾྾ཐག་་་ཐག་་ཐག་་ཐག་ཐག་ཐག་་་་

ཨ་མ་རྒན་མོ྾྾དྲིན་ཆེན་ཚེ་རིང་རྒྱུ་བོ་་ང་ཡི་གེ་འདིའི་སྟེང་དུ་རྟགས་ཐམ་ཞིག་རྒྱག་རོགས
བུ་མོ྾྾འོོ་་་་ ནང་དུ་ཤོག  དེ་ནས་སྡོད ངས་ཁྱོད་ལ་ཇ་ཞིག་ལྡུག  ཇ་འཐུངས་རོགས
ཨ་མ་རྒན་མོ྾྾འོ་་ཡ་་་ ལོ་ལོན་དྲིན་ཆེན་ཚེ་རིང་རྒྱུ་བོ
བུ་མོ྾྾ཡིག་ཆ་འདི་ང་ཚོའི་刘主任ཡིས་ཐམ་ག་རྒྱག་དགོས་པ་རེད།འོན་ཀྱང་刘主任ཞིང་ཆེན་རུ་ཚོགས་འདུ་ཞིག་ལ་སོང་ནས་གཟའ་འཁོར་འགའ་རེད།ནམ་ཕྱིར་ཡོང་མིན་ང་ཚོས་ཀྱང་གསལ་བོ་མི་ཤེས་ལགས།ཡིག་ཆ་འདི་འདི་ནསབསྐྱུར་བཞག་ཅིག  ཁོ་ཐོན་མ་ཐག་ངས་ཁྱོད་ཀྱི་ཚབ་ལ་ཐམ་ག་རྒྱག་ཏུ་འཇུག
ཨ་མ་རྒན་མོ྾྾འོ་ཡ་་་  ཐམ་ག་གཅིག་རྒྱག་པར་ཡང་འདི་འདྲའི་དཀའ་ལས་མྱོང་དགོས་སམ།
བུ་མོ྾྾སྲིད་གཞུང་ལ་སྲིད་གཞུང་གི་ལས་ཀའི་རྩ་དོན་ལྡན་པས།ང་ཚོ་ལ་ཡང་ཐབས་བཀོད་ཡོད་པ་མ་རེད།ཁྱོད་ཀྱིས་དལ་མོར་ཇ་འཐུངས་་་
བུ་མོ྾྾འོ་རེད་་་  ཨ་མ་རྒན་མོཁྱེད་ཚང་གི་ཁ་པར་ཨངས་གྲངས་འདི་ནས་ཉར་རོགས།
༼སྐེ་ཁུག་ནང་ནས་སྣུམ་དྲེགས་ཟིན་པའི་ཤོག་ལེབ་ཆུང་ཆུང་ཞིག་བླངས།༽
ཨ་མ་རྒན་མོ྾྾ལོ་ལོ་འདི་རེད  དྲིན་ཆེ
门卫:拉书记 您要出去吗?
拉:嗯嗯
༼མི་ཚོགས་ཀྱི་གསེབ་ཏུ་ཆུ་ཐིགས་ལྟར་སིམ་གྱིན་པའི་མཐོ་སྒང་གི་ཨ་མ་དེའི་རྒྱབ་གཟུགས་ལ་ཅེར་ནས་མཐོ་སྒང་གི་བྱམས་བརྩེ་ཆེ་བའི་ཨ་མ་གང་དེ་དྲན་གྱིན་འདུག༽

                འཁྲབ་ཚན་གསུམ་པ།

ཕྱིའི་བརྙན་།
ས་གནས྾ཁ་ཆེའི་ཟ་ཁང་ག་གེ་མོའི་སྒོ་མདུན།
མི་སྣ྾྾ཨ་མ་དཔལ་སྐྱིད ཉི་མར་ལྡེ་བའི་ཁ་ཆེ་བ།བུ་མོ་ལོ་ཆུང་ གྲྭ་ལ་མནབས་པའི་སྤྲང་བོ མི་སྣ་གཞན་དག
དུས་ཚོད྾྾ཉིན་གུང་ཉིན་མའི་གུང་།
ནང་དོན།མར་གྱུར་འགྲོ་བ་རིགས་དྲུག་བདེ་བ་ལྡན་པ་དང་ངན་སོང་ལས་ཐར་བའི་དོན་དུ་ནམ་ཉི་མ་སྔ་ལངས་ནས་དགོང་མུན་པའི་འཇབ་རྒོལ།ལག་ལས་ཀའི་ཁོམ་ལོང་བར་མཐེབ་ཆེན་དང་བྲལ་མ་མྱོང་བའི་ཕྲེང་བའི་རྒྱུན་རྡོག་དེ་ཁ་ཆེ་བ་ག་གེ་མོ་དེས་སྒོར་སྟོང་ལྔས་ཉོ་བར་བསམ་པ་སྐྱེས་མོད།དད་འདུན་གྱི་རྟགས་མ་དང་འགྲོ་དྲུག་གི་འདྲེན་ཐག ཕྱི་མའི་ལམ་འདྲེན་གྱི་ཕྲེང་བ་མ་བཙོང་བ།ཁ་ཆེའི་ཚོང་བ་དེས་ཕྲེང་རྡོག་གཅིག་ལ་སྒོར་ཁྲི་གཅིག་སྟེར་བའི་ནོམ་པའི་སྟོབས་ཡོད་ཀྱང་།སྤྲང་བོ་ག་གེ་མོར་སྒོར་གཅིག་སྟེར་བའི་བྱམས་བརྩེའི་སྙིང་མེད།གམ་གྱི་ལོ་གཞོན་བུད་མེད་དེས་ཨ་མ་རྒན་མོར་བཙོང་བར་སྐུལ་བ།
བརྙན་མིག་ལས་ཨ་མ་དཔལ་སྐྱིད་གསལ་ཐག་ཆོད་པ་ཞིག་ལེན་པ་དང་ཐག་ཉེ་རིང་གི་མི་ཚོགས་ལ་ཅེར་བ་་རིམ་བཞིན་རྒྱང་རིང་ནས་རྡོ་གཅལ་སྟེང་དུ་ལོགས་ཀིན་པའི་ཨ་མ་དཔལ་སྐྱིད་ལེན་པ
ཨ་མ་རྒན་མོ྾྾ཨོ་མ་ནི་པདྨེ་ཧཱུ་་་་་་་་་་  ༼ཟ་ཁང་གི་སྒོ་ཆེན་འཐེན་ནས་ཡོང་བའི་མི་དེའི་ལག་གི་ཕྲེང་བར་བལྟས་འདུག་པའི་ཁ་ཆེ་བ་དེའི་སེམས་སུ་མ་རབས་ཤིག་དྲན་ཡོད་པ་ཤ་སྟག་རེད།༽
ཁ་ཆེ྾྾嗨  阿姨,我能不能看你的佛珠
ཡར་མར་ལ་ཅིག་བལྟས་རྗེས་ཨ་མ་རྒན་མོ་སྔར་བཞིན་མདུན་དུ་བསྐྱོད་སྐབས་ཁ་ཆེ་དེས་ཨ་མ་རྒན་མོའི་ལག་མགོ་ནས་འཇུས་ཏེ།
ཁ་ཆེ྾྾ཨ་ཡེ།ངས་ཁྱོད་ཀྱི་ལག་མགོའི་ཕྲེང་བ་དེར་བལྟས་ན་ཆོག་གམ།ང་ནི་གནའ་རྫས་ཉོ་ནི་ཞིག་ཡིན
ཨ་མ་རྒན་མོ྾྾འ་་་འོ་ཡ།
༼ཁ་ཆེ་དེས་གཟབ་ནན་ངང་མིག་ཟུང་ཕྲེང་བར་ཅེར་ནས༽
ཁ་ཆེ྾྾ཁྱོད་ཀྱི་ཕྲེང་བར་ངས་སྒོར་སྟོང་ལྔ་སྟེར།ང་བཙོང་ན་འུ་ཆོག
༼དེར་མཐུད་ནས་མི་ཚོགས་ཀྱང་རིམ་གྱིས་འདུ་བའི་ཀློང་སྟོན་པའི་ན་བཟའ་གྱོན་པའི་སྤྲང་བོ་གཅིག་ཀྱང་མི་ཚོགས་དེའི་ཀློང་དུ་ཕྱིན་བྱུང་།༽
སྤྲང་བོ྾྾དགོན་པའི་འདུ་ཁང་བསྐྱར་བཞེངས་ལ་ཞལ་འདེབས་རེ་འབུལ་རོགས་   ལོ་ལོ་དྲིན་ཆེེ་་་་་་
ཨ་མ་རྒན་མོ྾྾དཔེ་སྲིད་པ་མ་རེད།ངས་ལོ་ངོ་དུ་མར་མ་ནི་བཏོན་བཏོན་ནས་དགེ་ལས་བསྒྲུབ་པ་ཐ་དག་ཐལ་བའི་ནང་བསྲེས་ག་ལ་ཉན།
༼དེར་འདུས་ཀྱི་མི་ཚོགས་དབུས་ལོ་ན་གཞོན་པའི་བོད་ཀྱི་བུད་མེད་ཅིག་གིས༽
བུད་མེད྾྾ཨ་ཡེ་ཕྲེང་རྡོག་དེ་བཙོང་ན་འགྲིག་ས་རེད།རྟ་བཟང་དུས་བཙོང་དགོས་ཟེར་བ་མ་ཡིན་ནམ།ངས་ཁྱོད་ལ་རོགས་བྱས་ནས་རིན་གོང་མཐོན་པོ་ཞིག་ཨེ་ལོན་ལ་བལྟ།
སྤྲང་བོ྾྾ཕྱོགས་བཅུའི་མུན་སེལ་་་་་་
ཨ་མ་རྒན་མོ་དང་བུ་མོ྾྾དཀོན་མཆོག་གསུམ་པོ༼དད་པའི་ཉམས་དང་སྙིང་རྗེའི་ཉམས་བཅས་ནུས་ཚོད་ཀྱིས་སྒོར་ལྔ་རེ་བྱིན།ཁ་ཆེ་ནི་ཉམས་སྣང་ཅི་ཡང་མེད་པར་བསྡད་འདུག་ལ་སྤྲང་བོས་ཀྱང་ཉམས་ཅི་ཡང་མ་བཞག་པར་ཕྱིན་སོང་།༽
ཁ་ཆེ྾྾འོ་ལེ་་་ ངས་ཁྱོད་ལ་ད་དུང་སྒོར་འགའ་བསྣན་ཆོག
ཨ་མ་རྒན་མོ྾྾ལོ་ལོ་གཅེས་ལོ།ཕྲེང་བ་ནི་འུ་ཚོ་བོད་པའི་དད་འདུན་གྱི་རྟགས་ཤིག་ཡིན་ལ།ད་དུང་།ངས་ཚེ་འདིར་བསྒྲུབ་པའི་དགེ་ལས་ཚོགས་བསགས་ཐམས་ཅད་ཕྲེང་བ་འདི་རུ་ཡོད་པས།ཕྲེང་བ་བཙོང་ན་ཆོག་ཀྱང་དད་འདུན་བཙོང་ན་ག་ལ་ཆོག
བུ་མོ྾྾མ་རེད་ཡ།དད་འདུན་སེམས་ན་ཡོད་པས་ཆོག་གི་མོད།ཅིའི་ཕྱིར་གདོོད་མིའི་མི་ལྟར་མང་བོ་མང་བོ་ཞིག་འདོགས་དགོས་པ་རེད།
ཨ་མ་རྒན་མོ྾྾འ་་འ་་་འ་་་་  དཀོན་མཆོག་གསུམ་པོས་མཁྱེན།ལྟ་ལོག་པ་་་ལྟ་བ་ལོག་པ  བུ་མོ་ཁྱོད་་་་་་ ཚོང་བ་རྒད་པོ།བཙོང་བའི་དཔེ་ཡོད་པ་་མ་རེད།ཁྱོད་ལ་སྒོར་མོ་དེ་འདྲ་མང་ན་གྲོང་སྲང་འདིའི་།ཉམ་ཆུང་སྤྲང་ཚོགས་དེ་ཚོར་ཅིག་བྱིན་ནས་དགེ་ལས་ཚོགས་བསགས་རེ་བསྒྲུབ་དང་།ཕྱི་མའི་ལམ་བྲོ།ཚེ་ད་ཐེངས་ཀྱི་ཁ་ལས་ལ་ཕན་ནི་རེད།ཨོ་མ་ནི་པདྨེ་་་
ཨ་མ་རྒན་མོ྾྾དཀོན་མཆོག་གསུམ་པོས་མཁྱེན།དུས་ད་ལྟའི་མི་འདི་ཚོ་དད་པ་ཟེར་བ་ཞིག་མེད་ཀི  ཚེ་ཕྱི་མར་གང་དུ་འགྲོའམ་་་ ཨོ་མ་ནི་པདྨེ་་་༼ཁེར་ལབ་རྒྱག་ཞོར་མ་ནི་འདོན་བཞིན་མི་ཚོགས་དེའི་དཀྱིལ་དབུས་ནས་བུད ཤུལ་ཏུ་ཁ་ཆེ་དང་བུ་མོ་གཉིས་སྔར་མལ་ན་ཀེར་རེར་ལངས་འདུག མི་ཚོགས་ཀྱང་དེ་དང་བསྟུན་རང་རང་སར་ལོག་གིན་འདུག༽
༼ཟ་ཁང་ཉེ་ལོགས་ཀྱི་ཤ་འཚོང་ཁྲོམ་ར་དེ་བརྒྱུད་ནས་འགྲོ་དུས་ཨ་མ་རྒན་མོའི་གདོང་ལ་སྙིང་རྗེའི་ཉམས་ཤིག་ཤར་བཞིན་ལུག་ཤ་དམར་རྗེན་དེར་བལྟས་ཙམ་གྱིས་ཁོ་མོས་ལག་གི་ཕྲེང་བ་འདྲེན་པ་དང་མུར་མུར་གྱིས་མ་ནི་མཚམས་མེད་འདོན་བཞིན་ཟ་ཁང་ནང་དུ་ཕྱིན་སོང་།༽
ཞབས་ཞུ་བ྾྾ཨོ་་་ ཨ་ཡེ་དེ་ནས་སྡོད་་་༼འདུག་སྟེགས་དང་མདུན་ཅོག་ཕྱི་ཞོར༽ཟ་མ་ཅི་ཞིག་ཟ་རྒྱུ་ཡིན།
ཨ་མ་རྒན་མོ྾྾༼ཡར་མར་ལ་བལྟས་རྗེས་མཛུབ་སྟོན་གྱིས་ཕ་གའི་གསར་བུ་གན་དང་འདྲ་བ་ཞིག་ཅེས་བརྡ་བསྟན༽
ཞབས་ཞུ་བ྾྾羊肉面片一个     བརྙན་མིག་ལས་མི་སྣ་སོ་སོ་རེ་རེ་བཞིན་གསལ་བོར་ལེན་པ་དང་་་་་སྤྲང་བོ་དང་ལུག་ཤའི་ཁྲོམ་རྒྱུད་ནས་འགྲོ་སྐབས་ཀྱི་ཨ་མ་རྒན་མོའི་རྣམ་འགྱུར་གསལ་བོ་ལེན་པ

             འཁྲབ་ཚན་བཞི་བ།

ནང་གི་བརྙན།
ས་གནས྾རི་གྲོང་།
དུས་ཚོད྾གཟའ་འཁོར་གཉིས་ཀྱི་རྗེས་ཀྱི་ཉིན་གུང་ཡོལ་མ་ཙམ
མི་སྣ྾ཨ་མ་རྒན་མོ་དང་མི་སྣ་གཞན་དག
བརྙན་མིག་ལས་་སྐྱ་ཐལ་ལེ་དང་འཇམ་ཅག་གེར་གནས་པའི་རི་གྲོང་འདིའི་ཕྱིའི་ཁོར་ཡུག་གསལ་བོ་ཅིག་ལེན་པ་དང་ཁ་པར་ཅིག་གི་སིལ་སྒྲ་ཡང་ཐོས་ཐུབ་པ
ལྷིང་འཇགས་ཀྱི་རི་གྲོང་དུ་ཡོད་ཚད་ལྷིང་འཇགས་སེར།མ་ནི་ཁང་གཅིག་པུར་ལོ་ལོན་རྒན་རྒོན་དག་གི་ཁ་བརྡ་དང་མ་ནིའི་འདོན་དབྱངས་ཀྱིས་འུར་འུར་དུ་གདའ།
༼དུས་ལེ་ལེ་་་་ལེ་་་  དུས་ལེ་་་ལེ་་་ལེ་་་ལེ་་  ཁ་པར་གྱི་སིལ་སྒྲ་གྲགས་པའི་སྒྲ༽
ཨ་མ་རྒན་མོའི་བུ་མོ྾྾འོ་་་ཁྱེད་བདེ་མོ
སྲིད་གཞུང་མི་སྣ྾྾ཨ་ཡེ་དཔལ་སྐྱིད་འུ་ཡོད་ཀི
བུ་མོ྾྾འོ་ཨ་མ་ད་ནངས་སྔ་མོ་ཟིག་ནས་མ་ནི་ཁང་དུ་བུད་ཐཱ།ད་དུང་ཕྱིར་ལོག་མ་བྱུང་ཐཱ ཁྱོད་ལ་བྱ་བ་ཅི་ཡོད
སྲིད་གཞུང་མི་སྣ྾྾ཁོ་མོས་གཟའ་འཁོར་གཉིས་ཀྱི་སྔོན་ལ་འཁྱེར་ཡོང་བའི་ཡིག་ཆ་དེར་རྟགས་ཐམ་བརྒྱབ་ཡོད་ཀི སང་ཉིན་ཁོམ་ཚེ་ལེན་དུ་ཡོང་རོགས
བུ་མོ྾྾སང་ཉིན་ལེན་དུ་ཡོང་ངེས།བཀའ་དྲིན་ཆེ
བརྙན་མིག་ལས་མ་ནི་འཁོར་ལོ་མངོན་པ་དང་ཚི་དྲེགས་ཀྱིས་ཁྱབ་པའི་འཐེན་ཐག་ནས་རིམ་བཞིན་ལོ་ལོན་དག་མངོན་ཡོང
༼ཨོ་མ་ནི་བདྨེ་ཧཱུ་་་་་་་  ཨོ་མ་ནི་པདྨེ་ཧཱུ་་་་་་ མ་ནི་ཁང་དུ་ལོ་ལོན་རྒན་རྒོན་དག་གིས་མ་ནི་འདོན་བཞིན་ཁ་བརྡ་ལྷོད་མོ་རེ་གློད་ནས་བསྡད་འདུག༽
ཨ་མ་དཔལ་སྐྱིད྾྾གྲོང་ཁྱེར་ཆེ་རུ་སོང་ན་ད་ཤེས་རྒྱུ་མང་ཀི་ཡ།རིག་གནས་ཡོན་ཏན་རེ་མེད་ན་ཕན་ཚུན་ལ་བརྡ་སྤྲོད་རྒྱུ་དངོས་གནས་དཀའ་ཀི འུ་ཚོའི་རྗེས་རབས་པ་དག་སློབ་གྲྭར་མངགས་དགོས་པ་ཁོ་ཐག་རེད།འུ་ཚོའི་ལྟ་བྱས་ཏེ་མ་ནི་འདོན་ཤེས་པ་ཙམ་གྱིས་མ་འོངས་དུས་རབས་གསར་བའི་མི་གྲལ་དུ་ཚུད་དཀའ་རྒྱུ་རེད།
ལོ་ལོན་ཀ་བ྾྾དེ་འདྲ་ག་ལ་ཡིན གང་ལྟར་ཡི་གེ་རེ་ཤེས་ན་འགྲིག་གི ཁ་ཏོན་ལ་སོགས་སློབ་སླ་མོ་རེད
ལོ་ལོན་ཁ་བ྾྾ཧུ་་་་ཧུ་་་་་ མི་མི་གྲལ་ལ་མི་ཚུད་ན།མ་འོངས་དུས་རབས་གསར་བའི་མི་དག་གདོན་འདྲེ་དག་དག་ཡིན་ནི་རྒྱོ་་༼ཚིག་ཟུར་གྱི་ཉམས༽

             འཁྲབ་ཚན་ལྔ་བ།

ནང་གི་བརྙན།
ས་གནས྾྾རང་ཁྱིམ།
མི་སྣ྾྾ཨ་མ་དང་ཁོ་རང་གི་བུ་མོ།
དུས་ཚོད྾྾ཉིན་གུང་ཐོན་མ་ཙམ།
བུ་མོ྾྾འོ་ཨ་མ་ཕྱིར་ལོག་བྱུང་ངམ།ཁ་པར་ཞིག་ཡོང་ནས་སང་ཉིན་ཡིག་གེ་ལེན་དུ་ཤོག་ཟེར་ཀི ཁྱོས་ཇ་འཐུངས་ར།ངས་ཇ་བསྐོལ་ཡོད
ཨ་མ྾྾འོ་ཡ་་་ ཁྱོས་ང་ལ་སང་ཉིན་ཁྱེར་རྒྱུའི་གོ་རེ་དང་རྩམ་པ་མང་བོ་ཞིག་གྲ་སྒྲིག་བྱས་རོགས།ངས་སྤྲང་བོ་དེ་ཚོ་ཚང་མར་ཅིག་སྦྱིན་དགོས་ཀི
བུ་མོ྾྾འ་་འ་་་འ་་ འོ་ཡ

               འཁྲབ་ཚན་དྲུག་པ།

ཕྱིའི་བརྙན།
ས་གནས྾྾གྲོང་ཁྱེར
མི་སྣ྾྾ཨ་མ་རྒན་མོ་དང་གཞན་དག
དུས་ཚོད྾྾ཞོགས་པ་སྔ་མོ་ཞིག
བརྙན་མིག་ལས་ཁུར་བོ་ཕྲག་ཞེང་གང་ཁུར་ཡོད་པའི་ཨ་མ་དཔལ་སྐྱིད་ཀྱི་ཁུར་བོ་དག་གསལ་ཐག་གེར་ལེན་པ་དང་། འུར་འུར་ཟང་ཟིང་གི་གྲོང་ཁྱེར་གྱི་རྡོ་གཅལ་སྟེང་དུ་མ་ནི་འདོན་བཞིན་གོ་རེ་དང་རྩམ་པ་ཁུར་ནས་སྤྲང་བོ་ཚོར་འེ་ཐུག་ཐུག་ལ་རེ་བཞིན་ཡོད་མོད།ཡོད་ཚད་ནི་རང་རང་གི་ལས་དེའི་ཆེད་དུ་གང་ཞིག་ལ་འཐོར་བཞིན་འདུག ཡིན་ཀྱང་མིག་གི་ལམ་དུ་ཉམ་ཆུང་བའི་སྤྲང་བོ་གཅིག་ཀྱང་ཐོགས་མ་བྱུང་།
བརྙན་མིག་ལས་སྒོ་རྡུང་བའི་ཐག་སྒྲ་་་་ཞིག་གྲགས་འོངས་བ་དང་།
སྲིད་གཞུང་མི་སྣ྾྾ཨ་ཡེ་ཁྱོད་ཀྱི་ཡིག་ཆ།ཁྱོད་ཀྱིས་དངོའ་བོ་དེ་འདྲའི་ལྕི་མོ་ཅི་ཞིག་ཁུར་ཡོད་པ་ཅི་ཡིན ཤ་ཉེ་ཞིག་ལ་སྟེར་དགོས་ན་ངས་རླངས་འཁོར་བསྐོར་ནས་ཁྱོད་བསྐྱལ་ཆོག
ཨ་མ྾྾མིན་་་མིན་་་ འདི་ངས་ཆེད་དུ་ཡུལ་ནས་ཁུར་ཡོང་བའི་གོ་རེ་དང་རྩམ་པ་ཡིན།གྲོང་ཁྱེར་འདིའི་སྤྲང་བོ་ཚོར་སྦྱིན་འདང་ཡིན།ཡིན་ཀྱང་སྤྲང་བོ་གཅིག་ལ་ཡང་མ་ཐུག་ཐཱ
སྲིད་གཞུང་མི་སྣ྾྾ཨ་ཡེེ་་་ ད་སྐབས་འུ་ཚོའི་གྲོང་ཁྱེར་རུ་སྤྲང་བོ་གཅིག་ཀྱང་ཡོད་པ་མ་རེད།དཔལ་ཡོན་ལྡན་པའི་གྲོང་ཁྱེར་ཡིན་ནི་རེད།
ཨ་མ་྾྾྾༼དཔལ་ཡོན་ལྡན་པའི་གྲོང་ཁྱེར་རུ་སྙིང་རྗེ་དང་ལྷག་བསམ་མེད་པ་ག་ལ་ཡིན་དེ་ལྟར་འདང་རྒྱག་ཅིག་ནས་བརྙན་ཡོལ་རྒྱག་པ༽

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན་ཐུང་ངུའི་འཁྲབ་གཞུང་། ལས་དབང་།

2016-11-22 སྐྱི་ལྷ་མོ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།