མཁས་པའི་བཤད་གདམས་འགའ་བོད་ཡིག་ཏུ་བསྒྱུར་བ།

  བདག་གིས་དུས་ནམ་ཡང་ཆབ་སྲིད་ལ་དོ་སྣང་བྱས་མ་མྱོང་སྟེ།དེ་ནི་ཆབ་སྲིད་པའི་ལས་ཀ་ཞིག་རེད་འདོད་ཡོད།ཡིན་ནའང་།ཉིག་ཞིག་ལ།སློབ་མ་ཞིག་གིས་བདག་ལ།༼དགེ་རྒན་ལགས།ཅི་ཞིག་ལ་ཆབ་སྲིད་ཟེར་༽ཞེས་པའི་འདྲི་ཚིག་འདིས་བདག་ལ་ཁ་གྲགས་རྒྱུ་མེད་པར་བཏང་སོང་།དེ་ནས་བདག་གིས་ངོ་ཚ་འགྱོད་སྣང་དང་བཅས་ཏེ་སེམས་རྣལ་ལ་ཕབས་ནས་བརྡ་ཆད་འདིའི་གོ་དོན་དང་འགྲེལ་བཤད་ལ་ཞིབ་ཀློག་བྱས་པ་ཡིན།ཡིན་ནའང་ཆེས་མཐའ་མར་འཐོབ་པའི་མཇུག་འབྲས་ཀྱིས་ང་རང་སྐྱི་གཡའ་བར་བཏང་སོང་སྟེ།ཆབ་སྲིད་ཟེར་བ་ནི།དབང་ཆ་ཡོད་པའི་མིས་དབང་ཆར་བརྟེན་ནས་མང་ཚོགས་ལ་ཇི་ལྟར་དབང་བསྒྱུར་བ་དེ་ཡིན་འདུག  གལ་ཏེ་མི་ཞིག་གིས་ཐ་ན་མི་གཞན་གྱིས་རང་ཉིད་ལ་ཇི་ལྟར་དབང་བསྒྱུར་བྱེད་པའང་དོ་སྣང་མི་བྱེད་པའམ།སྣང་མེད་དུ་བཞག་པ་ཡིན་ན།དོན་གྱིས་རང་ཉིད་བྲན་གཡོག་ཏུ་བཀོལད་ཀྱང་འཐད་པའི་མགོ་ལྕོག་ཐུར་དུ་ལྡེམ་པ་མཚོན་པ་ཨེ་ཡིན།        
                 ——སོ་ཡུའུ།(苏渝)
   གྲོགས་པོ་དག་ཕྱི་རྒྱལ་དུ་འགྲོ་བཞིན་པ་མཐོང་དུས།བདག་ལ་སྔར་བཞིན་དུ་དེ་ལ་ཡིད་སྨོན་འཆོར་བའི་ཚོར་འདུ་ཞིག་བྱུང་མ་སོང་།ཡིན་ནའང་།གློ་བུར་བའི་ཉིན་ཞིག་ལ་བདག་གིས་སྐད་འབོད་ཆེན་པོ་ཞིག་བྱེད་ཀྱིན་པ་ཐོས་བྱུང་སྟེ།༼གལ་ཏེ་ཁྱོད་རང་ཕྱི་རྒྱལ་དུ་མི་འགྲོ་ན།དུས་ནམ་ཡིན་ཡང་རང་ཁྱིམ་དུ་ལོག་མི་ཆོག་༽ཟེར་བ་དེ་རེད།དེ་ལྟར་ལེ་གདའ་འགའ་བྱས་རྗེས།ཁོ་བོས་དུས་སྐད་ཅིག་མའི་ཡུན་ལ་བདག་གི་ལས་དབང་དུས་འདི་ནས་བསྒྱུར་དགོས་པར་ངེས་ཤེས་འདྲོངས་སོང་།ངས་བལྟས་ན།གཉེན་བསྒྲིགས་རྗེས།བུད་མེད་ཅིག་གི་ཆེས་ཆེ་བའི་ནུས་པ་ནི།རང་ཉིད་ལ་ཡར་རྒྱས་གང་ཡང་ཡོང་རྒྱུ་མེད་ནའང་།སྐྱེས་པ་ཞིག་ཡར་རྒྱས་ཆེན་པོ་འབྱུང་དུ་འཇུག་པའམ་ཡང་ན་ཕམ་ཁ་ཆེན་པོ་འབྱུང་དུ་འཇུག་པ་དེ་རེད།
               _____ཡུའུ་མེན་ཧུང་།(俞敏洪)
   ལྷ་གྲུ་བཅུ་བ་ནམ་མཁར་འཕུར་བར་དྲ་གྲོགས་རྣམས་ཀྱིས་ཤགས་འགྱེད་དུ།རྒྱའི་སྐད་ཡིག་གིས་གསལ་བཤད་རྩོམ་ཡིག་གི་རྒྱུགས་གཞི་ཕུད་ཆོག་ལ།རྩིས་རིག་གིས་ཀྱང་རྟེན་འབྱུང་གྲངས་ཀྱི་འཕངས་ཐིག་གི་རྒྱུགས་གཞི་ཕུད་ཆོག དབྱིན་ཡིག་གིས་ཚན་རིག་གི་ཀློག་འདོན་སྐོར་གྱི་རྒྱུགས་གཞི་ཕུད་ཆོག  དངོས་ལུགས་ཀྱིས་མགྱོགས་ཚད་འཕར་བའི་སྐོར་གྱི་རྒྱུགས་གཞི་ཕུད་ཆོག རྫས་འགྱུར་གྱིས་འབར་རྒྱུའི་སྐོར་གྱི་རྒྱུགས་གཞི་ཕུད་ཆོག ཆབ་སྲིད་ཀྱིས་ནམ་མཁར་འཕུར་རྗེས་འཛམ་གླིང་སྟེང་གི་ཀྲུང་གོའི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ཆོག  ལོ་རྒྱུས་ཀྱིས་ལྷ་གྲུ་བཅུ་བ་དང་སྔོན་གྱི་མཁའ་འགྲུལ་བར་གྱི་འབྲེལ་བ་ཅི་འདྲ་ཡིན་པ་དྲིས་ཆོག  ལོ་རྒྱུས་ཀྱིས་ལྷ་གྲུ་བཅུ་བ་རྒྱལ་ཁབ་དུ་དང་བརྒལ་ནས་འཕུར་ཡོད་པ་དྲིས་ཆོག
   འཇིག་རྟེན་འདི་ནི་སྒོར་མོ་པའི་མིའི་འཇིག་རྟེན་མིན་ལ།སྒོར་མོ་མེད་པའི་མིའི་འཇིག་རྟེན་ཡང་མིན།འཇིག་རྟེན་འདི་ནི་སེམས་པ་ཡོད་པའི་མིའི་འཇིག་རྟེན་ཡིན།
                 ——ཧྥིན་ཙི་ཁའེ།(丰子恺)
   ཀྲུང་གོར་ཆེས་ཁུངས་ལུང་མེད་པ་ནི་ཅི་ཞིག་ཡིན་ནམ།དེ་ནི་ང་ཚོས་དོན་དངོས་ཀྱི་གནས་ཚུལ་ཤེས་ཟིན་པ་ཤེས་བཞིན་དུ་ད་དུང་རྫུན་བཤད་པ་དེ་རེད།ཀྲུང་གོར་ཆེས་ཆེས་ཁུངས་ལུང་མེད་པ་ནི་ཅི་ཞིག་ཡིན་ནམ།དེ་ནི་ང་ཚོས་དོན་དངོས་ཀྱི་གནས་ཚུལ་ཤེས་ཟིན་པ་ཤེས་བཞིན་དུ་ད་དུང་རྫུན་བཤད་ཀྱིན་ཡོད་པ་དེའང་ཤེས་བཞིན་དུ་ད་དུང་རྫུན་བཤད་པ་དེ་རེད།ཀྲུང་གོར་ཆེས་ཆེས་ཆེས་ཁུངས་ལུང་མེད་པ་ནི་ཅི་ཞིག་ཡིན་ནམ།དེ་ནི་ང་ཚོས་དོན་དངོས་ཀྱི་གནས་ཚུལ་ཤེས་ཟིན་པ་ཤེས་བཞིན་དུ་ད་དུང་རྫུན་བཤད་ཀྱིན་ཡོད་དེའང་ཤེས་བཞིན་དུ་ད་དུང་རྫུན་བཤད་ཀྱིན་ཡོད་ཤེས་བཞིན་དུ་ད་དུང་རྫུན་བཤད་པ་དེ་རེད།
                 —— ལིས་ཁྲིན་ཕུན།(李承鹏)
   ཀྲུང་གོ་ལ་སྐྱོན་ཞིག་ཡོད་པ་ནི།དཔོན་ས་ཇི་ལྟར་ཆུང་ན་དེ་ལྟར་དབང་ཆ་བཀོལ་བར་དགའ་བ་དེ་རེད།ཟ་ཁང་གི་བདེ་སྲུང་བའམ་རླངས་འཁོར་སྡོད་སའི་རླངས་འཁོར་ལ་ལྟ་མཁན་ཞིག་ཡིན་ན།བསམ་ཡུལ་ལས་འདས་པའི་ཚད་རིམ་ཞིག་ལ་ཐོན་འདུགའཛིན་གྲྭའི་ལས་བྱེད་མི་སྣ་ཡིན་ནའང་དེ་རེད།གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་དང་འཛིན་དཔོན།འཛིན་དཔོན་གཞོན་པ།རྩལ་སྦྱངས་ཨུ་ཡོན།རིག་རྩལ་ཨུ་ཡོན་སོགས་མང་དུ་ཡོད།འཛིན་གྲྭའི་ལས་བྱེད་མི་སྣ་དེ་འདྲའི་མང་པོ་ཞིག་གིས་ཅི་ཞིག་བྱེད་དམ།ཀྲུང་གོའི་སྲིད་གཞུང་གི་སྒྲིག་གཞི་རྒྱ་ཆེ་རྒྱུ་མང་དྲག་འདུག་ཅིང་།མི་སྣ་མང་དུ་བསྐྱར་ཟློས་བྱས་དྲག  སྟབས་བདེའི་སྒོ་ནས་བཤད་ན།བྱ་བ་སྒྲུབ་མཁན་ཉུང་དྲག་པ་དང་སྙིགས་ལུད་མང་དྲག་པ་རེད།སྙིགས་ལུད་མང་དྲག་ཀྱང་མི་སྐྱོན་མོད།ཞབས་འདྲེན་མང་དྲག་པར་འཇིགས་པ་དེ་རེད།
                  —— ཧན་ཧན།(韩寒)

   ཨ་རིའི་རྩོམ་པ་པོ་སོ་རོ་ཡིས་བཤད་རྒྱུར།ཚེ་སྲོག་དེ་འདྲ་རིང་རྒྱུ་མེད་པས།དུས་ཚོད་ཀྱི་རྗེས་སུ་དེ་འདྲས་མ་བསྙེགས་ཟེར།མི་ཇུས་རིང་ལུགས་ཀྱི་སེམས་ཁམས་རིག་པ་བ་མ་སི་ལོ་ཡིས་བཤད་རྒྱུར།མིས་དུས་ནམ་ཡིན་ཡང་རང་ཉིད་ཀྱི་སེམས་སྒྲར་ཉན་མི་ཐུབ་ན།རིག་པ་དྭངས་མོའི་སྒོ་ནས་མི་ཚེའི་མདུན་ལམ་འདེམས་ཐབས་མི་འདུག་ཟེར།ཀུ་ཤུའི་ཡབ་ཆེན་ཆའོ་པུ་སི་ཡིས་བཤད་རྒྱུར།ཁྱེད་ཀྱི་དུས་ཚོད་ལ་ཚད་ཡོད་པས།མི་གཞན་པའི་བསམ་འཆར་གྱི་འཛེར་སྒྲས་ཁྱེད་ཀྱི་སེམས་སྒྲ་བསྣུབས་སུ་འཇུག་མི་རུང་།སྤོབས་པ་ཆེན་པོས་རང་ཉིད་ཀྱི་ནང་སེམས་དང་ཐད་ཚོར་འཚོལབསྙེགས་བྱོས་དང་།དེ་དག་ལ་དུས་ནམ་ཡིན་ཡང་ཁྱེད་ཉིད་མི་ག་འདྲ་ཞིག་ཏུ་འགྱུར་མིན་ལ་གསལ་ཆ་ཡོད་ངེས་ཟེར།

   བདེ་སྐྱིད་ནི་མི་ཐམས་ཅད་ལ་དབང་བ་ཡིན་ཏེ།བདེ་སྐྱིད་ནི་མི་གཅིག་ཁོ་ནར་དབང་མི་རུང་ལ།བདེ་སྐྱིད་ནི་མི་སྐོར་ཞིག་ལའང་དབང་མི་རུང་།བདེ་སྐྱིད་ནི་ངེས་པར་དུ་མི་ཐམས་ཅད་ལ་དབང་ན་འོས།ཁྱེད་ཚོ་ནི་མི་དམངས་ཡིན་པས།ཁྱེད་ཚོར་སྟོབས་ཤུགས་ཡོད་དེ།ཁྱེད་ཚོར་འཕྲུལ་ཆས་བཟོ་བའི་སྟོབས་ཤུགས་ཡོད་ལ།བདེ་སྐྱིད་བསྐྲུན་པའི་སྟོབས་ཤུགས་ཀྱང་ཡོད་པ་ཡིན།ཁྱེད་ཚོ་མི་དམངས་རྣམས་ལ་སྐྱེ་བ་འདིར་རང་དབང་ཆེ་ཞིང་མཛེས་སྡུག་གིས་འཚོ་བ་སྐྱེལ་བའི་སྟོབས་ཤུགས་ཡོད་པ་མ་ཟད།སྐྱེ་བ་འདི་མཛེས་སྡུག་ལྡན་ཞིང་ཉེན་མཆོངས་ཀྱིས་ཕྱུགས་པའི་མི་ཚེ་ཞིག་ཏུ་བསྒྱུར་བའི་སྟོབས་ཤུགས་ཀྱང་ཡོད་པ་ཡིན།
               ——༼སྒེར་གཅོད་པ་ཆེན་པོ༽《大独裁者》ལས།
   ༄བོད་ཀྱི་གྲངས་ཀ་རྩི་སྲོལ། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་དང་།། བྱེ་བ་དུང་ཕྱུར་ཐེར་འབུམ་ཐེར་འབུམ་ཆེ།། ཁྲག་ཁྲིག་ཁྲག་ཁྲིག་ཆེན་པོ་རབ་བཀྲམ་དང་།། རབ་བཀྲམ་ཆེན་པོ་གཏམས་དང་གཏམས་ཆེན་པོ།། དཀྲིགས་དང་དཀྲིགས་ཆེན་མི་འཁྲིགས་མི་འཁྲིགས་ཆེ།། ཁྱད་ཕྱིན་ཁྱད་ཕྱིན་ཆེན་པོ་སྤང་རྟེན་དང་།། སྤང་རྟེན་ཆེན་པོ་དེད་འདྲེན་དེད་འདྲེན་ཆེ།། མཐའ་སྣང་མཐའ་སྣང་ཆེན་པོ་རྒྱུ་རིག་དང་།། རྒྱུ་རིག་ཆེན་པོ་འོད་མཛེས་འོད་མཛེས་ཆེ།། དབང་བོ་དབང་བོ་ཆེན་པོ་ལེགས་ཕྱིན་དང་།། ལེགས་ཕྱིན་ཆེན་པོ་རྟོགས་འགྲོ་རྟོགས་འགྲོ་ཆེ།། འབྱིང་རྡུལ་འབྱིང་རྡུལ་ཆེན་པོ་རྒྱ་རྟགས་དང་།། རྒྱ་རྟགས་ཆེན་པོ་སྟོབས་འཁོར་སྟོབས་འཁོར་ཆེ།། བརྡ་ཤེས་བརྡ་ཤེས་ཆེན་པོ་རྣམ་བྱུང་དང་།། རྣམ་བྱུང་ཆེན་པོ་སྟོབས་མིག་སྟོབས་མིག་ཆེ།། བྱམས་པ་བྱམས་པ་ཆེན་པོ་སྙིང་རྗེ་དང་།། སྙིང་རྗེ་ཆེན་པོ་དགའ་བ་དགའ་བ་ཆེ།། བཏང་སྙོམས་བཏང་སྙོམས་ཆེན་པོ་གྲངས་མེད་སོགས།། རེ་རེའི་བར་ལ་བཅུ་རེ་འཕར་བའི་གནས་།། དྲུག་ཅུ་ཙམ་དུ་འདོད་པའི་རྩིས་ཐབས་འདི།། རང་ཅག་བོད་ཀྱི་གྲངས་ཀ་དངོས་ཡིན་པས།། ཡིད་ལ་ཟུངས་ཤིག་ན་གཞོན་ཕོ་མོ་ཚོ།། ཉི་གཞོན་ནས་ཚིགས་བཅད་དུ་ཕབ་པ་དགེ་ལེགས་འཕེལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཁས་པའི་བཤད་གདམས་འགའ་བོད་ཡིག་ཏུ་བསྒྱུར་བ།

2013-08-17 ཤིང་བུ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།