སྙིང་།

མ་གི་རེ་ཁྲི་ཨ་ཁྲི་བོས་སྒྲི།(ཨེ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

མི་ཁ་ཤས་ཀྱིས་རང་གི་ཁྲག་བཙོང་གི་ཡོད།
ཁྱོད་ཀྱིས་རང་གི་སྙིང་བཙོང་གི་ཡོད།
དེ་མིན་ན་བླ་སྲོག་ཡིན་རྒྱུ་རེད།
ཆེས་ཁག་ཤོས་ནི་གདོན་རྫས་དེ་ཕྱིར་དབྱུང་རྒྱུ་དེ་རེད།
དཀྱུ་སྐོར་ཞིག་བརྒྱབ་ནས། ཉ་ཕྱིས་ཀྱི་ལྩིབས་བཀོག་པ་བཞིན།
ཁྱེད་ཀྱི་སྒལ་ཚིགས་འཁྲིག་མ་དང་བཅས།
དེ་ནས། ཧབ་སྒྲ་ཞིག་དང་བཅས། དེ་ཁྱེད་ཀྱི་ཁ་ནང་ལ་སླེབས་འདུག
ཁྱེད་ཀྱིས་རང་ཉིད་ཕྱི་ནང་ཕྱེད་ཙམ་བསློག
འབུ་མེ་ཏོག་མས་ཆུ་རྡོ་ཞིག་ཕྱིར་བསྐྱུག་པ་བཞིན།
ཕུ་ལོབ་ཅེས་ཆག་སྐད་ཅིག་དང༌།
ཉའི་ནང་ཁྲོལ་ཟོ་བ་ཞིག་ལ་གཡུག་པའི་ཁྲོག་སྒྲ་ཞིག་དང་བཅས།
དེ་ཧྲིལ་བོ་ལྡེར་མའི་ནང་སླེབས་འདུག
ད་དུང་གསོན་པོ་ཡིན་པའི་འདས་པ་སྟེ་འོད་འཚེར་གྱིན་པའི་
ཁྲག་ལིང་དམར་ནག་གང་ཆེ་ཞིག
 
དེ་ཕར་ཚུར་སྤྲོད་རེས་བྱེད་ཀྱིན་ཡོད། དེ་འདྲེད་བརྡར་ཆེ།
དེ་ལག་ནས་འཆོར་ལ་དེའི་བྲོ་བའང་མྱོང་གི་ཡོད།
གཅིག་གིས་རྩུབ་དྲགས་འདུག  ཚྭ་མང་དྲགས་འདུག་ཟེར།
གཞན་ཞིག་གིས་སྐྱུར་དྲགས་འདུག་ཅེས་ངོ་གདོང་གཉེར།
ཚང་མ་སྐད་ཅིག་ལ་བཟའ་བཏུང་གི་མཁས་ཆེན་རེ་རེ།
ཁྱོད་ཀྱིས་གསར་བར་གླས་པའི་ཞབས་ཞུ་བ་ཞིག་བཞིན་ཟུར་ཁུག་ནས་
གཏམ་འདི་དག་ལ་ཉན་བཞིན།
ཉམ་ང་ལ་བདེ་མྱུར་ཅན་གྱི་ལག་པས་
སྟོད་ཐུང་དང་བྲང་ཁོག་གསེབ་ཏུ་སྤས་པའི
སྨ་ཁ་དེ་འགེབས་བཞིན
ངོ་ཚའི་ངང་སྙིང་མེད་པར… …
       (མདའ་ཚན་བླ་མ་སྐྱབས་ཀྱིས་དབྱིན་ཡིག་ནས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙིང་།

2008-11-08 མ་གི་རེ་ཁྲི་ཨ་ཁྲི་བོས་སྒྲི།(ཨེ ཀློག་གྲངས། མཆན ཡོད།

མི་ཁ་ཤས་ཀྱིས་རང་གི་ཁྲག་བཙོང་གི་ཡོད།
ཁྱོད་ཀྱིས་རང་གི་སྙིང་བཙོང་གི་ཡོད།
དེ་མིན་ན་བླ་སྲོག་ཡིན་རྒྱུ་རེད།
ཆེས་ཁག་ཤོས་ནི་གདོན་རྫས་དེ་ཕྱིར་དབྱུང་རྒྱུ་དེ་རེད།
དཀྱུ་སྐོར་ཞིག་བརྒྱབ་ནས། ཉ་ཕྱིས་ཀྱི་ལྩིབས་བཀོག་པ་བཞིན།
ཁྱེད་ཀྱི་སྒལ་ཚིགས་འཁྲིག་མ་དང་བཅས།
དེ་ནས། ཧབ་སྒྲ་ཞིག་དང་བཅས། དེ་ཁྱེད་ཀྱི་ཁ་ནང་ལ་སླེབས་འདུག
ཁྱེད་ཀྱིས་རང་ཉིད་ཕྱི་ནང་ཕྱེད་ཙམ་བསློག
འབུ་མེ་ཏོག་མས་ཆུ་རྡོ་ཞིག་ཕྱིར་བསྐྱུག་པ་བཞིན།
ཕུ་ལོབ་ཅེས་ཆག་སྐད་ཅིག་དང༌།
ཉའི་ནང་ཁྲོལ་ཟོ་བ་ཞིག་ལ་གཡུག་པའི་ཁྲོག་སྒྲ་ཞིག་དང་བཅས།
དེ་ཧྲིལ་བོ་ལྡེར་མའི་ནང་སླེབས་འདུག
ད་དུང་གསོན་པོ་ཡིན་པའི་འདས་པ་སྟེ་འོད་འཚེར་གྱིན་པའི་
ཁྲག་ལིང་དམར་ནག་གང་ཆེ་ཞིག
 
དེ་ཕར་ཚུར་སྤྲོད་རེས་བྱེད་ཀྱིན་ཡོད། དེ་འདྲེད་བརྡར་ཆེ།
དེ་ལག་ནས་འཆོར་ལ་དེའི་བྲོ་བའང་མྱོང་གི་ཡོད།
གཅིག་གིས་རྩུབ་དྲགས་འདུག  ཚྭ་མང་དྲགས་འདུག་ཟེར།
གཞན་ཞིག་གིས་སྐྱུར་དྲགས་འདུག་ཅེས་ངོ་གདོང་གཉེར།
ཚང་མ་སྐད་ཅིག་ལ་བཟའ་བཏུང་གི་མཁས་ཆེན་རེ་རེ།
ཁྱོད་ཀྱིས་གསར་བར་གླས་པའི་ཞབས་ཞུ་བ་ཞིག་བཞིན་ཟུར་ཁུག་ནས་
གཏམ་འདི་དག་ལ་ཉན་བཞིན།
ཉམ་ང་ལ་བདེ་མྱུར་ཅན་གྱི་ལག་པས་
སྟོད་ཐུང་དང་བྲང་ཁོག་གསེབ་ཏུ་སྤས་པའི
སྨ་ཁ་དེ་འགེབས་བཞིན
ངོ་ཚའི་ངང་སྙིང་མེད་པར… …
       (མདའ་ཚན་བླ་མ་སྐྱབས་ཀྱིས་དབྱིན་ཡིག་ནས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།