ཏིས་ལན་ཐོ་མ་སིའི་སྙན་ངག་འགྱུར་མ།

    ཏིས་ལན་ཐོ་མ་སི་ནི་དུས་རབས་ཉི་ཤུའི་དབྱིན་ཇི་དང་ཨ་རིའི་སྙན་ངག་སྟེགས་བུར་ཆེས་ཕུལ་དུ་བྱུང་བའི་སྙན་ངག་པ་ཞིག་སྟེ།
ཁོའི་མཆོག་ཏུ་གྱུར་བའི་སྙན་ངག་སྒྱུ་རྩལ་གྱིས་དབྱིན་ཇི་དང་ཨ་རིའི་སྙན་ངག་ལོ་རྒྱུས་སུ་ཤོག་ལྷེ་གསར་བ་ཞིག་བསྣན། ཁོས་སྐྱེ་
བ་དང་འདོད་པ། འཆི་བ་གསུམ་སྙན་ངག་གི་སྙིང་བོ་བྱས་ཤིང་སྙན་ངག་གི་ཉམས་རྩུབ་ལ་ཛ་དྲག་ཆེ་བར་སྤྲོ་བ་འཁོལ། སྒྲ་དོད་
ལ་གསོན་ཉམས་ཀྱིས་ཕྱུག་ཅིང་ཡིད་བརྙན་འཛིངས་ལ་ཕན་ཚུན་ཕོག་རྡེབ་ཀྱིས་རང་བྱུང་ཁམས་ཀྱི་སྐྱེ་འཕེལ་དང་མིའི་བག་ལ་
ཞ་བའི་གཡོ་འགུལ་མཚོན། ཁོའི་སྙན་ངག་ལ་བརྩེ་བས་ཁེངས་ལ་རྡོ་བཞིན་བརྟན་པས་དོན་སྤྱིའམ་སྤྱི་མཚན་ཅན་དུ་ལྟུང་མེད་ལ།
བསམ་པའི་གནོན་ཤུགས་དང་དོགས་པ་དང་བདག་གས་ཆག་སོགས་དེང་རབས་སྙན་ངག་ཏུ་རྒྱུན་དུ་མཐོང་བའི་བརྗོད་གཞིས་
སྟོང༌། ཁོའི་སྙན་ངག་བབ་ཆགས་པས་རང་རྐྱ་ཐུབ་ཅིང་སྤྱིར་བཏང་གི་སྡོང་ལོ་ཞིག་དང་ཟིལ་ཐིགས་ཤིག འདོད་པའི་སྦྱོར་བ་
གཅིག་ཀྱང་ཚད་མེད་པའི་སྙན་ངག་གི་ཉམས་སུ་སྟོན་ནུས་ལ། ཕྱིའི་ཚོར་བ་དང་དངོས་བརྙན་གྱི་རེག་བྱ་བརྒྱུད་ནང་གི་ངོ་བོ་ལ་
རེག་སྟེ་མཐའ་མར་གཏན་གྱི་ཁམས་ཤིག་ལ་སོན་ཡོད།
   
    ཏིས་ལན་ཐོ་མ་སི༼Dylan Thomas,1914--1953༽སྤྱི་ལོ༡༩༡༤ལོའི་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་དབྱིན་ཇི་ཝེལ་ཧྲི་ལྷོ་མའི་
སི་ཝན་སི་སུ༼Swanses༽རུ་སྐྱེས། ༡༩༢༥ལོའི་ཟླ་དགུ་བར་སི་ཝན་སི་དམའ་རིམ་སློབ་འབྲིང་དུ་སློབ་གཉེར་བྱས་ཤིང་སྙན་ངག་
གསར་རྩོམ་བྱ་མགོ་བརྩམས། ༡༩༣༡ལོའི་ཟླ་བརྒྱད་པར་དམའ་འབྲིང་མཐར་ཕྱིན་ཏེ<<ཝེལ་ཧྲི་ལྷོ་མའི་ཉིན་རེའི་ཚགས་པར>>
དུ་གསར་འགོད་པ་བྱས། ༡༩༣༣ལོར་ལོན་ཏོན་དུ་ཐོག་མར་སྙན་ངག་སྤེལ་ཞིང༡༩༣༤ལོར<<སྙན་ངག་པའི་ཟུར>>གྱི་དཔེ་
དེབ་བྱ་དགའ་ཐོབ། ཟླ་བཅུ་གཉིས་པར་སྙན་དེབ་ཐོག་མ<<སྙན་ངག་བཅོ་བརྒྱད>>པར་དུ་བཏབ་ཅིང༡༩༣༦ལོར<<སྙན་ངག་
ཉེར་ལྔ>>དཔར་བསྐྲུན་མཛད། ༡༩༣༩ལོར<<དགའ་བའི་ས་ཁྲ>>དཔར། ༡༩༤༣ལོའི་ཟླ་གསུམ་པར་དབྱིན་ཇིའི་རྒྱང་སྒྲོག་
ཀུང་ཟིའི་རྒྱང་སྒྲོག་པའི་འགན་འཁུར་མགོ་ཚུགས་ལ། ༡༩༤༦ལོར<<འཆི་བ་དང་འཇུག་སྒོ>>དཔར་ཞིང༡༩༥༢ལོར་རང་
གིས་བདམས་པའི<<སྙན་དེབ>>༼༡༩༣༤—༡༩༥༢༽དཔར། ༡༩༥༣ལོའི་ཟླ་བཅུ་གཅིག་པའི་ཚེས་དགུ་ལ་སྙན་ངག་པ་ཨ་
རིའི་ཉིག་ཡོག་ཏུ་ཚེ་ལས་འདས་ཤིང་ལོ་སོ་དགུ་ལས་མེད།

    དུས་ནི་འདུར་རྒྱུག་གི་བང་སོ་བཞིན།
དུས་ནི་འདུར་རྒྱུག་གི་བང་སོ་བཞིན་ཉིད་ཀྱི་ར་མདར་ལྷགས
ཁྱོད་ཀྱིས་བདེ་བར་འཁྱུད་པ་ནི་སྐྲ་ལོ་ཕོན་པོའི་ཟོར་བ
ཁོ་མོས་བརྩེ་དུང་ཆིབས་སུ་བསྒྱུར་ཏེ་དལ་གྱིས་ཁང་བ་བརྒལ
གདུང་སྐྱེལ་འཁོར་ལོའི་ནང་གི་རུས་སྦལ་ཐེམ་སྐས་གཅེར་བུར་འཛེགས་ཏེ
མཁའ་ཡི་ཟོམ་དུ་འཐེན

ཁེ་གྲི་ཞིག་དང་འདྲ་བར་དབུ་འཕང་མཐོ་ལ་གོམ་སྟབས་ཆེ་བར
ལོ་ཟླ་དྲས་ཤིང རིགས་རྒྱུད་ཁྲོད་དཔའ་ཞུམ་པའི་ཁོ་བོར
འཆི་བའི་གཡོ་སྒྱུ་ལས་ཀྱང་ཕྱི་རུ་མངོན་པའི་དགའ་བ་བསྩལ
གཡོ་ཧམ་གྱི་སྨྲ་ལྕེ་འཕྲོག ཁོའི་ཐིག་ཤིང་གིས་ཕྲ་བའི་ཤ་རུས་གཞལ

ཁོ་བོར་ཀླད་པ་དང་ནང་སེམས་སྦྱིན་པའི་བདག་པོ
པྲ་ཚིལ་སྒྲོན་མེ་བཞིན་སྐམ་པའི་འཆི་བའི་སེམས
ན་ཆུང་མ་དང་མགོ་བོ་ནས་སྐྲང་འབུར་གྱིས་མཐེ་བོང་ཟིན་པ་ལྟར
སྦྱག་མའི་ལག་འོག་གི་ཁྲག་དང་ཚགས་དམ་པོའི་དུས་ཚོད་ཀྱིས
བྱིས་པ་ཚོ་ནར་སོན་པར་སྐུལ་དུས

གཟའ་ཉི་མར་ཁ་གཏད་དེ་ལག་ཤུབས་སུ་ཕྱིས་རས་བཞག
ཚངས་མ་དང་རྔོན་པ མིག་རབ་རིབ་ཀྱི་སྐྱེས་པ
དུས་ཀྱི་རྒྱ་ཁེའམ་ཕྱི་ལྭ་འཁྱག་པོ
གཅིག་བྱས་ན་ཁོ་བོ་ཕྱུགས་ཕྱུང་མ་ཞིག་དང་ལྷན་ཅིག
དུར་ཁྲོད་སྙོམས་པོ་ཞིག་ཏུ་གནས་ཐབས་བྲལ་བར་སྣང

ཁོ་བོ་གོམ་སྟབས་ཆེན་པོས་འཆི་བའི་རྒྱལ་ཁམས་བརྒལ
རྐུ་ཡི་བདག་པོས་རྡོའི་སྟེང་དུ་གསང་གྲངས་སྒུལ
རེ་ཆད་ཀྱི་ཁྲག ཡིད་རྟོན་རུང་བའི་སྨན་ཤར་གྱི་ཐིག་ལེ
རླིག་རིལ་འདོན་སར་བསྡད
ཤ་མཛེར་དང་ངོ་གདོང་ལ་ཟེ་ཚྭའི་དྲེག་པ་ལུས

དུས་ནི་བླུན་པོའི་འཕྲུལ་སྣང་རིགས་ཤིག དུས་དང་གླེན་པ
མིན མིན ཁོ་བོའི་བདག་པོ ཁྱོད་དེ་དགའ་གྲོགས་ཀྱི་ཀླད་པ་འདི
མར་ལྷུང་བའི་ཐོ་བ་བཞིན་རེག་པའི་གཟི་བརྗིད་ལ་རྡུང
ཁྱོད་དེ་དཔའ་བོའི་མགོ་བོ འཁོར་ཁང་ནང་གི་མི་རོས་འཁར་བར<<ཕམ་ཁ>>གླེང

སྐུ་ཞབས་དང་ལྕམ་མོ སྤྲོ་བ་ནི་ཁྲོག་སྒྲ་འབྱིན་པའི་རྒྱལ་ཁམས་མིན
འབྲས་སྐྲན་མཆེད་པའམ་དབྱར་གྱི་ལོ་མ
འཛིངས་པའི་ལྗོན་པ་དང་སྨྱོ་ཧམ་གྱི་རྒྱ་གྲམ་སྟེང་འཚེར
སྤྲོ་བའང་གྲོང་ཁྱེར་གྱི་སྣུམ་སྙིགས་དང་ས་འོག་མེ་འཁོར་མ་ཡིན
མི་དག་བསྐྱངས་ཏེ་རྡེའུ་ལམ་ཕྲ་མོ་བརྒྱུད་པར་ངལ་བས་དུབ

ཁོ་བོས་ཁྱོད་ཀྱི་ཟླུམ་གཟུགས་མཆོད་རྟེན་གྱི་རྩེ་མོའི་སྒྲོན་འོད་རློན་པར་བྱས
སྤྲོ་བ་ནི་རྡེག་པའི་ས་རྡུལ་ཏེ མི་རོ
སྒྲོམ་གྱི་ཐོལ་འགྱུར་གྱིས་གཞིབ་པའི་ཡ་ཏིང་གི་མྱུ་གུ་བརྒལ
ས་སྲོས་རབ་རིབ་ཀྱི་དུངས་པའི་རྒྱལ་ཁམས་དང་རྒྱལ་དབང་གི་མགོ་རུས
སྐུ་ཞབས ཁྱོད་ཀྱི་ལས་ཁོ་ན

ཡོད་ཚད་ཡོངས་སུ་འཇིག མཆོད་སྟེགས་རྡིབས
༼ཁང་སྟོང་རླུང་གིས་དགང༽ གསེག་གེའི་སྟེགས་ལྗོངས
རྩ་བ་ཉི་མ་ལས་ཐུར་དུ་དཔྱངས
༼དབྱར་ཁ་སྤངས༽ སྐྱི་ལྤགས་འབྱར
བྱ་སྤྱོད་མ་ལུས་འཇིག

མི ཁོ་བོའི་སྨྱོས་པའི་མི རུལ་སུངས་ཀྱི་རླུང་གིས
ཤུ་སྒྲ་འདེབས་མཁན་གྱི་གློ་ལུ་སྒྲོག་ཅིང ར་མདའི་དུས་ཚོད
འཆི་བའི་རོ་མར་བསྒྱུར
ཁྱོད་ཀྱིས་འགྲམ་པ་སྦྱར་མཚམས་བཞག་པའི་འཇིག་རྟེན་འདི་བདག་ཏུ་ཟིན་དུས
ཁོའི་གཡོ་ཇུས་ལ་དགའ་བ་འཕེལ
སྤྲོ་བའི་མི་རོ་བཀྲེས་ཤིང་ལྟོགས

         (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཏིས་ལན་ཐོ་མ་སིའི་སྙན་ངག་འགྱུར་མ།

2008-11-08 ཏིས་ལན་ཐོ་མ་སི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།