ཡུས་ཏིའི་སྙན་ངག་བདམས་བསྒྱུར།

          ཡུས་ཏི་ཡི་མིང་དངོས་ལ་ཡུས་ཞིན་ཅེན་ཞུ་ཞིང༌།༡༩༧༧ལོར་ཧུའུ་པེ་དབྱི་ཏུའུ་རུ་འཁྲུངས།ལོ་མང་པོའི་རིང་ཡུན་
ནན་ཁུན་མེང་ནས་བཞུགས།༢༠༠༠ལོ་ནས་བཟུང་རྩོམ་འབྲི་བའི་ལས་སུ་ཞུགས་ཤིང༌།སྙན་ངག་དང་ལྷུག་རྩོམ།བརྩམས་སྒྲུང་
བཅས་འབྲི་བར་གཞོལ།རྒྱལ་ནང་གི་དུས་དེབ་དང་ཚགས་པར་མང་པོའི་སྟེང་བརྩམས་ཆོས་བཀོད་ཡོད།ཁོང་གི་བརྩམས་ཆོས་
དག༢༠༠༣ལོའི་ཀྲུང་གོའི་སྙན་ངག་ལེགས་གྲས་དང༌།༢༠༠༥ལོའི་ཀྲུང་གོའི་ལོ་འཁོར་རེའི་སྙན་ངག་སོགས་སུ་བདམས་ཡོད།
༢༠༠༥ལོར་མཐའ་མཚམས་རྩོམ་རིགས་བྱ་དགའ་ཐོབ།ཁོང་གི་བརྩམས་ཆོས་གཙོ་བོ《ནང་སེམས་སྟེ།མུན་ནག་གི་ལྡུམ་ར》
ཚན་པ་ཉིས་སྟོང་ལྷག་དང་ཡིག་འབྲི་ཁྲི་བཅོ་ལྔ་ལྷག་ཡོད།༢༠༠༧ལོའི་ཟླ་༡༠པའི་ཚེས་༤ཉིནཕོ་ལོ་སུམ་ཅུར་སླེབས་པའི་ཡུས་
ཏི་ལགས་ཀྱིས་ཁྱིམ་ནས་རང་གི་ལག་སྐེའི་འཕར་རྩ་གཏུབ་ཏེ་སྐུ་གཤེགས།ཤུལ་ཏུ་ད་དུང་ཟླ་གསུམ་གྱི་ཁ་མི་གང་བའི་བྱིས་པ་
མཚེ་མ་ཞིག་དང་གློ་བའི་སྐྲན་ནད་ཀྱིས་མནར་བའི་ཆུང་མ་ཞིག་ཡོད།གསར་འགོད་པ་མང་བོ་ཞིག་གིས་ཁོང་གི་ཤི་རྐྱེན་ཐད་
བཅར་འདྲི་སྣ་ཚོགས་བྱས་མོད་མཇུག་འབྲས་ཅི་ཡང་མ་ཐོབ།མི་རེ་འགས་ཡིད་ཚོད་བྱས་པ་ལྟར་ན་ཁོང་གིས་བྱ་བ་ཤོར་ནས་
ཁྱིམ་དུ་བསྡད་ཡོད་ལ།ཆུང་མར་སྐྲན་ནད་བྱུང་ཡོད་པས་འགྲོ་སྒོ་ནི་ཧ་ལས་པ་ཞིག་རེད།ད་དུང་མ་འགྱང་བའི་ཡར་སྔོན་དུ་བྱིས་
པ་གཉིས་སྐྱེས་པས་འཚོ་བའི་ཐད་ལ་སྔ་ན་མེད་པའི་དཀའ་ཁག་བྱུང་ལ།ཁང་བ་ཡང་དངུལ་བུན་གཡར་ནས་ཉོས་པ་ཡིན་པས།
འཚོ་ཚིས་ཀྱི་གནོན་ཤུགས་མ་བཟོད་པར་རང་སྲོག་བཅད་པ་རེད་ཟེར།འོན་ཀྱང་ཁོང་གི་བཟའ་ཟླས་འདི་ནི་དཔེ་མི་སྲིད་པ་
ཞིག་སྟེ།ཁོང་གི་རྩོམ་ཡོན་གྱིས་ཁ་མི་སོས་རྒྱུ་ཅི་ཡང་མེད་ལ།ཟླ་གཅིག་གི་དངུལ་བུན་སྤྲད་རྗེས་ད་དུང་ལྷག་མ་ངེས་ཅན་རེ་ཡོད་
ཅེས་གསར་འགོད་པར་བཤད་འདུགགང་ལྟར་ཁོང་རང་སྐུ་གཤེགས་རྗེས་ཁོང་ལ་ཡོད་པའི་རྒྱུ་ནོར་ནི་ཏུན་གཅིག་ལྷག་ལོངས་
པའི་དཔེ་ཆ་རེད་ཟེར།
     ཡུས་ཏི་ལགས་ནི་ཀྲུང་གོའི་ན་གཞོན་རྩོམ་པ་པོའི་ཁྲོད་ནས་ཅུང་རང་ཚུགས་ཡོད་ཅིང་ཚོང་ལས་དང་རོལ་རྩེད་ཀྱི་ཤས་ཆེ་
བའི་རྒྱ་ནག་གི་རྒྱུག་ཆེའི་རྩོམ་རིག་ལ་མགོ་མ་བཏག་པའི་རྩོམ་པ་པོ་ཁྱད་ཆོས་ཅན་ཞིག་ཡིན།ཀྲུང་གོའི་རིག་གནས་དཔྱད་བརྗོད་
པ་གྲགས་ཅན་ཀྲུའུ་ཏཱ་ཁེསjཀྲུང་གོའི་ཉེ་རབས་རྩོམ་རིག་གི་རྦ་རླབས་ཆེན་མོ་འཕྱོ་མཚམས་བཞག་ཟིན་པ་ཡིན་ལ་རྩོམ་རིག་གི་
འཁྱག་ཀླུང་དུས་རབས་ལ་སླེབས་པ་ཡིན།འོན་ཀྱང་ད་དུང་ཕུལ་དུ་བྱུང་བའི་མི་རེ་གཉིས་མི་འདུག་ཅེས་ཁ་ཚོན་བཅད་པ་མིན་སྟེ།
ན་ནིང་རང་སྲོག་བཅད་པའི་ཡུན་ནན་གྱི་སྙན་ངག་པ་ཡུས་ཏི་ནི་ཕུལ་དུ་བྱུང་བའི་རྩོམ་པ་པོའི་གྲས་ཀྱི་གཅིག་རེད་ཅེས་གདེང་
འཇོག་གནང༌།འོན་ཀྱང་ཁོང་གིས་ཡང་འདི་དང་འདི་འདྲ་བ་དག་གིས་དངོས་གནས་རྩོམ་རིག་གི་ངོ་མཚར་སྐྲུན་གྱིན་ཡོད་པ་
བདེན་མོད།འདི་ལྟ་བུའི་དོན་དངོས་ཁེར་རྐྱང་གིས་རིག་གནས་ཉམས་རྒུད་ཀྱི་གནས་བབས་ཆེན་མོའི་ཁ་ཕྱོགས་སྒྱུར་ཐུབ་པའི་
དཔེ་མི་འདུག་ཅེས་གསུང༌།
     ཡུས་ཏི་ཤི་བ་ནི་རྒྱ་ནག་གི་སྙན་ངག་པ་ཧེ་ཙི་དང་ཀུའུ་ཁྲིན་སོགས་ཀྱིས་རང་སྲོག་བཅད་པའི་རྗེས་ནས་ཡང་བསྐྱར་རང་
ཉིད་ཀྱི་ཚེ་སྲོག་གིས་འཚོ་གནས་ལ་ཡིད་མ་ཚིམ་ཞིང་འུར་འུར་ཟིང་ཟིང་གི་ཁྲོམ་རའི་སྤྱི་ཚོགས་ལ་རང་ཉིད་ཀྱི་རྩོམ་རིག་གི་ཁ་
བཏགས་ཁྱེར་ནས་མགོ་མི་འདོགས་པའི་སྤྱོད་སྟངས་མངོན་པར་མཚོན་པ་ཞིག་རེད་ལ།ཡང་སྙན་ངག་པའི་ཤ་ཁྲག་གི་ཟབ་ས་ན་
འཚོ་ཚིས་ཀྱི་དཀའ་ངལ་ལ་འཕྲད་དུས་ཆད་སླ་བའི་དབང་རྩ་ཞིག་ཡོད་པ་ར་སྤྲད་པ་ཞིག་ཀྱང་རེད།

              ཕོ་ལོ་སུམ་ཅུ། 
                        ----ནང་སེམས་སྟེ་མུན་ནག་གི་ལྡུམ་ར་ཞེས་པ་ལས་བདམས།
སྙན་ངག་པ
ལོ་ཚོད་འདི་ལ་སླེབས་དུས སྙན་ངག་ནི་པུར་སྐྱེལ་བ་ཞིག་དང་འདྲ་བར ཁོ་རང་བཙལ་ཡོང
ཁ་གདང་བའི་དུར་ཁུང་གི་མདུན་ནས ཁོ་རང་སད་བྱུང ཚོར་བ་ནི་མུན་ནག་རྐང་གཅིག་དང་འདྲ
སྙན་ངག་པ གང་ནས་ཡོང་ཞིང་གང་ལ་འགྲོ ཁོས་ཁ་ཆེམས་འབྲི་བཞིན་ཡོད

              བརྟན་སྐར།
རྒྱུ་སྐར་དེ་དག་ནི ཧོལ་རྒྱུག་གི་མེ་ཏོག་དང་འདྲ་བར མིག་ཟུང་དག་གི་མདུན་ནས་གཅེར་བུར་བུད
དྲག་དུ་གས་རྗེས སྲིད་པ་ཧྲིལ་བོ་རིམ་གྱིས་འཁྱག་ཅིང བརྩེ་བ་ཛ་དྲག་ཅིག་ལ་རེ
སའི་གོ་ལ་སྔར་བཞིན་འཁོར བདག་ནི་ཡོངས་ཀྱིས་བསྐོར་བའི་བརྟན་སྐར་དེ་ཡིན

              སྐད་ཆ་ལྷག་མ
སྐད་ཆ་ལྷག་མ བདག་གིས་དམྱལ་ཁམས་ནས་བཤད་ཆོག དེ་ན་མཇུག་འབྲས་ཡོད་སྲིད
བསམ་བློ་མང་པོ་ཞིག ལོ་རྒྱུས་སུ་བྲིས་ནས མི་མང་ལ་དམོད་དུ་བཅུག་ཆོག
མི་སུ་ལའང་རང་ཉིད་ཀྱི་རྨ་ཁ གདོན་འདྲེའང་དེ་བཞིན་ནོ

                རྩོམ་འབྲི་བ།
རྩོམ་འབྲི་བ་ནི་འཁྲིག་པ་སྤྱོད་པ་མ་རེད དེའི་སྤྲོ་སྣང གང་ནས་ཡོང་བ་ཡིན་ནམ
མཛུབ་མོས་རང་ཉིད་ཀྱི་དབང་རྩ་དག་བརྡུང་ནས དེ་དག་བར་སྣང་ནས་འདར་དུ་བཅུག
ཡིག་འབྲི་འདི་དག ཁུ་བ་དང་འདྲ་བར སེར་བོར་གྱུར་ཞིང་སྐམ་ནས ལྟ་མི་མོས་པ་ཞིག་དུ་འགྱུར་ངེས
འཚོལ
འཚོལ་བ་ནི་རྣམ་པ་ཞིག་སྟེ ཆེས་མཐོ་བའི་ཟོལ་བཅོས་མཚོན
ཤ་གནད་དང ཁྲག་རྩ རུས་པ་དག་རིམ་གྱིས་བཀོགས་ནས རྣམ་ཤེས་ཟད་པར་གཏུག
མཐའ་ལ་སླེབས་ཆེད ཁྱད་ཆོས་ཤི་བར་བྱས

                   དུས་ཚོད།
དུས་ཚོད་ཀྱིས མཚམས་མེད་པར་ནམ་མཁའ་ཁྱུར་མིད་བཏང་ནས ཡོད་ཚད་མུན་དོང་དུ་བསྒྱུར
ངག་མི་སྨྲ་བའི་ལྷ་འདི་ལ གདོང་དང་ལུས་པོ་མེད སྒྲའང་མེད
ཁོ་ནི་རྣམ་ཤེས་སྟེ འཇིག་རྟེན་འཕིག་པའི་སྣང་བ་ཡུག་གཅིག་ཡིན

                     སངས་རྒྱས།
སངས་རྒྱས་ལ དཀྱེལ་ཡངས་པའི་ཐོད་པ་ཡོད ཤེས་རབ་གཏམ་པའི་སྤྱན་ཟུང་ཡོད བྱམས་བརྩེ་བྲིས་པའི་ཞལ་རིས་ཡོད
ཁ་ཁུ་སིམ་པའི་མཆུ་སྒྲོས་ཡོད
ཁོང བརྟན་པོར་བཞུགས་ཤིང རྟག་པའི་ཀློང་ན་གཡོ་ཞིང་འགུལ
འཇིག་རྟེན་སྐྱོབས་པའི་ཕྱག་དེ སྙིང་ཁར་བཞགས་ནས སྙིང་རྗེ་བཀོད་པའི་་སེམས་ཞིག་བཏེགས་ཡོང

                       སྐྱེལ་མ།
ལྕགས་ལམ་ནི རྐས་ཤིག་དང་འདྲ་བར
ལྷོ་ཕྱོགས་ལ་བསྟན། རྡོ་བ་མཁྲེགས་པོ་མང་བོ
འཐོར་སོང་བའི་སོ་ཕྲེང་བཞིན
ཆར་བས་དཀར་སེང་ངེར་བཀྲུས
སྒེའུ་ཁུང་འཁྱག་པ་བརྟོལ་ནས
ཁོས་མོ་རང་མིག་ལས་མ་བོར
ཁོ་མོས་ཆར་གདུག་དམར་པོ་བཀར་བས
ཤ་མོང་ཞིག་དང་འདྲ
ཁ་རླངས་དཀར་པོ་ཞིག་བཏང་རྗེས
མེ་འཁོར་རིམ་གྱིས་ལམ་ལ་ཆས
ཁོ་འཛུམ་བཞིན ལག་མཐིལ་ཤེལ་སྒོ་ལ་སྦྱར་བ
ས་ཁྲ་ཞིག་གི་ཁ་ཕྱེ་བ་དང་འདྲ
ཁོ་མོས་སྐད་ཆེན་པོའི་བོས་
མཚམས་མེད་པར་ལག་པ་གཡུགས
ལྗིད་ཏིག་ཏིག་གི་འཁོར་ལོ་སྙེག
འབབ་ཚིགས་སྟོང་བ་ན
ཁོ་མོའི་གོམ་སྟབས་ལྗི་མོ
ཁོའི་སྙིང་གི་འཕར་ལྡིང་བཞིན
གཅིག་རེ་གཉིས་རེར་ལྡིང
མེ་འཁོར་ནང་གི་ཁོས
རླབས་འཕྱུར་བ་ལྟ་བུའི་འུར་སྒྲ་ཁྱེར་ནས
འདས་ཟིན་པའི་ཉིན་ཞག་དེ་དག་བཞིན
ཁོ་མོའི་མིག་ལམ་ནས་སྐད་ཅིག་ལ་ཡལ

            གྲིབ་མ(སྙན་བཏུས་ཚན་པ་ལྔ)
         དགུན་ཁའི་མཚན་མོ།
མཚན་ལྗོངས་ནི་འཁྱག་ཤུར་ཤུར་གྱི་ལྕགས་ལམ་སྟེ
མདུན་ནས་མདུན་ལ་བསྲིངས། བདག་གི་སྙིང་ནི
འཁོར་ལོ་ཞིག་དང་འདྲ་བར འཕུར་བ་ལྟར་འཁོར་
འདི་ནི མཐའ་སྣེ་མ་རེད
ཁང་ཐོག་ནས་ལངས་དུས རླུང་བུས་བདག་གི་མགུལ་བ་བཅིངས
གལ་སྲིད་མར་ལྡིང་ཚེ ས་གཞི་ནི་འོག་ན་སྦུབས་ནས་ཉལ་ཞིང་
སྒེའུ་ཁུང་ཡོད་ཚད་ཀྱིས་སྨྲ་བ་བཅད་ཡོད
སྐྱ་མདའ་མ་བཀྱགས་གོང
སྨུག་ཆེན་ཐང་ལ་ལྷུང་བ་བཞིན
བདག་ངེས་པར་དུ་རང་གི་ནང་སེམས་ལ་ལོག་དགོས

               དོང་ལམ།
དོང་ལམ་གྱི་ཁ་ན
ཉི་མས་ཤེད་ཀྱིས་རྫོང་བཞིན་པའི་
ཆེས་མཐའ་མཇུག་གི་སྣང་བ་དེ་དག
མུན་ནག་གི་མགྲིན་པར་ཚུད་རྗེས
ནམ་མཁའ་ཡལ་བར་གྱུར་ལ
མགོ་ཐོག་གི་ཨར་འདམ་དང་རྣོ་ལྕགས་ཀྱིས་སྦར་ཤད་རྒྱག་པའི
རང་ཉིད་ཀྱི་ངོ་གདོང
སྲ་ཞིང་འཁྱག
རྡོག་པ་ཡོད་ཚད་དལ་གྱིས་སྤོས་ལ
གློག་སྒྲོན་དཀར་ཆིལ་ལེར་གྱུར
མདའ་རྟགས་དཀར་པོ་ལམ་གྱི་དཀྱིལ་དུ་འགྱེལ་བ་ནི
སྲ་ཞིང་རེངས་པའི་མཛུ་གུ་ཞིག་གིས
མདུན་ཕྱོགས་སྟོན་པ་འདྲ
དེ་ནི་
སྒོར་འབུད་སའོ
ང་རོ་ཆེན་པོས
ཕྱོགས་ཕྱོགས་ནས་བཅུམ་ཡོང་ཞིང
སྟོང་ལྷིང་ལྷིང་གི་སེམས་པ་ཞིག་
དྲག་ཏུ་ལྡིང
མུན་ནག་བརྒལ་རྗེས
ང་ནི་མི་མེད་པའི་དམྱལ་བ་ཞིག་ལས་སྒོ་རུ་ཐོན

                    སྟོན་ཁ།
མཚན་མོར མུན་ནག་དོག་ཅིང་རིང་བ་ཞིག་གིས
ཁྱོད་ཀྱི་བརྐྱངས་ནས་ཡོད་པའི་ཡན་ལག་དྲུད་ནས འཁྱོམ་བཞིན་འཁྱོམ་བཞིན
མཐའ་སྣེར་གཟས་ནས་སྐྱོད། ལྷིང་འཇགས་ཐུན་གཅིག་གི་ཁྲོད་ནས
ཁྱོད་རང་གཉིད་ལས་སད ངོ་གདོང་རབ་རིབ་ཞིག
སྒེའུ་ཁུང་ཕྱི་ནས་སྐད་ཅིག་ལ་ཡལ
ཁང་བ་གང་བོ་ཐེ་ཚོམ་གྱི་གནས་ལ་ལྷུང
དེས་རྡོག་ཁྲེས་སྟོང་བ་འདི་ལ་མིག་ཧད་ཅིང ཐག་ཐག་གི་སྒྲ་དང་འགྲོགས་ནས
རང་ཉིད་འཚོལ། ཁྱོད་ཀྱིས་སྒྲོག་གུ་བརྟོལ་དུས
ནང་ན་ཅི་ཡང་མ་མཆིས འདི་ནི་ཁྱོད་ཀྱི་ཁྱིམ་སྟེ
བོར་ཟིན་པའི་རྣམ་ཤེས་ཤིག་སྒུག
པང་གཅལ་འོག་ནས ལག་པ་ཞིག་བསྲིང་འོང་ནས
འཇམ་ཤ་དོད་པའི་ཁྱོད་རང་བཏོག། སྡོང་བོ་དེ་དག
ལེ་བར་སྟོང་ཕྲག་གི་ཕ་རོལ་ན མཆི་མ་གཏོང
ཁྱོད་རང་མ་ལྕེབས་ཤིག རྦ་རླབས་དྲག་པོ་ཞིག་གིས
གྲུ་གའི་མཆུ་སྒྲོས་ལས་ཝུ་བ་འདོན་ལ
གཅིག་འཕྲོར་གཅིག་མཐུད་པའི་རྩ་འཁུམ་གྱིས ཁྱོད་ཀྱི་ལུས་པོ་རྔུལ་ཆུས་བཀྲུས
འདི་ནི་སྟོན་ཁ་སྟེ རྨི་ལམ་ལ་སྐྱ་མདོག་ཐོན་འགོ་ཚུགས

                 གློག་ཆད་པ།
དོགས་ཟོན་ཏོག་ཙམ་བྲལ་བའི་མི་གཅིག་ལ
མགོ་ལྟག་ལ་རྒྱུག་པས་གཞུས་པ་བཞིན ཁྱོད་ཀྱི་མིག་ལམ
ནག་དུབ་བེར་གྱུར། ལམ་ཁ་ན་མི་གཅིག་ཀྱང་མེད་ལ
སྒྲོན་འོད་གཉོམ་པོས སྒེའུ་ཁུང་རེ་གཉིས་ལས
རབ་རིབ་ཀྱི་ངོ་གདོང་བསྟན་ཡོང༌། ཙག་ཙིག་ཚོང་ཁང་ལས
ཁྱོད་ཀྱིས་དངུལ་མདོག་གི་དོང་ཙེ་གཅིག
ཞག་སྒྲོན་དཀར་པོ་རྐང་གཉིས་ལ་བརྗེས
དེ་ནས མུན་ནག་གི་མགྲིན་པར་འཛུལ
རྐས་ཁ་ནས ཁྱོད་རང་རྐས་གདང་ལ་འཐམ་ནས
ཡར་ལ་འབྱར བྱིས་པ་སྙིང་ཆུང་ཞིག་ལྟར
རྐང་བ་འགྲེད་འགྲོ་བར་སྐྲག་སྣང་སྐྱེས ད་ལྟ
ཁྱོད་ཀྱིས་གློག་རྒྱུན་དྲག་པོ་ཞིག་གིས
ཆ་ཡོད་པའི་སྒོ་འདི་ཕྱེ་བར་རེ ཡོད་ཚད
ཇི་འདྲའི་ཆ་མེད་ཅིག་རེད་ཨང འདི་ནི་སྔར་བཞིན་ཁྱོད་ཀྱི་ཁྱིམ་རེད
ཁྱོད་རང་ཐང་ལ་ཙོག་ནས ཡུན་རིང་བར་སྒུག་འགོ་བརྩམས
མཚན་མོ་ལ ལྟ་ཚུལ་གསར་བ་ཡོད་པར་གྱུར

                     ཉལ་ཁང༌།
མཚན་གོང་ཆུ་ཚོད་བཅུ་གཉིས་པར ཡོད་ཚད་འཕྱོ་འགོ་བརྩམས
གཉིད་པ་ནི་རླབས་རྒྱུན་དྲག་པོ་སྦས་པའི་མཚོ་ཀློང་ཞིག་རེད
ཁྱོད་རང་མལ་ཐུལ་འོག་དུ་འགྱེལ་ནས རྡོ་བ་ཞིག་ལྟར
ཁ་རོག་གེར་མུན་པ་འཇིབས། ཉིན་མོ་ནི
ཁྱོད་ཀྱི་ཀླད་པ་ནས གྲིབ་མ་ཞིག་དུ་གྱུར
སྒེའུ་ཁུང་གིས་མིག་ལྕིབས་ཟིམ་ཞིང ཁྱོད་ཀྱི་དབུགས་ཁ་གཏོང་ལེན་ལ་ཉན
སྔས་མགོའི་དུས་ཚོད་ཀྱིས ཁྱོད་ཀྱི་སྙིང་གི་འཕར་རྩ་ལ
བང་རྩལ་འགྲན། གནམ་གཅལ་ལས་
རྡོག་སྒྲ་ཞིག་ཁྱེར་ཡོང གྱང་རྡེབ་ཀྱི་འདྲ་པར་དེས
ཕོ་མོ་གཉིས་ཀ་ཐང་ལ་འབབ་དུ་མ་བཅུག
དཔེ་ཁྲིར་བཞུགས་པའི་ཤི་བོས སྐད་ཆ་གྱོང་བོ་ཞིག་གིས
ཁ་བརྡ་གློད། ཁྱོད་ཀྱིས་འདྲེ་ལྡོག་ཅིག་བརྒྱབས
རྨི་ལམ་ཁྱོད་ཀྱི་ཐོད་པ་ལ་འཛེགས།གོ་མེད་ཚོར་མེད་ངང
ཁྱོད་རང་མི་གཞན་ཞིག་དུ་གྱུར གཉིད་ལས་སད་རྗེས
ཁྱོད་ཀྱིས་འདས་ཟིན་པ་དེ་དག་གཏིང་བརྗེད་དུ་གྱུར 

             (གཡག་བུ་དཔལ་རྩལ་གྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུས་ཏིའི་སྙན་ངག་བདམས་བསྒྱུར།

2008-11-08 ཡུས་ཏི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།