གཏམ་རྒྱུད།

     གནའ་སྔ་མོ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་དཔའ་རྒོད་ཅིག་ཡོད།
     ཉིན་ཞིག་ཁོ་རང་སྡེ་བ་ཆ་མེད་ཞིག་གི་ནང་དུ་སོང་ནས་སྡེ་མི་རྣམས་ལ་རོགས་རམ་འདྲ་བྱེད་དགོས་མིན་དྲིས་པ་ན།སྡེ་མི་
རྣམས་ཀྱིས་ཁོ་ཚོའི་སྡེ་བ་འདི་དང་ཐག་མི་རིང་བའི་རི་མགོ་ཞིག་ན་ཁོ་ཚོའི་ཚེ་སྲོག་ལ་གནོད་སྐྱེལ་མཁན་གྱི་རྒྱ་སྟག་ངར་མ་ཞིག་
ཡོད་ཚུལ་ལབ་བྱུང༌།ཁོས་སྐད་ཆ་དེ་ཐོས་མ་ཐག་རི་མགོར་སོང་སྟེ་ཉིན་ཞག་གསུམ་གྱི་རིང་ལ་རྒྱ་སྟག་ངར་མ་དེ་དང་འཐབ་
འཛིང་བྱས་ནས་རྒྱ་སྟག་ངར་མ་དེ་ལྔ་ལམ་དུ་བརྫངས་པ་མ་ཟད།དེའི་པགས་པ་སྡེ་བ་དེའི་ནང་དུ་ཁྱེར་འོང་ནས་སྡེ་མི་རྣམས་
ལ་“ཁྱོད་ཚོར་འདི་ལས་གཞན་གནོད་འཚེ་གཏོང་མཁན་འདུག་གམ”ཞེས་དྲིས་པ་ན།སྡེ་མི་རྣམས་ཀྱིས་“ད་དུང་གཅིག་འདུག་
སྟེ།དེ་ནི་སྡེ་བ་འདི་དང་ཐག་མི་རིང་བའི་མཚོ་མོ་ཞིག་གི་ནང་ན་གནས་ཡོད་པའི་ཀླུ་ཞིག་གོ”ཞེས་ལན་བཏབ།སྐད་ཆ་དེ་ཐོས་མ་
ཐག་དཔའ་རྒོད་དེ་མཚོ་མོའི་ཕྱོགས་སུ་རྒྱུགས་སོང་ནས་མཚོ་ནང་གི་ཀླུ་དེ་ཉིན་ཞག་བདུན་གྱི་རིང་ལ་འཐབ་འཛིང་བྱས་ཤིང་
མཇུག་མཐར་ཀླུ་མགོ་ཞིག་ཁྱེར་ནས་ཕྱིར་སྡེ་བ་དེའི་ནང་དུ་སླེབས་བྱུང༌།སྡེ་མི་རྣམས་ཐོག་མར་ཧ་ལས་ཤིང་རྗེས་སུ་སེམས་ཀྱི་
དགའ་སྤྲོ་མཚོན་བྱེད་དུ་དཔའ་རྒོད་དེ་ལ་གསོལ་སྟོན་རྒྱ་ཆེན་པོ་ཞིག་བཤམས།གསོལ་སྟོན་གྱི་སྟེང་དུ་དཔའ་རྒོད་དེས་ཆང་
འཐུང་བཞིན་“ཁྱོད་ཚོར་ད་དུང་གནོད་འཚེ་གཏོང་མཁན་སུ་ཞིག་འདུག་གམ”ཞེས་དྲིས།སྡེ་མི་རྣམས་ཀྱིས་“ད་དུང་གནོད་
འཚེ་གཏོང་མཁན་ཞིག་འདུག་སྟེ།གལ་ཏེ་གནོད་འཚེ་གཏོང་མཁན་དེ་རྩ་མེད་དུ་མ་བཏང་ཚེ།གནམ་འོག་འདི་ལ་གཏན་དུ་ཞི་
བདེ་འཐོབ་མི་སྲིད།”ཅེས་ལན་བཏབ།དཔའ་རྒོད་དེས་མྱུར་དུ་“སུ་རེད”ཅེས་དྲིས།སྡེ་མི་རྣམས་ཀྱིས་མགྲིན་གཅིག་ཏུ་“ཁྱོད་
རེད”ཅེས་ལན་བཏབ།དཔའ་རྒོད་དེས་ཅི་ཡིན་ཧ་མ་གོ་བར་“ཅིའི་ཕྱིར་ང་ཡིན་ནམ”ཞེས་དྲིས་པ་ན།སྡེ་མི་རྣམས་ཀྱིས་“དེ་ནི་
ཁྱོད་རང་དཔའ་རྒོད་ཡིན་པའི་ཕྱིར་རོ།”ཞེས་ལན་བཏབ།དཔའ་རྒོད་དེས་མགོ་བོ་སྒུར་ནས་ཡུད་ཙམ་ལ་བསམ་བློ་བཏང་རྗེས་
ཡར་ལ་ལངས་སྟེ་སྡེ་བ་དེ་དང་ཁ་བྲལ་རྩིས་བྱས།ཡིན་ནའང་ཁོས་གོམ་པ་སྤོས་མ་ཐག་ཐང་ལ་སྡོང་དུམ་ལྟར་འགྱེལ་ནས་ཡར་ལ་
ལངས་རྒྱུ་མེད་པར་གྱུར་སོང༌།ཡིན་རྒྱུ་ནི་སྡེ་མི་རྣམས་ཀྱིས་སྔ་མོ་ནས་ཆང་གི་ནང་དུ་དུག་བཏབ་ཚར་འདུག་གོ
                                       (མར་ཁུ་རྒྱལ་མཚན་གྱིས་བསྒྱུར།)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཏམ་རྒྱུད།

2008-11-08 མི་གསལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།