ཀྲུང་གོ ངའི་ལྡེ་མིག་བོར་སོང་།

ཀྲུང་གོ    ངའི་ལྡེ་མིག་བོར་སོང༌།
 
དེ་ནི་ལོ་ངོ་བཅུའི་ཡར་སྔོན་ཏེ།
ངས་སྨྱོ་ཧམ་གྱིས་སྲང་ལམ་དམར་པོ་གཤགས་ནས།
གྲོང་ཁྱེར་མཐའ་འགྲམ་གྱི་ཐང་སྟོང་ནས་དགའ་འབོད་བྱས།
རྗེས་ནས།
ངའི་ལྡེ་མིག་བོར་སོང༌།
 
སེམས་པ་ཨ།     སྐྱོ་ལྷང་གི་སེམས་པ།
ད་ནི་འཁྱམ་འདོད་མི་འདུག་ཨང༌།
ཁྱིམ་དུ་ལོག་ནས་སྒམ་ཆུང་ཁ་ཕྱེ་སྟེ།
ང་རང་བྱིས་དུས་ཀྱི་པར་དེབ་རྣམས་སློག་འདོད་ཅིང༌།
དཔེ་ཆའི་བར་བཙིར་བའི།
སྔོ་ལྗང་གི་འདབ་ལོ་ལ་བལྟ་འདོད།
 
ད་དུང༌།    དཔེ་སྒྲོམ་གྱི་ཁ་ཕྱེ་ནས།
<<ཧེ་ནིའི་སྙན་ངག>>བླངས་ཏེ་ཁོ་མོར་ཐུག་འཕྲད་དུ་འགྲོ་དགོས།
ངས་དཔེ་ཆ་འདི་ཁོ་མོར་གཏད་དེ།
འདི་ནི་ངས་ཨ་སྔོན་ལ་འཕངས་པའི་བརྩེ་དུང་གི་བརྡ་རྟགས་ཡིན་པར་བྱ།
འོན་ཀྱང༌།    འདི་དག་ཐམས་ཅད།
མཛེས་སྡུག་གི་བྱ་བ་འདི་དག་ཐམས་ཅད་བཟོ་ཐབས་བྲལ།
ཀྲུང་གོ     ངའི་ལྡེ་མིག་བོར་སོང༌།
 
གནམ་ནས་ཡང་བསྐྱར་ཆར་བ་འབབ་འགོ་ཚུགས།
ངའི་ལྡེ་མིག་ཨ།   ཁྱོད་རང་གང་དུ་ཉལ་ཡོད།
ཆར་རླུང་གིས་ཁྱོད་རང་རུལ་མེད་དམ།
བཙས་ཟིན་ནས་ནག་པོར་གྱུར་མེད་དམ།
མིན།   ངས་དེ་ལྟར་མི་འདོད།
ངས་སྙིང་རུས་ཆེན་པོས་བཙལ་ནས།
ཁྱོད་རྙེད་ཐུབ་པར་ཡིད་ཆེས་བཅངས་བཞིན་ཡོད།
 
ཉི་མ་ལགས།
ཁྱོད་ཀྱིས་ངའི་ལྡེ་མིག་མཐོང་སོང་ངམ།
ཁྱོད་ཀྱིས་ཉི་ཟེར་གྱིས།
ཁོའི་སྟེང་དུ་འོད་སྟོང་འགྱེད་པར་ཤོག
 
ང་རང་མུ་མེད་ཀྱི་རི་ཐང་འདི་བརྒྱུད་ནས་འགྲོ་བཞིན་ཡོད།
ངས་སེམས་པའི་རྗེས་ཤུལ་ཉུལ་ནས་བཙལ་བཞིན་ཡོད།
སྔོན་ཆད་ཀྱི་བོར་ཟིན་པ་མཐའ་དག་ལ།
ནན་ཏན་གྱི་བསམ་གཞིག་གཏོང་བཞིན་ཡོད།
 
        ༡༩༨༠ལོའི་ཟླ་༨པར།
            (རོང་བོ་གངས་དཀར་གྱིས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་གོ ངའི་ལྡེ་མིག་བོར་སོང་།

2008-11-08 ལེའང་ཞའོ་པིན། ཀློག་གྲངས། མཆན ཡོད།

ཀྲུང་གོ    ངའི་ལྡེ་མིག་བོར་སོང༌།
 
དེ་ནི་ལོ་ངོ་བཅུའི་ཡར་སྔོན་ཏེ།
ངས་སྨྱོ་ཧམ་གྱིས་སྲང་ལམ་དམར་པོ་གཤགས་ནས།
གྲོང་ཁྱེར་མཐའ་འགྲམ་གྱི་ཐང་སྟོང་ནས་དགའ་འབོད་བྱས།
རྗེས་ནས།
ངའི་ལྡེ་མིག་བོར་སོང༌།
 
སེམས་པ་ཨ།     སྐྱོ་ལྷང་གི་སེམས་པ།
ད་ནི་འཁྱམ་འདོད་མི་འདུག་ཨང༌།
ཁྱིམ་དུ་ལོག་ནས་སྒམ་ཆུང་ཁ་ཕྱེ་སྟེ།
ང་རང་བྱིས་དུས་ཀྱི་པར་དེབ་རྣམས་སློག་འདོད་ཅིང༌།
དཔེ་ཆའི་བར་བཙིར་བའི།
སྔོ་ལྗང་གི་འདབ་ལོ་ལ་བལྟ་འདོད།
 
ད་དུང༌།    དཔེ་སྒྲོམ་གྱི་ཁ་ཕྱེ་ནས།
<<ཧེ་ནིའི་སྙན་ངག>>བླངས་ཏེ་ཁོ་མོར་ཐུག་འཕྲད་དུ་འགྲོ་དགོས།
ངས་དཔེ་ཆ་འདི་ཁོ་མོར་གཏད་དེ།
འདི་ནི་ངས་ཨ་སྔོན་ལ་འཕངས་པའི་བརྩེ་དུང་གི་བརྡ་རྟགས་ཡིན་པར་བྱ།
འོན་ཀྱང༌།    འདི་དག་ཐམས་ཅད།
མཛེས་སྡུག་གི་བྱ་བ་འདི་དག་ཐམས་ཅད་བཟོ་ཐབས་བྲལ།
ཀྲུང་གོ     ངའི་ལྡེ་མིག་བོར་སོང༌།
 
གནམ་ནས་ཡང་བསྐྱར་ཆར་བ་འབབ་འགོ་ཚུགས།
ངའི་ལྡེ་མིག་ཨ།   ཁྱོད་རང་གང་དུ་ཉལ་ཡོད།
ཆར་རླུང་གིས་ཁྱོད་རང་རུལ་མེད་དམ།
བཙས་ཟིན་ནས་ནག་པོར་གྱུར་མེད་དམ།
མིན།   ངས་དེ་ལྟར་མི་འདོད།
ངས་སྙིང་རུས་ཆེན་པོས་བཙལ་ནས།
ཁྱོད་རྙེད་ཐུབ་པར་ཡིད་ཆེས་བཅངས་བཞིན་ཡོད།
 
ཉི་མ་ལགས།
ཁྱོད་ཀྱིས་ངའི་ལྡེ་མིག་མཐོང་སོང་ངམ།
ཁྱོད་ཀྱིས་ཉི་ཟེར་གྱིས།
ཁོའི་སྟེང་དུ་འོད་སྟོང་འགྱེད་པར་ཤོག
 
ང་རང་མུ་མེད་ཀྱི་རི་ཐང་འདི་བརྒྱུད་ནས་འགྲོ་བཞིན་ཡོད།
ངས་སེམས་པའི་རྗེས་ཤུལ་ཉུལ་ནས་བཙལ་བཞིན་ཡོད།
སྔོན་ཆད་ཀྱི་བོར་ཟིན་པ་མཐའ་དག་ལ།
ནན་ཏན་གྱི་བསམ་གཞིག་གཏོང་བཞིན་ཡོད།
 
        ༡༩༨༠ལོའི་ཟླ་༨པར།
            (རོང་བོ་གངས་དཀར་གྱིས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།