ཡང་བསྐྱར་ཁཱང་ཆའོ་དང་གྱེས་པ།

འཇམ་ལྷོད་ལྷོད་ཀྱི་ང་རང་བུད་ལ་འགྲོ། 
ཏག་ཏག་ང་རང་འཇམ་ལྷོད་ལྷོད་ངང་ཡོང་བ་ནང་བཞིན། 
ངས་འཇམ་ལྷོད་ལྷོད་ཀྱི་ཕྱག་ཟུང་གཡུག་བཞིན། 
ནུབ་མཐའི་ཆུ་འཛིན་ཕུང་བོར་གྱེས་ཕྱག་བཞག

གཙང་ཆབ་ངོགས་ཀྱི་ལྕུག་ཕྲན་དག་ནི། 
མཚམས་སྤྲིན་ཀློང་གི་བག་གསར་ཡིན་ལ།
འོད་རླབས་ཁྲོད་ཀྱི་སྣང་བརྙན་དག་ནི། 
 ངའི་སེམས་ཁ་ན་འཁྱོམ་ཞིང་གཡོ།

འདམ་སྙིའི་སྟེང་གི་རྩྭ་ལྗང་དག  
སྣུམ་ཤིག་ཤིག་གིས་ཆུ་གཏིང་ནས་ངོམ་ངོམ་བྱས་པས།
ཁཱང་ཆུ་ཡི་འཇམ་པའི་རླབས་ཕྲེང་བར་ནས།  
ངའང་ཆུ་རྩྭ་རྐང་གཅིག་བྱས་ན་འདོད།

ཡོ་འབོག་གི་བསིལ་གྲིབ་འོག་གི་རྫིང་བུ་དེ་ནི། 
དྭངས་གསལ་གྱི་ཆུ་མིག་མ་ཡིན་པར།
མཁའ་ཡི་འཇའ་ཚོན་སྔོ་རྩྭའི་ཁྲོད་ན་མཉེན་རལ་དུ་གྱུར་ཅིང༌། 
འཇའ་ཚོན་ལྟ་བུའི་རྨི་ལམ་བཞིན་སྙིགས་ཡོད་པ་དེའོ།

རྨི་ལམ་འཚོལ་ལམ། 
སྨྱུག་མའི་དབྱུག་རིང་ཅིག་སྐྱོར་བཞིན།
རྩྭ་ལྗང་དག་སྔར་ལས་ཀྱང་ལྗང་མདོག་གི་གནས་ཕུགས་སུ་བསྐྱལ།  
སྐར་མའི་ཚོམ་བུ་གྲུ་ཡིས་ཐེག་ཚད་ཅིག་བཀངས་ནས།  
ཁྲ་ཚོམ་སྐར་ཚོགས་ཀྱི་ཀློང་ནས་གཞས་དབྱངས་བཏང༌།


འོན་ཀྱང་ངས་གཞས་དབྱངས་གཏོང་མི་ཉན་ཏེ། 
འཇམ་ཐིང་ཐིང་ནི་གྱེས་ཁའི་རོལ་དབྱངས་ཡིན།
ཐ་ན་དབྱར་ཁའི་འབུ་སྲིན་དག་གིས་ཀྱང་ངའི་ཆེད་དུ་ཁ་རོག་སྡོད་པའི་རྟུལ་ཞུགས་བཟུང་ལ།
ཁ་རོག་སྡོད་པའི་རྟུལ་ཞུགསས་འཛིན་པ་ནི་དོ་དགོང་གི་ཁཱང་ཆའོ་ཉིད།

འཇམ་ཐིང་ཐིང་གི་ང་རང་བུད་ལ་འགྲོ།   
ཏག་ཏག་ང་རང་འཇམ་ཐིང་ཐིང་ངང་ཡོང་བ་ཇི་བཞིན།  
ངས་རང་གི་ལྭ་བའི་ཕུ་ཐུང་གཡུག་གཡུག་ཙམ་བྱས་པར། 
སྤྲིན་པའི་ཕུང་བོ་ཙམ་ཡང་མི་འཁྱེར་ལགས། 
                                                   ༡༩༢༨ལོའི་ཟླ ༡༡པའི་ཚེས་༦ཉིན་ལ།
     (རྨ་བུས་བསྒྱུར།)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡང་བསྐྱར་ཁཱང་ཆའོ་དང་གྱེས་པ།

2008-11-08 ཞུས་ཀྲི་མའོ། ཀློག་གྲངས། མཆན ཡོད།

འཇམ་ལྷོད་ལྷོད་ཀྱི་ང་རང་བུད་ལ་འགྲོ། 
ཏག་ཏག་ང་རང་འཇམ་ལྷོད་ལྷོད་ངང་ཡོང་བ་ནང་བཞིན། 
ངས་འཇམ་ལྷོད་ལྷོད་ཀྱི་ཕྱག་ཟུང་གཡུག་བཞིན། 
ནུབ་མཐའི་ཆུ་འཛིན་ཕུང་བོར་གྱེས་ཕྱག་བཞག

གཙང་ཆབ་ངོགས་ཀྱི་ལྕུག་ཕྲན་དག་ནི། 
མཚམས་སྤྲིན་ཀློང་གི་བག་གསར་ཡིན་ལ།
འོད་རླབས་ཁྲོད་ཀྱི་སྣང་བརྙན་དག་ནི། 
 ངའི་སེམས་ཁ་ན་འཁྱོམ་ཞིང་གཡོ།

འདམ་སྙིའི་སྟེང་གི་རྩྭ་ལྗང་དག  
སྣུམ་ཤིག་ཤིག་གིས་ཆུ་གཏིང་ནས་ངོམ་ངོམ་བྱས་པས།
ཁཱང་ཆུ་ཡི་འཇམ་པའི་རླབས་ཕྲེང་བར་ནས།  
ངའང་ཆུ་རྩྭ་རྐང་གཅིག་བྱས་ན་འདོད།

ཡོ་འབོག་གི་བསིལ་གྲིབ་འོག་གི་རྫིང་བུ་དེ་ནི། 
དྭངས་གསལ་གྱི་ཆུ་མིག་མ་ཡིན་པར།
མཁའ་ཡི་འཇའ་ཚོན་སྔོ་རྩྭའི་ཁྲོད་ན་མཉེན་རལ་དུ་གྱུར་ཅིང༌། 
འཇའ་ཚོན་ལྟ་བུའི་རྨི་ལམ་བཞིན་སྙིགས་ཡོད་པ་དེའོ།

རྨི་ལམ་འཚོལ་ལམ། 
སྨྱུག་མའི་དབྱུག་རིང་ཅིག་སྐྱོར་བཞིན།
རྩྭ་ལྗང་དག་སྔར་ལས་ཀྱང་ལྗང་མདོག་གི་གནས་ཕུགས་སུ་བསྐྱལ།  
སྐར་མའི་ཚོམ་བུ་གྲུ་ཡིས་ཐེག་ཚད་ཅིག་བཀངས་ནས།  
ཁྲ་ཚོམ་སྐར་ཚོགས་ཀྱི་ཀློང་ནས་གཞས་དབྱངས་བཏང༌།


འོན་ཀྱང་ངས་གཞས་དབྱངས་གཏོང་མི་ཉན་ཏེ། 
འཇམ་ཐིང་ཐིང་ནི་གྱེས་ཁའི་རོལ་དབྱངས་ཡིན།
ཐ་ན་དབྱར་ཁའི་འབུ་སྲིན་དག་གིས་ཀྱང་ངའི་ཆེད་དུ་ཁ་རོག་སྡོད་པའི་རྟུལ་ཞུགས་བཟུང་ལ།
ཁ་རོག་སྡོད་པའི་རྟུལ་ཞུགསས་འཛིན་པ་ནི་དོ་དགོང་གི་ཁཱང་ཆའོ་ཉིད།

འཇམ་ཐིང་ཐིང་གི་ང་རང་བུད་ལ་འགྲོ།   
ཏག་ཏག་ང་རང་འཇམ་ཐིང་ཐིང་ངང་ཡོང་བ་ཇི་བཞིན།  
ངས་རང་གི་ལྭ་བའི་ཕུ་ཐུང་གཡུག་གཡུག་ཙམ་བྱས་པར། 
སྤྲིན་པའི་ཕུང་བོ་ཙམ་ཡང་མི་འཁྱེར་ལགས། 
                                                   ༡༩༢༨ལོའི་ཟླ ༡༡པའི་ཚེས་༦ཉིན་ལ།
     (རྨ་བུས་བསྒྱུར།)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།