འཇིགས་སྐུལ་རིང་ལུགས་པས་ལྐོག་ན་བལྟས་འདུག

རྨིའོ་ཧྲི།(ཕོ་ལན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

འགད་རྫས་དེ་ཕྱི་དྲོ་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་ཆང་ཁང་ནས་འགད་རྒྱུ་རེད
ད་ལྟ་ད་དུང་ཕྱི་དྲོའི་ཆུ་ཚོད་གཅིག་དང་སྐར་མ་བཅུ་དྲུག་ལས་མ་རེད
མི་རྣམས་ད་དུང་ནང་ལ་འཛུལ་བ་དང
རེ་འགའ  ད་དུང་ཕྱིར་ཐོན་པའི་དུས་ཚོད་མང་དུ་ལྷག་འདུག

འཇིགས་སྐུལ་རིང་ལུགས་པ་སྲང་ལམ་གྱི་ཕར་ངོ་ལ་སླེབས་ཤིང
བར་ཐག་འདིས་ཁོ་ལ་ཉེན་ཁ་ཅི་ཡང་བཟོ་མི་སྲིད་པས
གར་ཁང་ནས་མིག་གི་ལྟད་མོར་རོལ་བ་དང་གཉིས་སུ་མ་མཆིས

ཕྱི་ལྭ་སེར་བོ་གྱོན་པའི་བུད་མེད་ཅིག་ནང་དུ་འཛུལ་སོང
ཤེལ་ནག་གྱོན་པའི་སྐྱེས་པ་ཞིག་ཕྱི་ལ་བུད་ཡོང
གླང་རྫིའི་དོར་མ་གྱོན་པའི་གཞོན་ནུ་ཚོ་ལབ་གླེང་ལ་བྲེལ་འདུག
གཏེ་བོ་དེའི་ལས་ཡག་པ་ལ  ཁོས་སྦག་སྦག་བཅིབས་ནས་བུད་སོང
གཟུགས་རིང་དེའི་ལས་བཙོག་པ་ལ   ཁོ་གོམ་སྟབས་ཆེན་པོས་ཆང་ཁང་ལ་འཛུལ་སོང

ཆུ་ཚོད་གཅིག་དང་སྐར་མ་བཅུ་བདུན   སྐར་ཆ་བཞི་བཅུའི་ཐོག
བུ་མོ་སྒོ་ལ་ཐོན་ཡོང  མོས་དར་སིའི་སྐྲ་ཆིངས་ལྗང་ཁུ་ཞིག་བཅིངས་འདུག
ཨོ་ཐན་ལྟས   རླངས་འཁོར་ཞིག་གིས་ཁོ་མོ་བསྒྲིབས་སོང
ཆུ་ཚོད་གཅིག་དང་སྐར་མ་བཅོ་བརྒྱད་སྟེང
བུ་མོ་དེ་རིག་རྒྱུ་མི་འདུག
མོ་གླེན་དྲགས་ནས་ཕྱིར་འཛུལ་སོང་བ་ཡིན་སྲིད་དམ
དེ་ནི་མོ་ཚོས་ཁོ་མོ་པང་ནས་ཡོང་དུས་ཤེས་སྲིད

ཆུ་ཚོད་གཅིག་དང་སྐར་མ་བཅུ་དགུའི་སྟེང
ནང་ལ་འགྲོ་མཁན་གྱི་མི་བྱུང་མ་སོང
འོན་ཀྱང་ལུས་རྒྱགས་ཤིང་ཀླད་པ་དམར་པོ་ཅན་ཞིག་སྒོ་ལ་ཐོན་ཡོང
ཁོས་གློ་ཁུག་དག་ལས་ཅི་ཞིག་འཚོལ་བཞིན་པ་འདྲ
སྐར་མ་ཉི་ཤུ་ལ་སྐར་ཆ་བཅུ་ཙམ་ཆད་དུས
ཁོ་ལག་ཤུབས་སྡུག་ཅག་དེ་འཚོལ་ཕྱིར་ནང་དུ་འཛུལ་སོང

ད་ལྟ་ནི་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་རེད
དུས་ཚོད་འགྲོ་བ་ནི་ཅི་འདྲའི་དལ་ཨང
ད་རན་སོང་ཨང
ད་དུང་གད་མ་སོང
ཨོ་རེད  ད་རན་སོང
འགད་རྫས་གད་སོང

                 (གཡག་བུ་དཔལ་རྩལ་གྱིས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇིགས་སྐུལ་རིང་ལུགས་པས་ལྐོག་ན་བལྟས་འདུག

2008-11-08 རྨིའོ་ཧྲི།(ཕོ་ལན) ཀློག་གྲངས། མཆན ཡོད།

འགད་རྫས་དེ་ཕྱི་དྲོ་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་ཆང་ཁང་ནས་འགད་རྒྱུ་རེད
ད་ལྟ་ད་དུང་ཕྱི་དྲོའི་ཆུ་ཚོད་གཅིག་དང་སྐར་མ་བཅུ་དྲུག་ལས་མ་རེད
མི་རྣམས་ད་དུང་ནང་ལ་འཛུལ་བ་དང
རེ་འགའ  ད་དུང་ཕྱིར་ཐོན་པའི་དུས་ཚོད་མང་དུ་ལྷག་འདུག

འཇིགས་སྐུལ་རིང་ལུགས་པ་སྲང་ལམ་གྱི་ཕར་ངོ་ལ་སླེབས་ཤིང
བར་ཐག་འདིས་ཁོ་ལ་ཉེན་ཁ་ཅི་ཡང་བཟོ་མི་སྲིད་པས
གར་ཁང་ནས་མིག་གི་ལྟད་མོར་རོལ་བ་དང་གཉིས་སུ་མ་མཆིས

ཕྱི་ལྭ་སེར་བོ་གྱོན་པའི་བུད་མེད་ཅིག་ནང་དུ་འཛུལ་སོང
ཤེལ་ནག་གྱོན་པའི་སྐྱེས་པ་ཞིག་ཕྱི་ལ་བུད་ཡོང
གླང་རྫིའི་དོར་མ་གྱོན་པའི་གཞོན་ནུ་ཚོ་ལབ་གླེང་ལ་བྲེལ་འདུག
གཏེ་བོ་དེའི་ལས་ཡག་པ་ལ  ཁོས་སྦག་སྦག་བཅིབས་ནས་བུད་སོང
གཟུགས་རིང་དེའི་ལས་བཙོག་པ་ལ   ཁོ་གོམ་སྟབས་ཆེན་པོས་ཆང་ཁང་ལ་འཛུལ་སོང

ཆུ་ཚོད་གཅིག་དང་སྐར་མ་བཅུ་བདུན   སྐར་ཆ་བཞི་བཅུའི་ཐོག
བུ་མོ་སྒོ་ལ་ཐོན་ཡོང  མོས་དར་སིའི་སྐྲ་ཆིངས་ལྗང་ཁུ་ཞིག་བཅིངས་འདུག
ཨོ་ཐན་ལྟས   རླངས་འཁོར་ཞིག་གིས་ཁོ་མོ་བསྒྲིབས་སོང
ཆུ་ཚོད་གཅིག་དང་སྐར་མ་བཅོ་བརྒྱད་སྟེང
བུ་མོ་དེ་རིག་རྒྱུ་མི་འདུག
མོ་གླེན་དྲགས་ནས་ཕྱིར་འཛུལ་སོང་བ་ཡིན་སྲིད་དམ
དེ་ནི་མོ་ཚོས་ཁོ་མོ་པང་ནས་ཡོང་དུས་ཤེས་སྲིད

ཆུ་ཚོད་གཅིག་དང་སྐར་མ་བཅུ་དགུའི་སྟེང
ནང་ལ་འགྲོ་མཁན་གྱི་མི་བྱུང་མ་སོང
འོན་ཀྱང་ལུས་རྒྱགས་ཤིང་ཀླད་པ་དམར་པོ་ཅན་ཞིག་སྒོ་ལ་ཐོན་ཡོང
ཁོས་གློ་ཁུག་དག་ལས་ཅི་ཞིག་འཚོལ་བཞིན་པ་འདྲ
སྐར་མ་ཉི་ཤུ་ལ་སྐར་ཆ་བཅུ་ཙམ་ཆད་དུས
ཁོ་ལག་ཤུབས་སྡུག་ཅག་དེ་འཚོལ་ཕྱིར་ནང་དུ་འཛུལ་སོང

ད་ལྟ་ནི་ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་རེད
དུས་ཚོད་འགྲོ་བ་ནི་ཅི་འདྲའི་དལ་ཨང
ད་རན་སོང་ཨང
ད་དུང་གད་མ་སོང
ཨོ་རེད  ད་རན་སོང
འགད་རྫས་གད་སོང

                 (གཡག་བུ་དཔལ་རྩལ་གྱིས་བསྒྱུར)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།