རང་བྱུང་ཁམས་ཆེན་མོ།
བདག་གིས་ཁྱོད་ཀྱི་རྣ་ལམ་དུ་སྒྲོན་པར་བྱ།
ཁོ་མོ་ནི་མཛེས་སྡུག་བརྟན་བརྗིད་ཀྱི་བུད་མེད་ཅིག་སྟེ།
ཉ་མོ་སྔོ་ལ་ཆུང་བ་དག་ནི་ཁོ་མོའི་ཆུ་རྫ་ཡིན་ལ།
ཁོ་མོས་ཕུད་ཟིན་པའི་གོན་པའང་ཡིན།
ཁོ་མོ་ཤ་དྲོད་ཀྱིས་ཁྱོད་ལ་དགའ་ངེས་ཤིང༌།
དམངས་གཞས་ཀྱི་ཁྲོད་ནས་དུས་ཡུན་རིང་པོར་ཁྱོད་ལ་དགའ་ངེས།
ཁྱོད་ཀྱིས་ཁོ་མོའི་མགོ་རྔ་ཐམས་ཅད་ལ་གཟིགས་ཤིང༌།
སྐབས་འགར་ཁོ་མོའི་ལུས་པོ་ལའང་རེག་བྱུང༌།
ཁྱོད་རང་ཤིང་སྡོང་གོར་མོ་རུ་ཙོག་ནས་ཁོ་མོ་ལ་འོ་བྱས།
ཤིང་སྡོང་གི་ལོ་མ་རེ་རེའང་ཁོ་མོའི་མཆུ་སྒྲོས་ལགས།
འོན་ཀྱང་ཁྱོད་ཀྱིས་ཁོ་མོ་མཐོང་མ་བྱུང༌།
ད་དུང་ཡང་མཐོང་མ་བྱུང༌།
ཡིན་ནའང་ཁོ་མོ་སྔར་བཞིན་རྒྱང་ཐག་རིང་ས་ན་ཁྱོད་ལ་དགའ་བཞིན་ཡོད།
1986
(ལྡོང་བུས་བསྒྱུར།)
རྩོམ་ཁུངས། ངེད་དྲ་བ།