རྒྱང་རིང་།
རྒྱང་རིང་ན་རྒྱང་རིང་ཁོ་ན་ཉིད་ལས་ཅི་ཡང་མེད།
རྒྱང་རིང་གི་ནས་འབྲུའི་ཞིང་ས་རུ།
ནས་འབྲུ་ཁོ་ན་ཉིད་ལས་ཅི་ཡང་མེད།
རྒྱང་ཐག་ཇི་ལྟར་རིང་ན་དེ་ལྟར་ཁེར་རྐྱང་ལགས།
རྒྱང་རིང་ལགས། རྒྱང་རིང་ཁོ་ན་ཉིད་ལས་ཅི་ཡང་མེད།
སྐབས་འདིར།
རྡོ་བ་བདག་གི་འགྲམ་དུ་འཕུར་ནས་འོངས།
རྡོ་བ་ལས་ཁྲག་དམར་མཆེད་ཅིང༌།
རྡོ་བ་ལས་གཅེན་དང་གཅུང་མོ་སྤུན་བདུན་འཁྲུངས།
ཉམ་ཐག་པའི་རྩྭ་ཐང་གི་སྟེང་དུ་ལངས་ནས་ཡོད།
སྐབས་དེར་བདག་ནི་རྒྱང་རིང་ན་ཡོད།
སྐབས་དེར་ང་ལ་རང་དབང་ལྡན་ཞིང་འབྱོར་བ་བྲལ།
ལག་པས་རེག་ཐབས་བྲལ་བའི་གཅེན་དང་གཅུང་མོ་འདི་དག
རེག་ཐབས་བྲལ་བའི་ཁྲག་དམར་དང༌།
རེག་ཐབས་བྲལ་བའི་རྒྱང་རིང་གི་བདེ་སྐྱིད།
རྒྱང་རིང་གི་བདེ་སྐྱིད་ནི་སྡུག་བསྔལ་ག་ཚོད་ཅིག་ཡིན།
1988.8.19ས་སྐྱའི་མཚན་མོར། 8.21ལྷ་ས་རུ།
(ལྡོང་བུས་བསྒྱུར་ཅིང་སྒིས་འཇམ་དབྱངས་དབང་ཕྱུག་གིས་པར་བརྒྱབ)
རྩོམ་ཁུངས། ངེད་དྲ་བ།