རིན་ཐང་བྲལ་བའི་མི་ཡུལ་དུ་འཚོ་བ།
རིན་ཐང་བྲལ་བའི་མི་ཡི་ཡུལ་དུ་འཚོ།
ཉི་མའི་ཚ་བ་རྒོད་ཅིང༌།
ཆུ་རིས་ལ་འཇམ་བག་ལྡན།
སྤྲིན་དཀར་བརྩེགས་མས་བཀླུབས།
ང་རང༌།
རྩྭ་ལྗང་སྟེང་དུ་སྤོས་ཤིང༌།
རང་ཉིད་ནི་གཙང་ལ་དག་པའི་ས་ནག་རྡོག་པོ་ཞིག་ཡིན་པ་ཤེས།
རིན་ཐང་བྲལ་བའི་མི་ཡི་ཡུལ་དུ་འཚོ།
ས་འདམ་མཐོ་རུ་འཁྱོམ་སྟེ།
ངོ་གདོང་ལ་ཕོག
རིན་ཐང་བྲལ་བའི་མི་ཡི་ཡུལ་དུ་འཚོ།
མིའི་རིགས་དང་སྐྱེ་དངོས་ལ་གཅིག་ཏུ་བདེ་སྐྱིད་ལྡན་ཞིང༌།
བརྩེ་དུང་དང་ཆར་ཆུ་ལ་གཅིག་ཏུ་བདེ་སྐྱིད་ལྡན།
1985.1.12
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།