སྡེ་གྲོང་།
བོད་ལྗོངས་ཀྱི་སྡེ་གྲོང༌།
གསང་བ་ཡི་སྡེ་གྲོང༌།
སེམས་ཁྲལ་གྱི་སྡེ་གྲོང༌།
ཁྱོད་རང་ལམ་འགྲམ་དུ་ཉལ།
ཁྱོད་ཀྱི་རུས་ལིས་མིན་ལ་ཝང་ཡང་མ་ཡིན།
ཁྱོད་རང་གནས་ལ་འགྲོ་སའི་སྐྱེས་པ་ཡི།
གཤིས་རྒྱུད་ག་འདྲ་ལགས།
གསང་བ་ཡི་སྡེ་གྲོང༌།
སེམས་ཁྲལ་གྱི་སྡེ་གྲོང༌།
ཁྱོད་ལ་བྱིས་པ་དུ་བཙས་ཤིང༌།
སྙིང་གི་བུ་མོ་སུ་སུ་སྔར་ནས་རྒྱང་དུ་གནས་ལ་སོང༌།
གསང་བ་ཡི་སྡེ་གྲོང༌།
སེམས་ཁྲལ་གྱི་སྡེ་གྲོང༌།
དར་ལྕོག་རླུང་བུས་གཡུག་དུས།
ཁྱོད་རང་ནི་མི་མེད་པའི་སྡེ་གྲོང་ཤིག་དང་ཅི་འདྲའི་མཚུངས།
ཁ་དོག་སྣ་ལྔའི་དར་ལྕོག་ངའི་རྨས་ཟིན་པའི་སྐྲ་ལོ་དང་འདྲ་བར་རླུང་ཁྲོད་ན་འཕྱོ་དུས།
ཁྱོད་རང་ནི་མི་མེད་པའི་སྡེ་གྲོང་ཞིག་དང་ཅི་འདྲའི་མཚུངས།
བོད་རིགས་ཡུལ་མི་ཚོ་ཁང་ཀླད་ན་བདེ་བར་གཉིད་ལ་ཞུགས་དུས།
ཁྱོད་རང་ནི་མི་མེད་པའི་སྡེ་གྲོང་ཞིག་དང་ཇི་འདྲའི་མཚུངས།
མཐའ་འཁོར་གྱི་ས་གྱང་དུ་བྱམས་བརྩེ་ཡི་ཆོས་སྐུ་བྲིས་བ་དང་འདྲ་བར།
ཁྱོད་རང་ནི་མི་མེད་པའི་སྡེ་གྲོང་ཞིག་དང་ཅི་འདྲའི་མཚུངས།
1986.12.15
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།