དབྱར་གྱི་ཉི་མ།
དབྱར་ཁ།
གལ་ཏེ་རྒྱ་སྲང་འདི་ན་ལྷམ་བཟོ་བ་ཞིག་མེད་པའི་ཚེ།
ང་རང་རྐང་རྗེན་དུ་བུད་ནས།
ཉི་མའི་འོག་ཏུ་བསྡད་དེ་ཉི་མ་ལ་ལྟ་དགོས་འདུག
ངས་བསམ་ན་ཉིན་དཀར་ལ་སྐྱེ་བཞིན་པའི་བྱིས་པ་དག་ནི།
བསམ་གཟས་ནས་སྐྱེས་པ་ཡིན་སྲིད།
ཁྱོད་ནི་མི་ཡུལ་ལ་ཐེངས་གཅིག་སླེབས་པའི་ཚེ།
ཁྱོད་ཀྱིས་ཉི་མ་ལ་ཐེངས་འགར་ལྟ་དགོས།
ཁྱོད་རང་དགའ་བའི་མི་དང་མཉམ་དུ།
རྒྱ་སྲང་ལ་སོང་ཞིང༌།
ཁོ་མོ་ལ་རྒྱུས་ལོན་ཡོད་དགོས་པ་མ་ཟད།
ད་དུང་ཉི་མ་ལའང་རྒྱུས་མངའ་ཡོད་དགོས།
(བདེ་ཐང་གི་བཟོ་བ་ཁ་ཅིག་གིས
ཉིན་གུང་ལ་ཤོག་དུད་འཐེན་གྱིན་འདུག)
དབྱར་གྱི་ཉི་མ།
ཉི་མ།
ལོ་དེར་ཡེ་ཤུ་མ་ཤུ་ཀ་མི་ཡུལ་ལ་སླེབས་ནས་ཀྱང༌།
ཉི་འོད་འདི་ཡི་འོག་ཏུ་ནར་སོན་པ་ལགས།
1985.1
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།