རྩྭ་ཐང་སྟེང་དུ།
གཅེར་བུར་བུད་པའི་མཐོན་པོའི་རྩྭ་ཐང་སྟེང་དུ།
བདག་གིས་འདི་དག་ཐམས་ཅད་ལ་ཡིད་ཆེས་བྱེད་དེ།
བདག་གི་རྐང་བ། རྒོད་མ་ཡི་སེམས་པ།
རོལ་རྨོད་གཉིས། སོ་བ་དང་ཆུ་ཐིགས།
མཐོ་སར་བུད་པའི་རྩྭ་ཐང་དེའི་སྟེང་དུ། སྤྲིན་པ་དཀར་བོ་རང་དགར་གཡོ།
བདག་གིས་སྐྱེས་ཐོབ་ཀྱི་ཤེས་རབ་ལ་ཡིད་ཆེས་བྱེད་དེ། ངང་རྒྱུད་རིང་བ་དང་ཚེ་ཐག་རིང་བ་ལའང༌།
སྐྱེ་བོ་ཞིག་ཡུན་གྱིས་དཀའ་སྡུག་གིས་བདག་ལ་དགའ་ངེས་པར་བདག་གིས་ཡིད་ཆེས་བྱེད།
ཁྱོད་མ་གཏོགས། མི་གཞན་ཞིག་ཡིན་མི་སྲིད་དེ།
འུ་གཉིས་མཐོང་བ་ཙམ་གྱིས་ཕན་ཚུན་ལ་སེམས་ཤོར།
མཐོ་སར་བུད་པའི་རྩྭ་ཐང་དེའི་སྟེང་དུ།
བདག་གིས་འདི་དག་ཐམས་ཅད་ལ་ཡིད་ཆེས་བྱེད་ལ།
བདག་གིས་འུ་གཉིས་མཐོང་བ་ཙམ་གྱིས་ཕན་ཚུན་ལ་སེམས་པ་ཤོར་ངེས་པར་ཡང་ཡིད་ཆེས་བྱེད།
1986.8.25
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།