ཞི་བདེ་རྒྱ་མཚོ་ལ་ཕུལ་བ།(འགྱུར་མི་འདྲ་བ་གཉིས་ཡོད)


བདག་གི་གཉེན་སྟོན་གྱིས་ཞི་བདེ་རྒྱ་མཚོ་ལ་མཚལ་དམར་བྱུགས།
བདག་གི་བག་གསར་ནི་ཞི་བདེ་རྒྱ་མཚོ་ལགས་ཏེ།
ཐ་ན་ཨེ་ཤ་ཡ་གླིང་ཆེན་ཀྱང་བདག་གི་མྱ་ངན་དང་ཞི་འཇམ་གྱི་བག་གསར་ལགས།
ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་གིས།    ཁྱོད་ཀྱི་ནང་རོལ་གྱི་ཁེར་རྐྱང་གི་ནམ་མཁའ་དམར་པོར་བསྒྱུར།

འཇིག་རྟེན་མགོན་པོའི་མྱ་ངན་གྱི་བག་གསར།  ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་གིས་དམར་པོར་བསྒྱུར།
ནམ་མཁའ།  ཁྱོད་ཀྱི་ནང་རོལ་གྱི་ཁེར་རྐྱང་གི་རྒྱ་མཚོ།
ཁྱོད་ཀྱི་མཛེས་སྡུག་གི་སྐྲ་ལོ་ནི།
ཞི་བདེ་རྒྱ་མཚོ་ཡི་ནུབ་ཁ་དང་འདྲ་བོ་འདུག

            1989.2
                    (ལྡོང་བུས་བསྒྱུར)

ངའི་གཉེན་སྟོན་གྱིས་ཞི་བདེ་རྒྱ་མཚོར་དམར་ཚོས་བྱུགས
ངའི་བག་གསར་ནི་ཞི་བདེ་རྒྱ་མཚོ་ཡིན་ལ
ཐ་ན་ཡ་གླིང་ཡང་ངའི་མྱ་ངན་དང་ལྷིང་འཇགས་ཀྱི་བག་རོགས་ཡིན
ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་གིས་ཁྱོད་ཀྱི་ནང་རོལ་བའི་ཁེར་རྐྱང་གི
མཁའ་དབྱིངས་ལ་དམར་ཚོས་བྱུགས

གནམ་བདག་མྱ་ངན་བྱེད་པའི་བག་གསར
ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་ལ་དམར་ཚོས་བྱུགས
མཁའ་དབྱིངས་ནི  ཁྱོད་ཀྱི་ནང་རོལ་བའི་ལྷིང་འཇགས་ཀྱི་རྒྱ་མཚོ་དང
ཁྱོད་ཀྱི་མཛེས་སྡུག་གི་སྐྲ་ལོ་ནི
ཞི་བདེ་རྒྱ་མཚོའི་ས་སྲོས་དང་འདྲ
            1989.2
                              (རྨ་བུས་བསྒྱུར།)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞི་བདེ་རྒྱ་མཚོ་ལ་ཕུལ་བ།(འགྱུར་མི་འདྲ་བ་གཉིས་ཡོད)

2009-03-25 ཧེ་ཙི། ཀློག་གྲངས། མཆན ཡོད།


བདག་གི་གཉེན་སྟོན་གྱིས་ཞི་བདེ་རྒྱ་མཚོ་ལ་མཚལ་དམར་བྱུགས།
བདག་གི་བག་གསར་ནི་ཞི་བདེ་རྒྱ་མཚོ་ལགས་ཏེ།
ཐ་ན་ཨེ་ཤ་ཡ་གླིང་ཆེན་ཀྱང་བདག་གི་མྱ་ངན་དང་ཞི་འཇམ་གྱི་བག་གསར་ལགས།
ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་གིས།    ཁྱོད་ཀྱི་ནང་རོལ་གྱི་ཁེར་རྐྱང་གི་ནམ་མཁའ་དམར་པོར་བསྒྱུར།

འཇིག་རྟེན་མགོན་པོའི་མྱ་ངན་གྱི་བག་གསར།  ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་གིས་དམར་པོར་བསྒྱུར།
ནམ་མཁའ།  ཁྱོད་ཀྱི་ནང་རོལ་གྱི་ཁེར་རྐྱང་གི་རྒྱ་མཚོ།
ཁྱོད་ཀྱི་མཛེས་སྡུག་གི་སྐྲ་ལོ་ནི།
ཞི་བདེ་རྒྱ་མཚོ་ཡི་ནུབ་ཁ་དང་འདྲ་བོ་འདུག

            1989.2
                    (ལྡོང་བུས་བསྒྱུར)

ངའི་གཉེན་སྟོན་གྱིས་ཞི་བདེ་རྒྱ་མཚོར་དམར་ཚོས་བྱུགས
ངའི་བག་གསར་ནི་ཞི་བདེ་རྒྱ་མཚོ་ཡིན་ལ
ཐ་ན་ཡ་གླིང་ཡང་ངའི་མྱ་ངན་དང་ལྷིང་འཇགས་ཀྱི་བག་རོགས་ཡིན
ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་གིས་ཁྱོད་ཀྱི་ནང་རོལ་བའི་ཁེར་རྐྱང་གི
མཁའ་དབྱིངས་ལ་དམར་ཚོས་བྱུགས

གནམ་བདག་མྱ་ངན་བྱེད་པའི་བག་གསར
ཁྱོད་རང་ཉིད་ཀྱི་ཟུངས་ཁྲག་ལ་དམར་ཚོས་བྱུགས
མཁའ་དབྱིངས་ནི  ཁྱོད་ཀྱི་ནང་རོལ་བའི་ལྷིང་འཇགས་ཀྱི་རྒྱ་མཚོ་དང
ཁྱོད་ཀྱི་མཛེས་སྡུག་གི་སྐྲ་ལོ་ནི
ཞི་བདེ་རྒྱ་མཚོའི་ས་སྲོས་དང་འདྲ
            1989.2
                              (རྨ་བུས་བསྒྱུར།)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།