ཨེ་ཤ་ཡ་གླིང་ཆེན་གྱི་ཟངས།
ཨེ་ཤ་ཡ་གླིང་ཆེན་གྱི་ཟངས། ཨེ་ཤ་ཡ་གླིང་ཆེན་གྱི་ཟངས།
སྤོ་བོ་གནས་འདི་རུ་ཚེ་ལས་འདས་ཤིང༌། ཨ་ཕ་ཡང་གནས་འདི་རུ་ཚེ་ལས་འདས། ང་རང་ཡང་གནས་འདི་རུ་ཚེ་ལས་འདས་སྲིད།
ཁྱོད་ནི་མི་རྣམས་དུར་དུ་སྦ་བའི་གནས་ཡུལ་ཁོ་ན་ལགས།
ཨེ་ཤ་ཡ་གླིང་ཆེན་གྱི་ཟངས། ཨེ་ཤ་ཡ་གླིང་ཆེན་གྱི་ཟངས།
ཐེ་ཚོམ་ཟ་བ་དང་གཤོག་འགྱུར་བྱེད་པ་ལ་སྤྲོ་བའི་འདབ་ཆགས། ཡོད་ཚད་འོག་ཏུ་ནུབ་པར་བྱེད་མཁན་ནི་མཚོ་མོ་ལགས།
འོན་ཏེ་ཁྱོད་ཀྱི་བདག་པོ་ནི་རྩྭ་ལྗང་ཡིན། རང་གི་ཉག་ཕྲ་བའི་སྐེད་པ་རུ་གཞི་བཅས་ཏེ། རི་སྐྱེས་མེ་ཏོག་གི་ལག་མཐིལ་དང་གསང་བ་བསྲུངས།
ཨེ་ཤ་ཡ་གླིང་ཆེན་གྱི་ཟངས། ཨེ་ཤ་ཡ་གླིང་ཆེན་གྱི་ཟངས།
མཐོང་བྱུང་ངམ། ཕུག་རོན་དཀར་མོ་དེ་གཉིས། ཁོ་ཚོ་ནི་ཆུས་ཡོན*གྱིས་གྲམ་ཐང་དུ་བོར་བརླག་ཐེབས་པའི་རྐང་ལྷམ་དཀར་པོ་ལགས།
ང་ཚོས་ལྷན་དུ། ང་ཚོ་དང་གཙང་པོས་མཉམ་གཅིག་ཏུ། ཁོ་ཚོ་གོན་པར་ཞུ།
ཨེ་ཤ་ཡ་གླིང་ཆེན་གྱི་ཟངས། ཨེ་ཤ་ཡ་གླིང་ཆེན་གྱི་ཟངས།
རྔ་བོ་བརྡུངས་རྗེས། འུ་ཅག་གིས་མཚན་མོའི་མུན་པའི་ཁྲོད་ཞབས་བྲོ་རྒྱག་གིན་པའི་སྙིང་ཁམས་ལ་ཟླ་བ་ཞེས་འབོད་ཅིང༌།
ཟླ་བ་འདི་གཙོ་བོར་ཁྱོད་ཀྱིས་གྲུབ་ཡོད།
1984
(ལྡོང་བུས་བསྒྱུར)
སྒྱུར་པ་པོའི་མཆན།
*ཆུས་ཡོན། (སྤྱི་ལོ་གོང་གི339?----སྤྱི་ལོ་གོང་གི278?)ཀྲན་གོ་དུས་མཇུག་གི་ཁྲུའུ་གོའི་མི། ཕུལ་དུ་བྱུང་བའི་ཆབ་སྲིད་པ་དང་རྒྱལ་གཅེས་སྙན་ངག་
པ། སྙན་ངག་གཙོ་བྱས་པའི་བརྩམས་ཆོས་འབོར་ཆེན་བརྩམས་གྲུབ་གནང༌། ལོ་རྒྱུས་སུ་ཁོ་ལུགས་རྙིང་གི་ཟླ་ལྔ་བར་ཆུ་ལ་མཆོངས་ནས་རང་སྲོག་བཅད་
པས། དེང་དུས་ཙི་ནའི་ལུགས་སུ་ཟླ་ལྔ་བར་འབྲས་ཐུམ་ཟ་བ(རྒྱའི་སྐད་དུ粽子)དང་འབྲུག་གྲུ་འགྲན་སྡུར་བྱེད་པའང་ཁོང་ལ་རྗེས་དྲན་ཞུ་བའི་
ཆེད་དུ་ཡིན་པར་བཤད། 1953ལོར“འཛམ་གླིང་རིག་གནས་མི་སྣ་གྲགས་ཅན་བཞི”ཡི་གྲས་སུ་བདམས་ཏེ། འཛམ་གླིང་ཞི་བདེ་ལས་འཛིན་ལྷན་
ཚོགས་དང་འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་རྗེས་དྲན་མཛད།
རྩོམ་ཁུངས། ངེད་དྲ་བ།