རོལ་དབྱངས་འཁྱར་བོ།

               དང་པོ།
ཁྱོད་རང་ང་ཡི་ཕུ་བོ་ལགས་ན་ཁྱོད་ཀྱིས་ང་ལ་ལག་གཡུག་བྱོས།
ཁྱོད་རང་ང་ཡི་ཕུ་བོ་མིན་ན་ཁྱོད་རང་ཁྱོད་ཀྱི་ལམ་ལ་སོང༌།

སྒྲོན་མེ་ཆུང་ཆུང༌།   སྒྲོན་མེ་ཆུང་ཆུང༌།  ཁོ་ཡིས་གཏིང་དུ་སྦས་པའི་སྤྱན་རས་ཡར་འདེགས་རོགས།

ཁྱོད་ཀྱི་ནགས་ཚལ་ཆེ་ལ་ནག
ཁྱོད་ཀྱི་དཀྱིལ་རྟར་བདེ་བ་བྲལ།
ཁྱོད་ཀྱི་མཆུ་སྒྲོས་མངར་ཞིང་རྒོད།
ཁྱོད་ཀྱི་སྐྱེས་པ----------ད་དུང་སྤུན་ཟླ་ལགས།

སྒྲོན་མེ་ཆུང་ཆུང༌།   སྒྲོན་མེ་ཆུང་ཆུང༌།  ཁོ་ཡིས་གཏིང་དུ་སྦས་པའི་སྤྱན་རས་ཡར་འདེགས་རོགས།

ཁྱོད་རང་ང་ཡི་ཕུ་བོ་ལགས་ན་ཁྱོད་ཀྱིས་ང་ལ་ལག་གཡུག་བྱོས།
ཁྱོད་རང་ང་ཡི་ཕུ་བོ་མིན་ན་ཁྱོད་རང་ཁྱོད་ཀྱི་ལམ་ལ་སོང༌།

             གཉིས་པ།

ཕུག་རོན་དཀར་མོ།   ཕུག་རོན་དཀར་མོ། 
བདག་གི་མགོ་དཀྲིས་དམ་པོར་བསྡམས་པར་ཞུ།
རླུང་བུས་ཁྱེད་ཚོའི་ལུས་པོ་སྤུར་བ་ནི།
བདག་གི་མགོ་དཀྲིས་དཀར་པོ་སྤུར་བ་དང་འདྲ།

ཕུག་རོན་དཀར་མོ་ཕུག་རོན་དཀར་མོ་ཁྱོད་ཀྱིས་མ་གསུངས།
ཡིད་དུ་འོང་བའི་མགོ་བོ་སྟེ་ཉི་མ་ཆུང་ཆུང༌།
མཚན་མོར་སླེབས་ཚེ་ཟླ་བ་རུ་གྱུར་སོང༌།
ཕུག་རོན་དཀར་མོ་ཕུག་རོན་དཀར་མོ་ཁྱོད་ཀྱིས་མ་གསུངས།

          གསུམ་པ།

ལྷོ་རླུང་ཤིང་ལ་ཕོག་པས།
ཤིང་ལ་འབྲས་བུ་འཁྲུངས་སོང༌།
བདག་གིས་འོ་ཞིག་བྱས་པས།
ཤིང་འབྲས་སོ་ཡིས་བརྡོལ་སོང༌།

      བཞི་པ།

ཟླ་བ་ཟླ་བ་དལ་གྱིས་ཤར།
ཤིང་གི་མལ་ཁྲི་གསལ་བར་བྱས།
ཆུ་མོ་ཆུ་མོ་མགྱོགས་པོར་བཞུར།
ང་ཡི་སྙིང་ཤ་བརྒལ་ནས་སོང༌།

རྟ་རྐྱང་རྐྱང་བརྒལ་བས་ཆུ་མོ་དཀར་བོར་གྱུར།
རྟ་ནག་ནག་བརྒལ་བས་ཆུ་མོ་ནག་པོར་གྱུར།
འདི་ནི་གཙང་པོ་ཞིག་སྟེ།
ནམ་ཡང་སེམས་དཀྱིལ་ན་འབབ་པའི་གཙང་པོ་ལགས།

རྟ་རྐྱང་ཆུ་མོར་བརྒལ་བ་ནི་ཉ་གང་གི་ཟླ་བ།
རྟ་ནག་ཆུ་མོར་བརྒལ་བ་ནི་མར་ངོ་ཡི་ཟླ་བ།
འདི་ནི་ཟླ་བ་ཞིག་སྟེ།
ནམ་ཡང་མལ་ཁྲིའི་མགོ་རུ་གསལ་བའི་ཟླ་བ་ལགས།

1986.8
                (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རོལ་དབྱངས་འཁྱར་བོ།

2009-03-21 ཧེ་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།