སྐྱེས་སྐར།
རླུང་ལྡང་བྱུང༌།
ཉི་མ་ཡི་རོལ་དབྱངས། ཉི་མ་ཡི་རྟ་མཆོག
ཁྱོད་རང་ཉེ་འགྲམ་དུ་གནས། རྒྱང་རིང་དུ་གནས།
ཉ་མོ་ཁྱུ་ཞིག་ཉ་བ་རྒན་པོའི་རྗེས་སུ་འབྲང་བ་བཞིན། མྱོས་བུམ་རྒྱས་ནས་ཡོང༌།
ཕོར་ཐིའུ་ཀལ་གྱི་སྡེ་གྲོང༌། མྱོས་བུམ་རྒྱས་ནས་ཡོང༌།
ལུག་རྫི་ཡི་ཀོ་བའི་ལྕག་ཚན། མྱོས་བུམ་རྒྱས་ནས་ཡོང༌།
ང་ཚོ་སྟོན་ཁ་རུ་བཞུགས་དུས།
ས་གཞིར་སྟོན་རླུང་ལྡང་མགོ་བརྩམས།
སྟོན་གྱི་ཆར་བ། སྐབས་དང་སྐབས་སུ་འབབ།
ཁྱོད་རང་ཉེ་འགྲམ་དུ་གནས། རྒྱང་རིང་དུ་གནས།
སྐབས་དེ་དུས་ང་ཚོ་ཇི་འདྲའི་ཁེར་རྐྱང་དང༌།
ཇི་འདྲའི་རྒྱང་ཐག་རིང་ཨང༌།
ཡིན་ཡང་སྐབས་འདི་ནི་སྐྱེས་སྐར་ལགས།
ངས་སྒྲོན་མེ་བཀར་ལ་བག་གསར་གྱི་རྣ་བ་གཉིས་ཀའང་བཀར་ཏེ་གསལ་བར་བྱས།
སྐྱེ་བོ་གཞན་པ་དག་དང་རྟ་མཆོག་གི་རྣ་བ།
བྱང་ཕྱོགས་སུ་ཀྲོང་ངེར་ལངས——མཚན་མོ་དེའི་ཁང་བའི་ཀླད་དུ།
1988.5.སུབ་བཅོས།
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།