བོད་ལྗོངས།
བོད་ལྗོངས། ཁེར་རྐྱང་གི་ཕ་བོང་ཆེན་པོ་ཞིག་ནམ་མཁའ་ཡོངས་སུ་ཙོག་པུར་འདུག
མཚན་མོ་གང་གིས་ཀྱང་ང་རང་གཉིད་ལ་འཇུག་ཏུ་མ་ནུས་ཤིང༌།
སྐྱ་རེངས་གང་གིས་ཀྱང་ང་རང་སད་དུ་འཇུག་པར་མ་ནུས།
ཁེར་རྐྱང་གི་ཕ་བོང་ཆེན་པོ་ཞིག་ནམ་མཁའ་ཡོངས་སུ་ཙོག་པུར་འདུག
ཁོས་བཤད་རྒྱུར། མི་ལོ་ཆིག་སྟོང་འདིའི་རིང་ལ་ང་ནི་རང་ཉིད་ཁོ་ན་ལ་ཤ་ཚ་ཟེར།
ཁེར་རྐྱང་གི་ཕ་བོང་ཆེན་པོ་ཞིག་ནམ་མཁའ་ཡོངས་སུ་ཙོག་པུར་འདུག
མིག་ཆུ་གང་གིས་ཀྱང་ང་རང་མེ་ཏོག་ཏུ་བསྒྱུར་བར་མ་ནུས་ཤིང༌།
རྒྱལ་པོ་གང་གིས་ཀྱང་ང་རང་བཞུགས་ཁྲི་རུ་བྱེད་པ་མ་ནུས།
1988.8
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།