ལོ་ངོ་བདུན་བརྒྱའི་ཡར་སྔོན།
ལོ་ངོ་བདུན་བརྒྱའི་ཡར་སྔོན་ལ་འོད་སྟོང་འབར་བའི་ཕོ་བྲང་དེ་ད་ལྟ་སྦག་བཙོག་གིགྲོང་བརྡལ་ཆུང་ཆུང་ཞིག་ལགས།
ལོ་དེར་ང་རང་རྟ་ལ་བཅིབས་ནས་གྲོང་ལ་ཆས་ཤིང༌། ལག་ཏུ་ནས་འབྲུ་སྒྱེ་མོ་གང་ཐོགས།
ལོ་དེར་ང་ཡིས་ནས་འབྲུ་སྒྱེ་མོ་གང་གིས་མི་མགོ་བཅོ་བརྒྱད་བླུས་ཤིང༌།
གཞན་ཡང་མི་མགོ་དགུ་པོ་གྲོང་དུ་དུར་ལ་སྦས་ཏེ་གར་སོང་རྗེས་མེད་དུ་གྱུར།
བྲག་ཕུག་ཏུ་གཅན་གཟན་བཅུ་གཉིས་བྱ་རྒོད་དུ་འགྱུར་བར་རྨི་ལམ་རྨི་ཞིང༌། མགྲིན་གཅིག་ཏུ་སྨྲེ་ངག་འདོན།
འདི་ནི་རི་རྩེ་ཡི་བྲག་ཕུག་རྗེས་མ། ཨ་སྔོན་དབྱིངས་ལ་རེ་བ་འཆང༌།
གློ་བུར་དུ་ཚོར་བ་འདི་འདྲ་ཞིག་སྐྱེས་འོངས་ཏེ། ད་དུང་ཡང་སྔར་ལྟར་ལྟོགས་སྐོམ་གྱིས་མནར་ནས་ལམ་དུ་འགྲོ་བཞིན་ཡོད།
མུན་པའི་ཁྲོད་ངས་རང་ཉིད་ཀྱི་དམ་ཚིག་བྲིས་པ་ན། འཇིག་རྟེན་སླར་ཡང་གསལ་ཞིང་དྭངས་བར་གྱུར།
1988.8.18
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།