སྙན་ངག་རྐང་གཉིས་མ།
༡
མཚོ་མོ་ཡིས་བདག་གི
ཐུར་དུ་དཔྱངས་ཏེ་ཤི་ཟིན་པའི་མགོ་བོ་གསལ་བར་བྱས།
༢
བདག་ནི་ས་སྲོས་སུ་བདེ་བར་བཞག་པའི་གདུང་ཁྲི་ལགས་ཏེ་འཁོར་ལོ་ཡིས་བདག་གི་ངོ་ཚ་བའི་སྣང་བརྙན་འགེངས་པར་བྱས།
ཉི་ནུབ་ཀྱིས་མཚལ་དམར་བྱུགས་པའི་གཙང་ཆུ་ནི་ཁྲག་དམར་ཁོལ་གྱིས་འཕྱུར་ འོངས་བ་དང་མཚུངས།
༣
རླུང་ལྡང་བྱུང༌།
ཉི་མ་ཡི་རོལ་དབྱངས། ཉི་མ་ཡི་རྟ་མཆོག
༤
རྒྱང་རིང་རྒྱང་རིང་གི་གངས་རིས་གཡོགས་པའི་གཉེན་ཉེའི་དཀྱིལ་དུ།
ཁོ་ཡི་སླད་དུ་འབྲས་བུ་རི་མོར་འབྲི། མྱོས་བུམ་ཟུང་ཡང་རི་མོར་འབྲི།
༥
ནད་ཡམས་ཁྲོད་ཀྱི་ཆང་བཅུད་ནི།
མིག་འབྲས་ནག་པོ་ཆ་གཅིག་ལགས།
༦
ནུ་མོ་ཞར་སོང༌། འོན་ཀྱང་ཁོ་མོ་ལ་མཛུབ་མོ་དྲུག་ཡོད།
ཧི་མས་ཁོ་མོ་པང་དུ་བླངས་ནས་ཡོད།
༧
ཞི་འཇགས་ལ་ཤིན་ཏུ་དགའ།
གློག་དམར་ཁྲོད་ཀྱི་རྔོན་པ།
1986---1988
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།