ལོ་རྒྱུས།

འུ་ཅག་གི་མཆུ་སྒྲོས་ལ་ཐེངས་དང་པོར།
མཐིང་མདོག་གི་ཆུ་མོར་རེག་ཅིང༌།
རྫ་བུམ་བཀང་ནས་བཞག
ད་དུང་ལྷོ་ཕྱོགས་ན་འཚེར་བའི་སྐར་མ་དག
མེ་སོན།
ཆེས་ཐོག་མའི་ཡིད་སེམས་སྐྱོ་བའི་ཁ་བྲལ་ཐེངས།

ལོ་ཟླ་ལགས།

ཁྱོད་ནི་ལ་བ་ནག་པོ་གྱོན་པའི་སྐྱེ་བོ་ཞིག
ཐང་རྒོད་དུ་ཆེས་ཐོག་མའི་རྩི་ཤིང་རྙེད་ཅིང༌།
རྐང་བ་རུ་ས་ལ་བཙུགས་ཏེ།
ཕྱིར་འདོན་ཐབས་མ་བྱུང༌།
ཁེར་རྐྱང་གི་མེ་ཏོག་དེ་དག་ནི།
དཔྱིད་ཀས་བོར་བརླག་བྱུང་བའི་མཆུ་སྒྲོས་ལགས།

ལོ་ཟླ་ལགས།  ལོ་ཟླ།

སྤྱི་ལོ་སྔོན་གྱི་ང་ཚོ་ཆུང་དྲགས་ཤིང༌།
སྤྱི་ལོ་རྗེས་ཀྱི་ང་ཚོའང་རྒས་དྲགས་སོང༌།
སྐྱེ་བོ་སུ་ཞིག་གིས་ཀྱང་ཐེངས་དེའི་ལྷད་མེད་པའི་མཛེས་སྡུག་གི་འཛུམ་མདངས་དེ་མཐོང་མ་བྱུང༌།
འོན་ཀྱང་ང་ཡིས་ལག་པ་ཡར་ལ་བཀྱགས་ཏེ་སྒོ་མོ་བརྡུངས།
ཁྱེར་ཡོང་བའི་འདྲ་གཟུགས་མཚོན་པའི་ཡི་གེ།
ཐང་དུ་འཐོར་སོང༌།

ལོ་ཟླ་ལགས།
ལོ་ཟླ།

ཡུལ་ལ་ཐོན་བྱུང༌།
ངས་མགོ་ཡི་ཞ་མོ་དལ་གྱིས་བླངས་ཤིང༌།
རང་ལ་སྙིང་ཉེ་བའི་མི་ལ་བསྙེས་ཏེ།
མིག་ཟུང་བཙུམ།
གནའ་བོའི་ཟངས་སྐུ་ཞིག་ལྡེབས་ངོས་སུ་ཙོག་པུར་འདུག་ཅིང༌།
ཟངས་སྐུ་མིག་ཆུ་ཡིས་སིམ་པར་བྱས་འདུག

ལོ་ཟླ་ལགས།
1984
            (ལྡོང་བུས་བསྒྱུར)

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་རྒྱུས།

2009-03-20 ཧེ་ཙི། ཀློག་གྲངས། མཆན ཡོད།

འུ་ཅག་གི་མཆུ་སྒྲོས་ལ་ཐེངས་དང་པོར།
མཐིང་མདོག་གི་ཆུ་མོར་རེག་ཅིང༌།
རྫ་བུམ་བཀང་ནས་བཞག
ད་དུང་ལྷོ་ཕྱོགས་ན་འཚེར་བའི་སྐར་མ་དག
མེ་སོན།
ཆེས་ཐོག་མའི་ཡིད་སེམས་སྐྱོ་བའི་ཁ་བྲལ་ཐེངས།

ལོ་ཟླ་ལགས།

ཁྱོད་ནི་ལ་བ་ནག་པོ་གྱོན་པའི་སྐྱེ་བོ་ཞིག
ཐང་རྒོད་དུ་ཆེས་ཐོག་མའི་རྩི་ཤིང་རྙེད་ཅིང༌།
རྐང་བ་རུ་ས་ལ་བཙུགས་ཏེ།
ཕྱིར་འདོན་ཐབས་མ་བྱུང༌།
ཁེར་རྐྱང་གི་མེ་ཏོག་དེ་དག་ནི།
དཔྱིད་ཀས་བོར་བརླག་བྱུང་བའི་མཆུ་སྒྲོས་ལགས།

ལོ་ཟླ་ལགས།  ལོ་ཟླ།

སྤྱི་ལོ་སྔོན་གྱི་ང་ཚོ་ཆུང་དྲགས་ཤིང༌།
སྤྱི་ལོ་རྗེས་ཀྱི་ང་ཚོའང་རྒས་དྲགས་སོང༌།
སྐྱེ་བོ་སུ་ཞིག་གིས་ཀྱང་ཐེངས་དེའི་ལྷད་མེད་པའི་མཛེས་སྡུག་གི་འཛུམ་མདངས་དེ་མཐོང་མ་བྱུང༌།
འོན་ཀྱང་ང་ཡིས་ལག་པ་ཡར་ལ་བཀྱགས་ཏེ་སྒོ་མོ་བརྡུངས།
ཁྱེར་ཡོང་བའི་འདྲ་གཟུགས་མཚོན་པའི་ཡི་གེ།
ཐང་དུ་འཐོར་སོང༌།

ལོ་ཟླ་ལགས།
ལོ་ཟླ།

ཡུལ་ལ་ཐོན་བྱུང༌།
ངས་མགོ་ཡི་ཞ་མོ་དལ་གྱིས་བླངས་ཤིང༌།
རང་ལ་སྙིང་ཉེ་བའི་མི་ལ་བསྙེས་ཏེ།
མིག་ཟུང་བཙུམ།
གནའ་བོའི་ཟངས་སྐུ་ཞིག་ལྡེབས་ངོས་སུ་ཙོག་པུར་འདུག་ཅིང༌།
ཟངས་སྐུ་མིག་ཆུ་ཡིས་སིམ་པར་བྱས་འདུག

ལོ་ཟླ་ལགས།
1984
            (ལྡོང་བུས་བསྒྱུར)

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།