སྐྱ་རེངས།(ཟླ་བ་གཉིས་པའི་ཁ་བ། ཟླ་བ་གཉིས་པའི་ཆར་བ།)
ངས་ནི་ནམ་མཁའ་དང་ས་གཞི་ལ་གད་བརྡར་གཙང་མ་ཞིག་བྱས་ཏེ།
ངོ་ཡང་མི་ཤེས་པའི་སྐྱེ་བོ་ཞིག་ལ་ཕྱིར་སྤྲོད་རྒྱུ་ལགས།
བདག་གི་ཁེར་རྐྱང་གི་རེ་སྒུག མུན་པ་འཐིབ་པའི་རེ་སྒུག
ཟླ་གཉིས་པའི་ཁ་བ། ཟླ་གཉིས་པའི་ཆར་བ།
ཆུ་མིག་རང་དགར་བརྡོལ་ཞིང༌།
མེ་ཏོག་སུ་ཞིག་གི་ཆེད་དུ་ཁ་ཕྱེ།
ནམ་ཡང་འདི་ལྟ་བུའི་ཡིད་དུ་འོང་ལ་རྨས་སྐྱོན་ཕོག་པའི་གྲོ་འབྲུ་ཡིས།
དྲི་ཞིམ་སྩོལ་ཞོར། རི་སྒང་དུ་འགྲེང༌།
ཉམ་ཐག་པའི་ས་གཞི་ཡིས་ཉམ་ཐག་པའི་ནམ་མཁའ་ཡི་ཐོག་མདའ་བཟོད།
གསུང་རབ་ཀྱི་གོང་མ་ནི་བདག་ནི་གཤོག་པ་ལགས་ཏེ། གང་ལས་ཀྱང་གསལ་ལ།
ལན་རེར་མུན་པ་འཐིབ་པའི་དེ་རིང་ལྟ་བུའི་ཉིན་མོ།
གསུང་རབ་ཀྱི་འོག་མ་སྐྱུག་བྲོ་ལ་སྤྲོ་དགའ་ཆེ།
ལགས་ཏེ། དེ་ཡང་བདག་གི་རྨས་ཟིན་པའི་གཤོག་པ་ལགས།
ཉམ་ཐག་པའི་ས་གཞི་ཡིས་སྔར་ལས་ཀྱང་ཉམ་ཐག་པའི་ནམ་མཁའ་བཟོད་བཞིན་ཡོད།
བདག་གི་སྟོང་ལྷང་ལྷང་གི་ས་གཞི་དང་ནམ་མཁའ་ནི།
གོང་འོག་གཉིས་ཀྱིས་གྲུབ་པའི་གསུང་རབ་ཀྱི་དེབ་ཅིག་སྟེ།
བདག་གི་སླར་ཡང་གཤགས་ཟིན་པའི་ལུས་པོ་དང་རྐང་ལག་དུ།
ཟླ་གཉིས་པར་ཁང་ཆར་དང་མཆི་མ་བཞུར་གྱིན་འདུག
1989.2.22
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།